Skip to main content Skip to search
05 Feb 2016
7 min 3 sec
Samten Yeshi
Video Overview
Creators: 
Sonam Tobgye, Sangay Tshomo

Doney from Chaskhar gewog tells a story about a Chinese king and his servant. The story focuses on the perils of lying to others. If you work hard with a full heart, without lying and corruption, you will reap the rewards.

 

མོང་སྒར་རྫོང་ཁག་ སྤྱས་ཁར་རྒས་འོག་ལས་ དོ་གནས་གིས་ རྒྱ་ནག་རྒྱལཔོ་དང་ ཁོ་གིས་ལཱ་འབད་མི་སྐོར་ལས་ བཤད་འདི་ཡོདཔ་ཨིན་མས། སྲུང་འདི་གིས་ ང་བཅས་ར་གཅིག་གིས་གཅིག་ལུ་ ཤོབ་སླབ་མི་བཏུབ་ཟེར་བའི་ སྙིང་དོན་སྟོནམ་ཨིན་མས། ང་བཅས་ར་ ལྷག་བསམ་རྣམས་བདག་ཐོག་ལས་ ལཱ་འབད་བ་ཅིན་  ལེགས་སྐྱེས་ཡང་ ལེགས་ཤོམ་ཐོབ་ཟེར་ཨིན་མས། ང་བཅས་ར་ ངན་ལྷད་ལཱ་ འབད་ནི་མེད་འོང་ཟེར་ཨིན་མས།

 

