Skip to main content Skip to search
28 Aug 2018
15 min 4 sec
Ariana Maki
Video Overview
Creators: 
Sonam Tobgye

བུ་ཆུང་ལྕགས་ཀྱི་ཐོཝ་ཟེར་མི་འདི་ ལྷུན་རྩེ་རྫོང་ཁག་ སྨད་མཚོ་རྒེད་འོག་ལས་ ཚེ་དབང་རིག་འཛིན་གྱིས་བཏངམ་ཨིནམ་ད་ འདི་ཡང་ དའུ་བུཚ་གསུམ་ལས་ ཆུང་ཤོས་འདི་ སངས་རྒྱས་ཀྱི་སྤྲུལ་པ་འབདཝ་ལས་ གཡུས་ཁ་སྡོད་མི་ཚུ་ལུ་གནོདཔ་བཀལ་མི་ ལྷ་སྲིན་འདི་ཚུ་བཏུལ་བའི་སྐོར་ལས་མས། ཁོང་སྤུན་ཆ་གསུམ་འདི་ གཡུས་ཚན་ཅིག་ནང་སོང་སྟེ་ འདི་ཁའི་བུམོ་སྤུན་ཆ་གསུམ་ཡོད་མི་ཚུ་དང་མཉམ་ཅིག་ གཉེན་རྐྱབ་ཡོདཔ་ད་ ཁོང་སྤུན་ཆ་གསུམ་ཆ་ར་ གནམ་མེད་ས་མེད་ཁེ་ཀོ་ཡོད་རུང་ ཆུང་ཤོས་ཅིག་འདི་ ཨ་ཙི་སྤྱང་དྲགས་སྦེ་ བདུད་བཏུལ་ནི་དང་ མི་ངན་པ་འདི་ཚུ་ཚར་བཅད་ནི་ མཁས་དྲགས་ཡོདཔ་མ་ཚད་ མི་ཤི་ཤིཝ་ཡང་ ལོག་ལྷོང་ཚུགས་དོ་ཡོདཔ་མས། སྲུང་གི་གནད་དོན་འདི་ འདི་བཟུམ་གྱི་མི་ཚུའི་སྟོབས་ཤུགས་དང་ དགེ་བའི་བཤེས་གཉེན་གྱི་སྐུ་ཡོན་འདི་ བླ་མ་མེད་ཨིན་པའི་སྐོར་ལས་སླབ་མས། 

 

Tshewang Rinzin from Maedtsho Gewog (county) in Lhuntse Dzongkhag (district), narrates the story "Buchung Chagi Tho". It is about three orphan brothers, of which the youngest was a reincarnation of the Buddha and subdued demons who attacked the local villagers. These three brothers went to a village where they met three sisters and married them. All three brothers were strong men yet the youngest was clever enough to subdue the demons as well as master resurrection. The theme of the story is the power of such individuals or spiritual masters with great knowledge.

 

Transcript search
No results found for this search
0 of 0
  • ཚེ་དབང་རིན་འཛིན་ Tshewang Rinzin
    དང་ཕུ་དང་ཕུ་ ཨམ་མོ་རེངསམོ་གཅིག་སྡོད་སྡོདཔ་མས་ལགས། ཨ་ནཱི་གིས་ཨ་ལོ་སྐྱེས་ཡི་སྐྱེས་ཡི་ར་ ཕར་ཚལ་མ་ནང་སྐྱེལ་དོ་ཡོདཔ་མས་ལགས། དེ་འབདཝ་ད་ ཆུང་ཤོས་ཆུང་ཤོས་འདི་ཨ་ལོ་ཆུང་ཀུ་འདི་ བུ་ཅུང་ལྕགས་ཀྱི་ཐོཝ་ཟེར་སླབ་སླབ་ཨིན་མས་ལགས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    འདི་གི་ཨའི་འདི་མ་པ་འདི་ ཨ་ལོ་འདི་མ་པ་ར་མ་བཏུབ་ཨིན་མས་ལགས་ ཧེ་མ་རང་། ཨ་ལོ་གཅིག་གསོ་ ཕར་རི་ཁར་སྐྱེལ་ གཉིས་གསོ་རི་ཁར་སྐྱེལ་ དེ་ལས་ ཆུང་ཤོས་འདི་ཨ་ནཱི་ མོ་ར་གཅིག་ཁར་སྡོད་སྡོདཔ་མས་ལགས། ཨ་ནཱི་མིང་འདི་ བུ་ཅུང་ལྕགས་ཀྱི་ཐོཝ་ ཟེར་སླབ་སླབ་མས་ལགས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཁོ་འདི་ ལོ་གཅིག་བ་ལོ་གཅིག་སྦོམ་སྦོམ་འགྱོ་སྦེ་ལགས། དེ་བསྒང་ལས་ ཁོ་ར་འདི་ཤ་རང་ཤ་བདའཝ་མས་ལགས། ཧེ་མ་ ཚལ་མ་ནང་འགྱོ་ གཞུ་དང་མདའ་འབག་སྦེ་ ཤ་བདའ་སྦེ་ཨ་ནཱི་སྦེ་སྡོད་སྡོདཔ་མས། དེ་བསྒང་ལས་ ཕར་ཆུ་མཐའ་མར་ ཆུ་སྦོམ་གཅིག་གི་མཐའ་མར་ལྷོདཔ་ད་ ཁོ་ལྟོ་འབད་ནི་འབད་ ཨ་ནཱི་ཀ་ལ་རྫམ་འབག་སྦེ་མར་ཆུ་མཐའ་མར་འགྱོཝ་ད།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཏེ་ ཆུ་དབོག་པར་འགྱོཝ་ད་ ཆུ་འདི་ག་ར་ཆད་འགྱོ་ནུག་ལགས། ཆད་འགྱོ་ཞིནམ་ལས་ ད་རུང་ དབའེ་ག་ཅི་ངལ་མ་རངསམ་ཅིག་ཡོདཔ་ཨིན་ན་ཟེར་ ཏེ་ ནཱ་ལས་ཁོ་ཆུ་བདའ་སྟེ་བལྟ་བར་འགྱོ་ནུག་ལགས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    བལྟ་བར་འགྱོཝ་ད་ འ་ནཱ་ མི་གཅིག་ཉལ་སྡོད་ནུག་ཟེར་ཨིན་མས་ལགས། ཕར་ཨ་ནཱི་ཆུ་མཐའ་མར་ ཨ་ནཱི་གིས་རྐངམ་བརྐྱངས་སྦེ་ ཨ་ནཱི་ཆུ་འདི་ རྐངམ་གིས་བཅད་བཞག་ནུག་ལོ།
  • ཚེ་དབང་རིན་འཛིན་ Tshewang Rinzin
    འ་ནཱི་གིས་ དབའེ་ཁྱོད་ག་ཅི་ངལ་མ་རངསམ་སྨོ? ཏེ་ང་གི་ལྟོ་འབད་རནམ་ད་ ཁྱོས་ཆུ་འ་ནཱི་སྦེ་བཅད་དེ་ ག་ཅི་སྨོ? དེ་ཚུན་ཚོད་ངལ་མ་རངསམ་ག་ཅི་ཡོད་ཟེར་སླབ་ད།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཁྱོད་མིང་ག་ཅི་ཟེར་སླབ་སྨོ་ ཟེར་སླབ་སླབ་མས། ང་གི་མིང་འདི་ཆུ་བྱིནམ་ཐག་ཅནམ་ ཟེར་སླབ་སླབ་མས། ཏེ་ ཁོ་གི་འབདན་ དབའེ་ཁྱོད་མིང་ག་ཅི་སླབ་སྨོ? ཁྱོད་མིང་འདི་ ག་ཅི་ཟེར་སླབ་སྨོ? ཟེར་སླབ་པ་ཅིན་ ང་གི་མིང་འདི་ བུ་ཅུང་ལྕགས་ཀྱི་ཐོཝ་ཨིན་ཟེར།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཏེ་ ཁྱོད་ཨའི་འདི་ག་སྨོ་ཟེར་སླབ་སླབ་མས། ང་གི་ཨའི་འདི་ ཨམ་མོ་རེངསམོ་ཨིན། ཏེ་ ཨམ་གྱི་མིང་འདི་ ཨཔ་འདི་ཧེ་མ་ལས་མིན་འདུག་ ཟེར་སླབ་སླབ་མས། དབའེ་བཏུབ་པས་དོན་ ང་ཡང་ཨམ་མོ་རེངསམོ་གྱི་ཨ་ལོ་ཨིན་ ང་རི་ཁར་སྐྱེལ་བཞག་བཞགཔ་མས་ཟེར།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཏེ་ ང་བཅས་གཉིས་སྤུན་ཆ་མས་ སྤུན་ཆ་བཟོ་བཟོཝ་མས་ཁོང་གཉིས་དོ་རུང་ ཕོ་རྒནམ་ནུ་གཅུང་གཉིས་འཕྱད་འཕྱདཔ་མས། དེ་བསྒང་ལས་ ཨ་ནཱ་ལས་ ཁོང་གཉིས་ཆ་རོགས་འབད་སྦེ་འགྱོ་ནུག་ཡར་ལས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཡར་ ལ་སྦོམ་ཅིག་ཁར་ལྷོདཔ་ད་ ཤིང་སྦོམ་འདི་ཚུ་ཨ་ནཱི་རེ་འབད་བརྡབས། གྱི་ཕོགས་རེ་ གྱི་ཕོགས་རེ་གིས་བརྫམ་སྦེ་འགྱོ་ནུག་ ལམ་བདའ་སྦེ་ ཡར་ལྷོདཔ་ད་ སྒང་ཏོ་ཅིག་གུ་ལྷོདཔ་ད་ ཨ་ནཱི་ཉལ་སྡོད་ནུག་ཟེར་ཨིན་མས་ཁོ་ར། མི་གཅིག་ གྱི་ཅུང་འདི་ཡང་ལྷང་གུ་བཞག་སྦེ།
  • ཚེ་དབང་རིན་འཛིན་ Tshewang Rinzin