Transcript search
No results found for this search
0 of 0
  • རྡོ་གནས།/Doney
    ཏེ་ བོད་ཀྱི་རྒྱལཔོ་དང་རྒྱ་ནག་རྒྱལཔོ་ཟེར་ སྡོད་ཡོདཔ་མས། ཁོང་གཉིས་ཀྱི་ལས་གཡོགཔ་ རིག་པའི་མཁས་མཆོག་ཟེར་སྡོད་ཡི་ལོ། དེ་ལས་ ཁོང་གཉིས་ལུ་རྟ་ཕོ་ཟླ་བ་དཀར་པོ་ཟེར་སྡོད་ཡོདཔ་མས།
  • རྡོ་གནས།/Doney
    ཏེ་ བོད་ཀྱི་རྒྱལཔོ་གིས་ རྒྱ་ནག་རྒྱལཔོ་ལུ་སླབ་ཡོདཔ་མས་ ངེའི་གཡོགཔ་རིག་པའི་མཁས་མཆོག་གི་ ཤོབ་སླབ་ནི་མས་ཟེར་ དེ་ལས་ རྒྱ་ནག་རྒྱལཔོ་གི་ ཤོབ་ཆུང་ཀུ་རེ་འདི་སླབ་དོ་འོང་ཟེརཝ་ད་ ཤོབ་ཙ་ལས་སླབ་ནི་མས་ཟེར་སླབ་སླབ་མས།
  • རྡོ་གནས།/Doney
    དེ་ལས་ ཁོང་གཉིས་རྒྱལ་བཞག་ཡོདཔ་མས། ག་དེ་ཅི་འབད་ རིག་པའི་མགས་མཆོག་གི་ཤོབ་སླབ་ཡོད་པ་ཅིན་ ངེའི་རྒྱལ་ཁབ་ཕྱདེ་ཀ་ཁྱོད་ལུ་བྱིན་ནི་དང་ ཤོབ་མ་སླབ་པ་ཅིན་ ཁྱོད་ཀྱི་རྒྱལ་ཁབ་ཕྱེད་ཀ་དགོཔ་འབད།
  • རྡོ་གནས།/Doney
    དེ་སྦེ་སླབ་ དེ་ལས་ རྒྱ་ནག་རྒྱལ་པོའི་སྲསམོ་གཅིག་ རིག་པའི་མཁས་མཆོག་ རྟ་རྫིཔ་འབད་སྡོད་སར་བཏང་ཡོདཔ་མས། རྒྱ་ནག་རྒྱལ་པོའི་སྲསམོ་འདི་གནམ་སྲོ་འབད་དེ་ རིག་པའི་མཁས་མཆོག་སྡོད་སར་ལྷོད་ཡོདཔ་མས།
  • རྡོ་གནས།/Doney
    དེ་ལས་ རྒྱ་ནག་རྒྱལ་པོའི་སྲས་མོ་གིས་ ང་ནང་གནསཔ་ཉ་སྡོད་དགོ་པས་ཟེར་སླབ་སླབ་མས། དེ་སྦེ་སླབ་ད་ རིག་པའི་མཁས་མཆོག་གིས་ ན་མ་སྡོད་ཟེར་སླབ་མེན་ སྡོད་ནི་འདི་སྡོད་ད་ ཁྱོདན་དཔོན་གྱི་སྲསམོ་མས། ང་བཅས་སྡོད་ས་འདི་ རྟ་གི་ཨ་བ་ནང་ཨིན་མས་ཟེར་སླབ་ནུག
  • རྡོ་གནས།/Doney
    དེ་ལས་ སྡོད་ཡོདཔ་མས། དེ་གི་ནུབ་མོ་ལས་སྲསམོ་འདི་ རྐང་རྐྱང་ལག་རྐྱང་འབད་དེ་ ཕོཝ་ནཝ་མས་སླབ་ ཁོ་གིས་ རྒྱལ་པོའི་སྲས་མོ་ ག་ཅི་འབདཝ་ད་དྲག་ག་ཟེར། དེ་ལས་ མོ་གི་ཁྱོད་ཀྱི་རྟ་ཕོ་ཟླ་བ་དཀར་པོ་གི་ དོན་ཧིང་བཏོན་བྱིན་པ་ཅིན་དྲག་འོང་ཟེར།
  • རྡོ་གནས།/Doney
    དེ་ལས་ ཁོ་གི་སྲསམོ་གི་སླབ་དོ་བཟུམ་སྦེ་ རྟ་ཕོ་ཟླ་བ་དཀར་པོ་གི་དོན་ཧིང་བཏོན་བྱིན་ནི་དོན་ལུ་ རྟ་འདི་གསད་ནི་འབད་ ༼ད་ཝའི༽ བཟོ་རྟ་གི་རྩ་བ་འགྱོ་ཡོདཔ་མས། དེ་ལས་ རྟ་གི་གསུངས་བྱོན་ཏེ་ ང་གསད་མིང་དགོ་ང་རང་ཤི་གེ་སླབ་ ༼ད་ཝའི༽ ཟ་ཤི་ཡོདཔ་མས།
  • རྡོ་གནས།/Doney