    དབའེ་ ཁྱོད་ག་ཅི་འབདཝ་ ཟེར་སླབ་ད་ ང་འདི་ ནཱ་རི་ཁར་བཤལ་སྡོད་པའི་མི་ཨིན་ ཟེར་སླབ་སླབ་མས། མེནམ་འོང་ས་ ཁྱོད་མི་འདི་མི་རང་ཨིན་མས་ཨིན་ནི་འདི་ དེ་སྦེ་མི་འོང་ ཟེར་སླབ་སླབ་མས། ཨིན་ ཏེ་ ཁྱོད་གཉིས་ག་ཏེ་ལས་སྨོ? ཟེར་སླབ་སླབ་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཏེ་ང་བཅས་གཉིས་ཡང་ ཏེ་མ་སང་རང་ཨིན། ཏེ་མ་སང་ག་ཅི་གི་ཨིན་སྨོ? ཟེར་སླབ་ད་ གཅིག་གིས་འདི་ ཆུ་བྱིནམ་ཐག་ཅནམ་ ཟེར་སླབ་སླབ་མས། གཅིག་གིས་ བུ་ཆུང་ལྕགས་ཀྱི་ཐོ་བ་ ཟེར་སླབ་སླབ་མས། གཅིག་གིས་ ཏེ་ཁྱོད་ཀྱིས་མིང་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་འདི་ ཤིང་ཤིང་སྟག་གི་སྡོང་པོ་ཨིན་ ཟེར་སླབ་སླབ་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཁོ་འདི་ ཤིང་ཡང་གྱི་ཕོགས་རེ་གིས་བརྫམ་ནི་འདི་གིས་ ཨ་ནཱི་གིས་ཨིན་མས། དེ་བསྒང་ལས་ ཁོང་གསུམ་དེ་ ཕོ་རྒནམ་ནུ་གཅུང་འདི་འཕྱད་ནུག དེ་ལས་འགྱོ་ནུག་ཁོང་གསུམ་ ལ་གཅིག་བརྒལ་ ལུང་གཅིག་བརྒལ་འགྱོ་ནུག་ཕར་ ལ་གསུམ་བརྒལཝ་ད་ ཕར་ཨམ་མོ་རེངསམོ་ཅིག་གི་བུམོ་གསུམ་འདུག་ ཟེར་ཨིན་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཨ་ཞེམོ་ ནུམོ་ ཨ་ནཱི་སྦེ་སྡོད་ནུག་ བར་ན་སྐོརམ་ ཁོང་གསུམ་འབད་མི་ཅིག་ དབའེ་ཁྱོད་གསུམ་ ག་ཅི་འབདཝ་ཟེརན་ ང་བཅས་ནཱ་འདི་ སྲིནམོ་གི་ནཱ་གཡུས་ཁ་འདི་ ལྟོ་ཡོད་རུང་ ལེགས་ཤོམ་ག་ར་ སྲིནམོ་གིས་འཕྱོག་ཟ་སྟེ་ ང་བཅས་ཞག་ཡང་ཉལ་མི་སྟེར་བས་ ཟེར་སླབ་སླབ་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཏེ་ བཏུབ་པས་ ཏེ་ ང་བཅས་གསུམ་སྡོད་གེ་མནོ་ ཕོ་རྒནམ་སྦོམ་ཤོས་འདི་ཨ་ཞེམོ་འདི་གིས་རྨགཔ་ དེ་ལས་ཕོ་རྒནམ་བར་ན་སྐོརམ་འདི་ ཨ་ཞེམོ་བར་ན་སྐོརམ་འདི་གིས་རྨགཔ་འབད་སྡོད་སྡོདཔ་མས། ནུ་གཅུང་ཆུང་ཤོས་བུ་ཅུང་ལྕགས་ཀྱི་ཐོཝ་ཟེར་མི་འདི་ ནུམོ་གི་རྨགཔ་སྦེ་སྡོད་སྡོདཔ་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    འན་ཨིན་མས། ཏེ་ བཏུབ་ཟེར་ ཕོ་རྒནམ་ ཕོ་རྒནམ་འདི་ཡར་རི་ཁ་འགྱོ་ནུག་ཤ་བདའ་བར་ ཧེ་མ་ཧེ་མ་ ཕོ་རྒནམ་སྦོམ་ཤོས་སྡོད་ནུག་ནཱ་ ཁྱིམ་ནང་ སྲིནམོ་བཏུལ་ནི་སྦེ་ ཡ་ བཏུབ་ང་སྡོད་གེ་ཕོ་རྒནམ་སྦོམ་ཤོས་ ཕོ་རྒནམ་སྦོམ་ཤོས་ང་སྡོད་གེ་ ད་ ལྟོ་འབད་ སྒོང་རྡོག་ཕོག་ དེ་ལས་ ལྟོ་དམརཔོ་བཟོ་སྦེ་ ག་ར་འདྲ་བྲིས་སྦེ་བཞག་ནུག
  • ཚེ་དབང་རིན་འཛིན་ Tshewang Rinzin
    དེ་བསྒང་ལས་སྲིནམོ་ཨང་རྒས་འདི་འོང་དོ་ཡོདཔ་ཨིན་མས་ ཕར་ལས་ཚུར་ སྒོ་ཁ་ལས་ཚུར་ དབའི་ ག་དེ་སྦེ་སྨོ་ ལྟོ་ང་བཟའན་ ཁྱོད་བཟའ་ནི་ཟེར་སླབ་སླབ་སྨོ་ སླབ་སླབ་མས་ སྲིནམོ་གི་ ཡ་ ཨའི་ཁྱོད་བཟའ་བཟའ་ཟེར་སླབ་སླབ་མས་ ཨའི་ལུ་ ཁོ་འདི་ཕར་སྒོ་ལས་འོངམ་ད་ ཨ་བ་ཤོར་ནུག་ཁོ་འདི་ འདྲོག་སྟེ་ འ་ནི་འབད་ཞིནམ་ལས་ ཏེ་ ལོག་ཡར་སོང་ནུག་ ཨང་རྒས་འདི་ ཏེ་ ནངས་པ་བཟུམ་ཅིག་འོང་ནུག་ཡར་ལས་མར་ ནུ་གཅུང་གཉིས་འདི་ ཕྱི་རུ་ཤ་བདའ་བར་འགྱོ་སྦེ་ ལོག་སྟེ་ ཡ་ བཏུབ་ཟེར་སླབ་སླབ་མས་ ང་སྡོད་གེ་མནོ་ ཕོ་རྒནམ་བར་ན་སྐོརམ་འདི་སྡོད་ནུག་ འ་ནི་གིས་སྡོད་ནུག་ ལྟོ་འབད་སྦེ་ སྒོང་རྡོག་ཕོག་ འ་ནཱི་སྦེ་སྡོད་ནུག
  • ཚེ་དབང་རིན་འཛིན་ Tshewang Rinzin
    སྲིནམོ་བཏུལ་ནི་ཨིན་མས་ དེ་འབདཝ་ད་ ཁོ་གིས་བཏུལ་མ་ཚུགས་ནུག་ ད་རུང་ཨང་རྒས་འདི་ཕར་ལས་འོངམ་ཅིག་ དབའི་ བྱ་ཆུམ་དམརཔོ་ག་བཟའ་ནི་སྨོ་ཟེར་སླབ་སླབ་མས་ སྒོང་རྡོག་གསེར་ཡོད་མི་འདི་ ག་གི་བཟའ་ནི་སྨོ་ཟེར་སླབ་སླབ་མས་ ཡ་ཡ་ཨང་རྒས་ཁྱོད་ར་བཟའ་ བྱིན་བྱིནམ་ཨིན་མས་ ད་ལས་ཕར་ ཡུདཔ་ཅིག་ཁ་ལས་ ཁོ་གིས་བཏང་ནུག་ལྟོ་བྱིན་སྦེ་ ཡ་ བཏུབ་ཟེར་ ཕྱི་རུ་ལྷོད་ནུག་ནུ་གཅུང་ ཕོ་རྒནམ་སྦོམ་ཤོས་འདི་
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཡ་ ལྷོདཔ་ད་འདི་ ད་རུང་ལྟོ་བཟའ་སྦེ་ལོག་འགྱོ་ནུག་ཕར་ སྲིནམོ་འདི་ ཡ་བཏུབ་པས་ཟེར་ ད་ ནངས་པ་ང་སྡོད་གེ་མནོ་ ཕོ་རྒནམ་ཁྱོད་གཉིས་ རི་ཁ་ཤ་བདའ་བར་ འགྱོ་ཤིད་ཟེར་སླབ་སླབ་མས་ ཏེ་ འགྱོ་ནུག་ ཏེ་ ནུ་གཅུང་འདི་ ལྟོ་འབད་སྦེ་ བུམོ་གསུམ་འདི་ཡ་ཁྱིམ་ཐོག་ཁ་བཀལ་བཞག་ནུག
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཡ་ ཁྱིམ་ཐོག་ཁ་བཀལ་སྦེ་ ལྟོ་མར་གདོང་ཁ་བཤམ་ ཁོ་ར་ལྟོ་བཟའ་སྦེ་སྡོད་ནུག་ ཏེ་ ཨང་རྒས་ཕར་ལས་ཚུར་འོང་འོངམ་མས་ ཏེ་ ཕར་ལས་འོངམ་ཅིག་ འ་ནཱི་ལག་ཅ་དེ་ཚུ་ག་ར་འབག་འོང་ནི་ཨིན་མས་སའི་ འཛིམ་ ཐོཝ་ འ་ནཱི་ཚུ་ བཀོད་བཞག་སྦེ་ཆབ་གསང་འགྱོ་ནུག
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཨ་བ་བཏང་བར་འགྱོ་འགྱོ་མས་ དེ་བསྒང་ལས་ ཁོང་གིས་ ཁོ་གིས་མགྱོགས་མགྱོགས་པ་འབད་ འ་ནཱི་ ང་བཅས་དྲན་གོ་བསྣད་ནི་འདུག་གོ་ ཀོང་པོ་(མོན་བྱཱ་)ཟེར་ འ་ནཱི་གིས་ དྲན་གོ་བསྣད་སྦེ་བཟོ་ནུག
  • ཚེ་དབང་རིན་འཛིན་ Tshewang Rinzin
    འ་ནཱི་ཐོཝ་འདི་ གཡུབ་བཞག་སྦེ་ ཐོཝ་དང་ཀེམ་པ་ འ་ནཱི་ཚུ་ག་ར་ གཡུབ་བཞག་སྦེ་ དེ་ལས་ ཁོ་གིས་འ་ནཱི་བཟུམ་ག་ར་བཟོ་སྦེ་ གཅིག་ཁར་བཙུགས་བཞག་ནུག ཡ་ ཨང་རྒས་འོངམ་སྦེ་ ན་བྱ་ཆུམ་དམརཔོ་ག་བཟའ་ནི་སྨོ་ཟེར་སླབ་སླབ་མས་ ང་རང་འབད་སྦེ་ ལྟོ་ང་རང་མ་བཟའ་བར་ ག་བཟའ་ནི་སྨོ་ཟེར་ ཁོ་རང་བཟའ་ནུག་ ཨང་རྒས་ལུ་མ་བྱིན་མས་ ཏེ་
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཁོ་གིས་ ཁོ་རང་ཨིན་ནི་འདི་ མ་པ་སངས་རྒྱས་སྤྲུལ་པ་ཅིག་ཨིན་མས་བ་ འ་ནཱི་འབད་ཞིནམ་ན་ ཡ་ བཏུབ་ ག་ར་ང་རང་བཟའ་ནི་ ཁྱོད་མི་ཐོབ་ཟེར་སླབ་ ད་ལྟ་ར་ ཐོཝ་གུ་བླུག་ནི་ཟེར་སླབ་སླབ་མས་ བླུག་ཤིད་ཡ་ཟེར་སླབ་སླབ་མས་ འ་ནཱི་ནུ་གཅུང་གིས་ ཐོཝ་འདི་མགུ་ཏོག་ཁར་བླུག་ནི་འབད་ཅིག་ ཐོཝ་འདི་ཡ་སྒལ་ཏོ་ཁར་བུད་འགྱོ་འགྱོཝ་མས་
  • ཚེ་དབང་རིན་འཛིན་ Tshewang Rinzin
    ལྟ་མ་འ་ནཱི་གནག་ཐག་གི་བསྡམ་ནི་ཟེར་ཨིན་མས་ གནག་ཐག་བསྡམ་འོངམ་ད་ ག་ར་ཞིག་འགྱོ་ནུག་ ཡུདཔ་ཅིག་ཁ་ལས་ ལྟག་ཀོ་བཏོག་ནི་ཟེར་ཨིན་མས་ གྱིམ་ཙི་གིས་ ལྟག་ཀོ་བཏོག་ད་ ལྟག་ཀོ་བཏོག་ད་ ན་ལྟག་ཀོ་སྤརཝ་ཅིག་ ག་ར་ཆག་འགྱོ་ནུག་ ཡ་ཨང་རྒས་ ཁྱོད་ཀྱིས་བླུག་ནི་ ང་གིས་བླུག་ནི་ཟེར་སླབ་སླབ་མས་ བླུག་ཤིད་ཟེར་སླམ་མས་ལོ་