    དེ་ལས་ དོན་ཧིང་བཏོན་བྱིན་འབད་ཞིནམ་ལས་ རྒྱལ་པོའི་སྲསམོ་འདི་དྲག་ཡར་སོངམ་མས། དེ་ལས་ གཡོགཔ་འདི་རྒྱལ་པོ་ལུ་ག་དེ་འབད་ཞུ་ན་ཟེར་མནོ་བསམ་བཏང་ཡོདཔ་མས། དེ་ལས་ ཁོ་གིས་རྡོ་གཅིག་གུ་ཁོ་རའི་ཞྭམོ་འདི་བཙུགས་འབད་ རྒྱལཔོ་ཨིན་བཟོ་འབད་དེ་ ཞུ་ཞུཝ་མས། ང་བཅས་ཀྱི་རྟ་ཕོ་ཟླ་བ་དཀར་པོ་འདི་ སྟག་གི་བསད་ད་ཡི་ཟེར་ཤོབ་ཞུ་ད་ རྡོ་འདི་གོ་ལེ་སྦེ་འགྱེལ་ཡར་སོངམ་མས།
  • རྡོ་གནས།/Doney
    རྡོ་འདི་གོ་ལེ་སྦེ་འགྱེལ་ཡར་སོངམ་མས་ དེ་ལས་ དྲང་པོ་འབད་ཞུ་གོ་ནི་མས་ཟེར་ རྡོ་འདི་ད་རུང་ཡར་ཕྲང་འབད་ཞུ་ཞུཝ་མས། རྒྱལ་པོའི་སྲསམོ་ལུ་ ང་བཅས་སྡོད་ས་ཨ་བ་ནང་ཨིན་ཟེར་ཞུ་རུང་ མ་གསན་པ་སྡོད་འབད་ཞིནམ་ལས་ ནུབ་མོ་ཕོཝ་ནཝ་མས་སླབ་ ག་ཅི་འབད་བ་ཅིན་དྲག་ག་ཟེརཝ་ད་ རྟ་ཕོ་ཟླ་བ་དཀར་པོའི་དོན་ཧིང་དགོཔ་འབད་སླབ་དེ་
  • རྡོ་གནས།/Doney
    དེ་ལས་ ངེའི་སེམས་ཁར་རྒྱལ་པོའི་སྲས་མོ་ཤི་བ་འདི་ རྟ་ཕོ་ཟླ་བ་དཀར་པོ་འདི་གསད་འདི་ དོན་ཧིང་བཏོན་བྱིན་ནི་འབད་ ༼ད་ག༽ བཟོ་འགྱོ་ཡི། དེ་ལས་ རྟ་ཕོ་ཟླ་བ་དཀར་པོ་རྩ་བ་ལྷོདཔ་ད་ ང་གསད་མིང་དགོ་ང་རང་ཤི་གེ་སླབ་ ༼ད་ག༽ ཟ་ཤི་ཞིནམ་ལས་ དོན་ཧིང་བཏོན་བྱིན་ རྒྱལ་པོའི་སྲསམོ་འདི་དྲག་ཡར་སོང་ཡི།
  • རྡོ་གནས།/Doney
    དེ་ལས་ འ་ནི་རྡོ་འདི་གི་མ་འགྱེལ་བ་སྡོད་ཡོདཔ་མས་ དེ་ལས་ ཁོ་རང་སེམས་ཁར་ཤོབ་མེན་པར་ དྲང་བདེན་འབད་རང་ཞུ་དགོ་པས་ཟེར་ རྒྱལ་པོའི་ཕོ་བྲང་རྩ་བ་ལྷོད་ཡོདཔ་མས། ཏེ་ རྒྱལཔོ་འདི་ཡར་ལས་མར་གཟིགས་ཡོདཔ་མས་ དེ་ལས་ རྒྱལཔོ་གི་དབའི་རིག་པའི་མཁས་མཆོག་ ང་བཅས་ཀྱི་རྟ་ཕོ་ཟླ་བ་དཀར་པོ་ཡོད་ག་ཟེརཝ་ད་ མེད་ལ་ཟེར་ཞུ་ཞུཝ་མས།
  • རྡོ་གནས།/Doney
    མེད་ལ་ ག་ཅི་འབད་དཔ་སྨོ་ཟེར་སླབ་སླབ་མས? དེ་ལས་ ཁོ་གིས་རྒྱ་ནག་རྒྱལཔོ་གི་སྲསམོ་ གནམ་སྲོ་ད་ངེའི་སྡོད་ས་ནང་འོང་སྡོད་ཅི་ ང་གི་ང་བཅས་ནང་ཁམ་ལོག་སི་སི་ཡོད་ཟེར་རུང་ མ་བཏུབ་པ་སྡོད་ཡི་ དེ་ལས་ དེའི་ནུབ་མོ་ཕོ་ནཝ་ཨིན་ཟེར་ དཀའཝ་སྤྱོད་ཅི་ དེ་ལས་ ག་ཅི་འབད་བ་ཅིན་དྲག་ཟེར་ཞུ་ད་ ང་བཅས་ཀྱི་རྟ་ཕོ་ཟླ་བ་དཀར་པོའི་ དོན་ཧིང་བཏོན་བྱིན་པ་ཅིན་དྲག་ཟེར་སླབ་དེས།
  • རྡོ་གནས།/Doney
    དེ་ལས་ རྒྱལཔོ་འདི་ཙིགཔ་མ་ཟ་བ་འབད་ཞིནམ་ལས་ རིག་པའི་མཁས་མཆོག་གི་ རྒྱ་ནག་རྒྱལཔོ་ལས་རྒྱལ་ཁབ་ཕྱེད་ཀ་ཐོབ་ཅིག་ལོ། རྫོགས་སོང་ཡི་ འ་ནིམ་ཅི་ཨིན།