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཡ་ མ་ཉན་པ་ཅིན་ ཐོཝ་ཐེངས་ཅིག་བླུག་བྱིན་ནུག་མགུ་ཏོག་ཁར་ དེ་བསྒང་ལན་ དང་པོ་བཏུབ་པའི་ཅ་ལ་ ད་མ་བཏུབ་སན་ ཨང་རྒས་གིས་བཀོད་ནུག་ག་ར་ ད་ ཁོ་གིས་འདིན་ དྲང་ནུག་ ཏེ་ མོ་རའི་ལག་ཅ་གིས་ མོ་རང་ལུ་དྲང་ནུག་ ཨང་རྒས་གནག་ཐག་གིས་བསྡབ་གོ་ཟེར་སླབ་སླབ་མས་ བསྡམ་ཤིད་ཟེར་མས་ལོ་ ག་ར་བསྡམ་ ལྟོག་ཀོ་བཏོག་ན་ བཏོག་ཟེར་མས་ལོ་ ལྟོག་ཀོ་བཏོག་བཏང་ ཕད་ཙི་ནང་བསྡམ་ཞིནམ་ན་ ཕ་ཙན་ལྡན་ཤིང་སྦོམ་འདུག་ཟེར་ཨིན་མས་ ཙན་ལྡན་ཤིང་སྦོམ་གྱི་འོག་ལུ་ དོང་བཏང་ནུག
  • ཚེ་དབང་རིན་འཛིན་ Tshewang Rinzin
    དོང་བཏང་ རྡོ་ལེབ་གཅིག་ འ་ནཱ་མཆོད་རྟན་གནགཔོ་ཅིག་བཞེངས་ནུག་ དེ་ལས་ ཕོ་རྒནམ་གཉིས་འདི་ཡ་མར་འོང་མ་ལྷོང་མས་ ཏེ་ ད་ ནུ་གཅུང་འདི་གསད་གསད་འོང་ཟེར་ ནུ་གཅུང་འདི་ག་ཅི་གསད་ཚུགས་ནི་ གསད་ཚུགས་ནི་རང་མེན་བས་ ཏེ་ དེ་བསྒང་ ཡ་ལས་མར་བལྟ་སྡོད་ནུག་ཟེར་ཨིན་མས་ ཤོག་ཤོག་ མར་ ཤོག་ཤོག་ཟེར་སླབ་སླབ་མས་ ནུ་གཅུང་གིས་ ཡ་ བཏུབ་སྟེ་ ཁོང་གསུམ་ཆ་རང་མར་འབོད་སྦེ་ ཏེ་ ནངས་པ་ང་བཅས་གསུམ་ཆ་རང་ ཤ་བདའ་བར་འགྱོ་ནི་ཟེར་ སླབ་སླབ་མས་ ཤ་བདའ་བར་འགྱོ་སྦེ་
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཕར་མ་འགྱོ་སྨ་རེད་ཟེར་སླབ་སླབ་མས་ནུ་གཅུང་གིས་ ཕར་ཙན་དན་ཤིང་གི་སྦོ་ལོགས་ཁར་འགྱོ་བ་ཅིན་ ལོག་འཐོན་འོང་ཟེར་ རོ་ལོང་ལོག་འཐོན་འོང་ཟེར་སླབ་སླབ་མས། ཏེ་ཕར་སྔུ་ནི་འདྲཝ་ རྒྱ་གླིང་འཕུཝ་འདྲཝ་ ཞབས་བྲོ་འཐེན་ ག་ར་ཨ་ནཱི་བཟུམ་འབད་འོང་ཟེར་ མི་ག་ག་ཨ་ནཱི་བཟུམ་འབད་ནི་ ཨ་ནཱི་སྦེ་འཐོན་འོང་ཟེར་ ཕར་མ་འགྱོ་སྨ་རེད་ཟེར་སླབ་སླབ་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཁོང་ཨ་ནཱི་སླབ་བཞག་སྦེ་འགྱོ་ནུག་ཡར། འགྱོ་བའི་བསྒང་ལས་ བཏུབ་ཟེར་སླབ་སླབ་མས། ཨ་ཞེ་གཉིས་ཀྱིས་ཉན་མ་བཏུབ་པས་ཏེ་ ཕར་དུང་འཕུ་འདྲཝ་ རྒྱ་གླིང་འཕུ་འདྲཝ་ ཞབས་བྲོ་རྐྱབ་འདྲཝ་ ཨ་ལོ་བཏང་འདྲཝ་ ཨ་ནཱི་སྦེ་ཨིན་མས། དེ་ཡང་བཏུབ་པས་ཟེར་ཨིན་མས། ཡར་ཨ་ཞེམོ་གིས་གཉིས་འབད་ གཅིག་ཁ་འབད་འཁྱིད་འགྱོ་ནུག་ ནུམོ་འདི་ཉན་ར་མ་བཏུབ་པར།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཨ་ནཱ་སྐུདཔོ་བལ་ཟེར་ཡོད་ ཧེ་མ་གི་འབད་བ་ཅིན་ ཨ་ནཱི་ཕར་ཨ་ནཱི་སྒོ་གི་རྣལ་ལྕགས་གུ་བཀལ་བཞག་ནུག་ནུམོ་གིས། ཨ་ནཱི་ནང་ན་སྒོང་རྡོག་ཨ་ནཱ་བཙུགས་འབག་ནུག ཕར་འགྱོཝ་ཅིག་ སྲིནམོ་ཐོནམ་སྦེ་ གྲུ་བདའ་ཡར་སོ་ནུག་ གསུམ་ཆ་ར། གསུམ་ཆ་ར་བདའ་སྦེ་ མར་ས་དོང་ནང་འཛུལ་ནུག ས་དོང་ནང་འཛུལ་སྦེ་ ཡུདཔ་ཅིག་ཁ་ལས་ ད་ཁོང་གསུམ་ཆ་ར་ཕར་ཁྱིམ་ནང་འོངམ་ད་ མེད་ཟེར་ཨིན་མས་ ཁྱིམ་སྟོངམ་སྦེ་འདུག་ཟེར་ཨིན་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    བལྟཝ་ད་ ཨ་ནཱ་ [ཡོ་ག་?]ཟེར་མི་འདི་ ཨ་ནཱ་བཙུགས་བཞག་ནུག་ཟེར་ཨིན་མས། ཁྱིམ་གྱི་ཨ་ནཱ་ལུ་ ཕྱི་ཁ་ལས་མར། བལྟཝ་ད་སྐུདཔོ་འདི་མཐོང་མཐོངམ་མས་ བརྟིང་བདའ་འགྱོཝ་ད་ལུ། དེ་བསྒང་ལས་ས་དོང་འདུག་ཟེར་ཨིན་མས་ ས་དོང་སྦོམ་སྦེ། ཨ་ནཱི་ས་དོང་ནང་ན་འཛུལ་ནུག་ཟེར་ཨིན་མས། དེ་བསྒང་ལས་ ག་དེ་སྦེ་འགྱོན་ན་མ་ཤེས་ ནཱ་ལས་མར་འཁརཝ་བཏངན་ འཁརཝ་གིས་བདའ་མ་ཟུན་ ས་ཁར་ཨིན་མས་མར་ ས་དོང་ནང་།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཡ་་་་་ ག་དེ་འབདན་ན་ཟེར་ གནམ་མེད་ས་མེད་མནོ་བསམ་བཏང་ནུག འ་ནཱི་འབད་ཞིནམ་ལས་ ཡ་་་་ ནཱ་ལས་མར་འགྱོ་བ་ཅིན་ ཐབས་མིན་འདུག་ཟེར་ ཕར་ལས་ཚུར་ རོ་ཁྱི་ཅིག་བལྟ་སྡོད་ནུག་ཟེར་ཨིན་མས། ཡ་་་ ད་ལྕགས་ཐག་བརྡུང་དགོ་ཟེར་ རོ་ཁྱི་ག་དེ་སྦེ་སྡོད་ནུག་ཟེར་བ་ཅིན་ ལགཔ་ཨ་ནཱི་སྦེ་སྡོད་ནུག་ཟེར་ཨིན་མས་ ཕར་དང་ཚུར། འ་ནཱི་འབད་བ་ཅིན་ སྐེམ་པ་ཀྲིག་ཀྲི་ཨིན་མས་ཟེར་ གཟུང་ནི་གི།
  • ཚེ་དབང་རིན་འཛིན་ Tshewang Rinzin
    དེ་ལས་ ཨ་ནཱི་རོ་ཁྱི་གི་དཔེ་བལྟ་ཞིན་ན་ དེ་ལས་བརྡུངས་བརྡུངསམ་མས་ལྕགས་ཐག་འདི། ལྕགས་ཐག་བརྡུངས་ཞིན་ན་ ཡུདཔ་ཅིག་ཁ་ལས་ འདོམ་དགུ་དེ་ཅིག་བརྡུངས་བརྡུངསམ་མས། འདོམ་དགུ་གིས་འདི་ མར་བདའ་མི་ཟུནམ་མས་ཟེར་ཨིན་མས་ད་རུང་། ད་རུང་འདོམ་དགུ་འབད་མི་ལྕགས་ཐག་གསུམ་བརྡུངས་ནུག ཨ་ནཱི་མཐུདཔ་སྦེ་བཏངམ་ད་ ཨ་ནཱི་གིས་ཨ་ཙི་བདའ་མི་ཟུནམ་མས་ཟེར་ཨིན་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཨ་ནཱི་མར་དོང་ནང་བཏངམ་ད་ ཨ་ཙི་ཅིག་ལུསཔ་མས་ཟེར་ཨིན་མས། ཡ་་་ ཕོ་རྒནམོ་སྦོམ་ཤོས་ཁྱོད་འགྱོ་ཤིག དང་པ་ར་ཁྱོད་ར་གིས་ ཕོ་རྒནམོ་སྦོམ་ཤོས་འདི་མར་འགྱོ་ནུ་དོང་ནང་། ས་དོང་ནང་འགྱོཝ་ད་ ཕོ་རྒནམོ་འབད་བ་ཅིན་ མར་ལྕགས་ཐག་འདོམ་དགུ་ ཨ་ནེམ་ཅིག་ར་འཛུལ་མ་ཚུགས་པས། ཨ་འབད་མི་ཚུགས་པས་ཟེར་ ལོག་འཐོནམ་མས་ཡར་ ཕྱི་ཁར།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཡ་་་་ ཕོ་རྒནམོ་གིས་ བར་ན་སྐོརམ་ཁྱོད་ར་འགྱོ་ཤིག་ ཟེར་སླབ་སླབ་མས། བཏུབ་ཟེར་སླབ་སླབ་མས། ཁོ་འགྱོ་སྦེ་ ཁོ་གིས་འདི་ ཡུདཔ་ཅིག་ འདོམ་བཅོ་བརྒྱད་དེ་ཅིག་མར་འགྱོ་ནུག་དོང་ནང་། དེ་ལས་ ད་རུང་འབད་མི་ཚུགས་པས་ཟེར་ ལོག་ཐོན་ནུག་ཡར་། ཡ་་་ བཏུབ་ ད་མར་ང་འགྱོ་གེ་ནོ་ ད་མར་ལས་ཁོང་གསུམ་ཆ་ར་མཐོང་ཞིན་ན་ ང་གིས་ལྕགས་ཐག་ཚར་གསུམ་ མར་འཐེན་ནི་སྨ་རེད་ཟེར་ འ་ནཱི་བསྒང་ཡར་འཐེན་སྨ་རེད་ཟེར་ སླབ་སླབ་མས་ ཕོ་རྒནམོ་གཉིས་ལུ།
  • ཚེ་དབང་རིན་འཛིན་ Tshewang Rinzin
    བཏུབ་ཟེར་སླབ་སླབ་མས། ཁོ་འཛུལ་འགྱོ་ནུག་ནང་ན་ བུ་ཅུང་ལྕགས་ཀྱི་ཐོ་བོ་འདི། མར་འགྱོཝ་ད་ ཨ་ནཱི་ མར་སྡོད་ནུག་ཟེར་ཨིན་མས་ ཁྱིམ་བཅད་གཉིས་གསུམ་དེ་ཅིག་སྡོད་ནུག ཨ་ནཱི་ནང་ཨ་ལོ་ ཨང་རྒས་ག་ར་ ཨེབ་བརྩིགསཔ་བཞག་ནུག་ཟེར་ཨིན་མས། ཤ་བཟའ་ནི་གི་ཨིན་མས་ཏེ་ རོགས་ག་ར་ དོང་ནང་། དེ་ལས་མར་འགྱོཝ་ཅིག་ ག་ཏེ་འཚོལ་རུང་མིན་འདུག་ཟེར་ཨིན་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཡར་ཨ་ནཱི་ཐབ་ཀྱི་ལྟག་ལུ་ ཨ་ནཱི་འདུག་ཟེར་ཨིན་མས་ ཨ་ནེམ་ཅིག དོང་ཨ་ནེམ་ཅིག ཨ་ནཱི་ནང་བཙུགས་བཞག་ནུག་ཟེར་ཨིན་མས་ ཁོང་བུམོ་གསུམ་ཆ་ར། ཨ་ནཱི་ནང་ལས་བཏོན་ མར་ལྷོདཔ་ཅིག་ ཨང་རྒས་འདི་ཕར་ཉལ་ནུག་ཟེར་ཨིན་མས་ བཅད་ཅིག་ནང་། ཨ་ནཱི་ཐོ་བོ་དེ་ཚུ་འབག་ ཨང་རྒས་བསད། མར་མཆོད་རྟེན་གནགཔ་ཅིག་བཞེངས་ནུག་ཟེར་ ཁོ་གིས་ད་རུང་ མར་དོང་ནང་བསད་སྦེ།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཡུདཔ་ཅིག་ཁ་ལས་ ཨ་ནཱི་བུམོ་གསུམ་ཆ་ལྷོངས་ ཨ་ནཱི་ལྕགས་ཐག་གི་སྦོ་ལོགས་ཁར་ལྷོདཔ་ཅིག་ ཡུདཔ་ཅིག་ཁ་ལས་ ཨ་ནཱི་ཐོ་བོ་དང་ སྐེམ་པ་ གྱིམ་ཙི་ག་ར་མར་ལུས་ནུག་བ་ ཕར་ལུས་ནུག་ ཨ་ནཱི་ཨ་ཙི་ཅིག་ ལེན་པར་འགྱོ་གེ་ ཨ་ཙི་ མ་འཐེན་སྨ་རེད་ཟེར་སླབ་མས་ད་རུང་ ཡ་་་ བཏུབ་ཟེར་སླབ་སླབ་མས་ད་རུང་ ཁོ་ར་མ་ལྷོདཔ་ལས་ ཨ་ཞེམོ་གཉིས་ཀྱིས་ ནུམོ་བར་ན་བཙུགས་སྦེ་ ལྕགས་ཐག་ཐེངས་གསུམ་དེ་ཅིག་འཐེན་ནུག་མར།
  • ཚེ་དབང་རིན་འཛིན་ Tshewang Rinzin
    དེ་བསྒང་ལས་འཐེན་བདའ་ཡར་སོ་ནུག་ཡར་ཕྱི་ཁར་ དེ་བསྒང་ལས་སྒོ་ཡང་མིན་འདུག་ཟེར་ཨིན་མས། ལྕགས་ཐག་ཡང་མེད་ ཁོ་མར་ལུས་ནུག་ཏེ་ བུ་ཅུང་ལྕགས་ཀྱི་ཐོ་བོ་འདི་ ས་དོང་ནང་། ཡ་་་་ག་དེ་འབདན་ན་ང་ཟེར་ ཨ་ནཱ་[ལྷན་ཁུག་?] ནང་བལྟ་བ་ཅིན་ ད་ལྟོ་འབད་བ་ཅིན་ ཨ་ནཱི་ལོ་གསུམ་ཁམ་བུ་ཟེར་འོང་མས་མེན་ན།
  • ཚེ་དབང་རིན་འཛིན་ Tshewang Rinzin
    (གཡུས་སྐད་ནང་ལ་བ་གསུམ་ཟེར་དོ་མཱན་ ཨོ་དི་པུ་ཤི་) ལོ་གསུམ་ཁམ་བུ་ཟེར་མི་འདི་ ཨ་ནཱ་[ལྷན་ཁུག་?] ནང་གཅིག་སྡོད་ནུག་བ་ཏེ་ ཨ་ནཱི་བཏོན་སྦེ་ཟ་ ཨ་ནཱ་གོ་ལ་ནང་བཙུགས་བཞག་བཞགཔ་མས། འ་ནཱི་སྦེ་ ཁོ་ར་ཨ་ནཱི་སྦེ་རྨི་ལམ་བཟུམ་སྦེ་ གཉིད་ལོག་སོངཔ་ཨིན་ན་མ་ཤེས་ ག་དེ་སྦེ་ཨིན་ན་མ་ཤེས་ ཨ་ནཱི་སྦེ་ར་སྡོད་ནུག་ཏེ་ བུང་འགམ་སྟེ།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཁོ་ར་ཤེསཔ་ད་ ལོ་གསུམ་འགྱོ་ནུག་ཏེ་ མར་དོང་ནང་ལུ་ དེ་བསྒང་ལས་ཨ་ནཱི་ཤིང་འདི་ཡར་ ཕྱི་ཁ་ལས་ཕར་ལྷོད་སོ་ནུག་ལོ་ ཡར་རྡོག་མ་ཡང་བཏགས་ནུག་ཟེར་ཨིན་མས། ཨ་ནཱ་ཤིང་བདའ་སྟེ་འགྱོ་ནུག་ཏེ་ཁོ་གིས་ ཡ་ལྷོདཔ་ད་ མིན་འདུག་ཟེར་ཨིན་མས་ཏེ། ནུམོ་གཅིག་འབད་མི་འདི་ ཁོང་གཉིས་མ་འགྲིགས་ བསད་ གཅིག་གིས་འབདན་ གཅིག་གི་ཨམ་སྲུ་འབད་ནི་ཟེར་ བསད་སྦེ་མར་མཚོ་ནང་བཀོ་ནུག
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཨ་ཞེམོ་གཉིས་འདི་གངས་སེང་གེ་དཀར་མོ་གིས་འབག་ཡར་སོ་ནུག གཞན་ཨ་ནཱི་ཨ་ཞེམོ་སྡོད་ནི་ཨིན་མས་བ། དེ་བསྒང་ལས་མིན་འདུག་བ་ཏེ་ ཕོ་རྒནམོ་གཉིས་ཀྱི་འབད་གཞག་བལྟ་སྦེ་ཨ་ནཱི་སྦེ་བཞག་ནུག་ཏེ། ཕོ་རྒནམོ་འདི་གིས་མདའ་རྐྱབ་ཨིན་ཟེར་ཨིན་མས་ཡར། ཁོ་གི་གཞུ་འདི་ ཕར་འབའ་གི་རྒྱབ་ཁར་བཞག་ནུག་ཟེར་ཨིན་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཁོ་འདི་ [རོགས་སྤང་ནང་?] བཟུམ་སྦེ་ཨ་ནཱི་སྦེ་སྡོད་ནུག་བ་ཏེ་ གོ་འདི་ཚུ་ཡང་ག་ར་སྤེག་འགྱོ་ འ་ནཱི་སྦེ་སྡོད་སྡོདཔ་མས། དབའེ་ ཨ་ནཱི་གཞུ་འདི་ག་གི་སྨོ? ང་རྐྱབ་བལྟ་གེ་ཚར་གཅིག་ ཟེར་སླབ་སླབ་མས་ཁོ་གིས། ཁོ་ར་གི་གཞུ་ངོ་ཤེས་པས་བ་ཏེ་ རྐྱབ་བལྟ་གེ་ཟེར། སྤ་་་་ ང་བཅས་འདི་ གཉའ་རྒོད་ཀྱི་ ང་རའི་ནོ་གཅུང་གི་ཨིན་ཟེར་ ང་བཅས་ཕོ་རྒནམོ་གཉའ་རྒོད་སྦོམ་ཤོས་ཨ་ནཱི་སྦེ་ཡོད་རུང་ ཕར་བཏང་ར་མི་ཚུགས་ཟེར།
  • ཚེ་དབང་རིན་འཛིན་ Tshewang Rinzin
    དེ་འདི་དཀྲོག་ནི་ར་མི་འོང་ ཟེར་སླབ་སླབ་མས། ངོ་མ་ཤེསཔ་མས་ ཨ་་་་ ཚར་གཅིག་གཏང་གེ་ འབད་ཚུགས་ག་མི་ཚུགས་ བལྟ་གེ་ཟེར་སླབ་སླབ་མས། མདའ་རྐྱབ་ནུག རྐྱབ་ཤིག་ཟེར་སླབ་སླབ་མས། ཁོ་གིས་ ཕར་ཡང་བཀག་རི་ ཚུར་ཡང་བཀག་རི་རྐྱབ་ནུག་ཏེ། ཡུདཔ་ཅིག་ཁ་ལས་ ཏེ་བུ་ཅུང་ལྕགས་ཀྱི་ཐོ་བོ་ཟེར་མི་འདི་ང་ཨིན།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཕོ་རྒནམོ་གཉིས་ཀྱིས་ཨ་ནཱི་སྦེ་འབད་ནུག ཏེ་ཁོང་གསུམ་ག་ཏེ་ཡར་སོ་ཡི་ ཟེར་དྲིས་དྲིསཝ་མས། ཏེ་ཨ་ཞེམོ་གཉིས་འདི་ ཡར་གངས་སེང་དཀར་མོ་གིས་འབག་ཡར་སོ་ཡི་ཟེར། ཏེ་ནུམོ་འདི་ ང་བཅས་གཉིས་ གཅིག་གིས་འབདན་གཅིག་འབད་ནི་ཟེར་མ་འཆམ་པར་ བར་ན་སྐོར་ལས་མ་འགྲིགསཔ་འགྱོཝ་སྦེ་ མཚོ་ནང་བཀོ་ད་ཡི་ ཟེར་སླབ་མས་ཟེར།
  • ཚེ་དབང་རིན་འཛིན་ Tshewang Rinzin
    དེ་བསྒང་ལས་ ཀྱེ་བལྟ་གེ་ཕར་བཀོ་ས་སྟོན་ཤིག་ སླབ་སླབ་མས། དེ་བསྒང་ལས་ཕར་སྟོན་པར་འགྱོཝ་ད་ རུ་ཏོ་འདི་ཚུ་ག་ར་ ཕར་མཚོའི་མཐའམ་བདའ་སྡོད་ནུག་ཟེར་ཨིན་མས། རུ་ཏོ་ག་ར་བསྒྱོམས་ཞིན་ན་ ཁྱིམ་ནང་འབག་སྦེ་ཆུ་འཁྱུ་ བསང་བཏང་ དེ་ལས་ཡར་ཨ་ནཱི་མཆོད་བཤམ་ནང་བསང་བདུག་འབད་སྦེ་ སྒྲོམ་ནང་འདེགས་བཞག་བཞགཔ་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    འདེགས་བཞག་ས་ ཟླཝ་གཅིག་འགྱོཝ་ད་ འ་ནེམ་ཅིག་འགྱོ་ནུག་ཟེར་ཨིན་མས་ ག་ར་གཅིག་ཁར། ཟླཝ་གཉིས་འགྱོཝ་ད་ ཡུདཔ་ཅིག་ ཨ་ནེམ་ཅིག་སྦོམ་འགྱོ་ནུག ཡུདཔ་ཅིག་ཨ་ལོ་ཆུང་ཀུ་འགྱོ་ནུག་ཏེ་ ལོ་གསུམ་འབད་བའི་བསྒང་ལས་ཏེ་ ཁོ་སྒྲོམ་ཁ་ཕྱེས་བལྟཝ་ད་ བུམོ་འཇའ་རིསམོ་ཨ་ནཱི་སྒྲོམ་གང་འགྱོ་ནུག་ཟེར་ཨིན་མས།
  • ཚེ་དབང་རིན་འཛིན་ Tshewang Rinzin
    ཁོ་ར་གཉིས་ ཏེ་སྦོམ་འགྱོ་ ཏེ་གཅིག་ཁར་གཉེན་ བསྟུན་གྲོས་འབད་ གཉེན་རྐྱབ་ ཏེ་ཁོ་ར་གཉིས་ གཅིག་དཔོན་འབད་ གཅིག་གིས་འདི་ ཨ་ཞེ་འབད་སྦེ་ཨ་ནཱ་ གཡུས་ཚན་གཅིག་དབང་སྦེ་ ཁོང་གཉིས་སྡོད་སྡོདཔ་མས་ལགས། ཨ་ནེམ་ཅིག་ བཀྲ་ཤིས་བདེ་ལེགས།། །།