Skip to main content Skip to search
25 Jan 2017
5 min 28 sec
Samten Yeshi
Video Overview
Creators: 
Yeshi Wangchuk, Dorji Nima

Chozom from Tali village narrates a story about a bear and a poor boy. The story narrates about a bear who would steal food from the houses and one day a poor boy finds the bear carrying foods and getting into his house. The boy then having known where the food is stocked, lived hiding in the bear's house and ate anything he could when the bear goes out. One day the bear find that his food are often eaten when he came back home and invites a white langur to to conduct a ritual to clear the obsticles which he believed to have caused by a demon known as Zadre. But the poor boy manages to frighten both the langur and the bear and finally gets the place to live as the bear abondons his home. 

གཞལམ་སྒང་ཁག་ ནང་སྐོར་རྒེད་འོག་ རྟ་ལི་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་ དོམ་དང་བུཚ་སྤྱང་ཀ་གཉིས་ཀྱི་སྐོར་ལས་ སྲུང་བཏངམ་ཨིན་པས། སྲུང་འདི་ནང་ དོམ་གྱིས་ ཁྱིམ་ཚུ་ནང་འཛུལ་ཡི་ར་ ལྟོ་ཨརཝ་བརྐུ་དོ་ཡོདཔ་ད་ ནམ་ཅིག་གི་ཚེ་ བུཚ་སྤྱང་ཀ་འདི་གིས་ དོམ་གིས་ ལྟོ་འབག་སྟེ་ ཁོ་རའི་ ཁྱིམ་ནང་འཛུལ་ས་མཐོང་མཐོངམ་མས། འདི་ལས་བུཚ་འདི་གིས་ དོམ་གྱིས་ ལྟོ་ག་ཏེ་བཞག་ཅི་ག་ལྟ་ཡི་ར་ གཡིབ་ལྟ་བཞག་སྦེ་ དོམ་རྒྱབ་ཐལཝ་ད་ར་ ལྟོ་འདི་ སྤུས་ཙ་སྦེ་ བཟའ་བཟའཝ་ཨིན་པས། ཉིནམ་ཅིག་འབདཝ་ད་ དོམ་ཁྱིམ་ནང་ལོག་འོངམ་ད་ ཁོ་གི་ལྟོ་སྤུས་ཙ་སྦེ་ བཟའ་མི་ཅིག་འདུག་ཟེར་ སྤྱ་དཀར་ཅིག་ ཁོ་ལུ་གནོད་པའི་ བཟའ་གྲེ་གི་ བར་ཆད་བཟློག་ཐབས་ལུ་ རིམ་གྲོ་འབད་བ་ སྤྱ་དཀར་ཅིག་འབོ་འབོཔ་ཨིན་པས། འདི་འབདཝ་ད་ བུཚ་སྤྱང་ཀ་འདི་གིས་ དོམ་དང་ སྤྱ་དཀར་གཉིས་ཆ་ར་འདྲོག་བཅུག་ཞིནམ་ལས་ མཐའ་མཇུག་ལུ་ དོམ་འདི་ ཁྱིམ་སྤངས་སོང་ཡོདཔ་ལས་ བུཚ་སྤྱང་ཀ་གིས་ཐོབ་ཐོབ་ཨིན་པས། 

Transcript search
No results found for this search
0 of 0
 • ཆོས་འཛོམས་ Chozom
  དང་ཕུགས་དང་ཕུགས་ དོམ་གཅིག་སྡོད་སྡོདཔ་མས་ལོ། ང་བཅས་རའི་ གཡུས་ཁར་འོང་ཡི་ར་ ཁོ་ལུ་ ཁྱིམ་ཡང་ ཨེན་ཏ་གི་ ཁྱིམ་བཟུམ་ཅིག་སྡོད་ནུག་སྦ་ཁོ་ལུ་ སྤང་མའི་ཟེར་ ཨེན་ཏ་གི་ ཁྱིམ་སྦེ་སྡོད་ནུག་མེན་ན་ཏེ་དང་ཕུགས་ ཚལ་མ་གྱི་སྦུག་ལུ་ དེ་ལས་ བཟའ་ནི་འཐུང་ནི་ག་ར།
  Dang phu, dangphu, there lived a bear. He is always coming in our village. His house is made up of planks inside the forest.
 • ཆོས་འཛོམས་ Chozom
  ང་བཅས་རའི་ གཡུས་ཁར་ལས་ཕར་ ཁྱིམ་བཀོ་བཞག་ར་མི་བཏུབ་ལོ། ཁྱིམ་ནང་ལས་ འབྲུ་སྣ་ཚུ་དབོག་འབག་སྟེ་ དེ་སྦེ་འབག་ཡི་ར་སྡོད་སྡོདཔ་ཨིན་ལོ།
  He will not get rid of the villagers. He took away all varities of grains from there house.
 • ཆོས་འཛོམས་ Chozom
  ཤུལ་ལས་འབདཝ་ད་ རོགས་སྤྱང་ཀའི་བུཚ་ཅིག་ ཁོ་མ་པ་ལས་ར་ སྤྱང་ཀ་སྦེ་སྡོད་ནུག་ཏེ་ བཟའ་ནི་ག་ནི་ཡང་མེད་པར་ དེ་ལས་ ཁོ་གིས་ཡང་ འབག་འབགཔ་མས་ཏེ་ ཁོ་གི་འབག་སྟེ་ དེ་ལས།
  Later the bear went to the orfain boy's house. infact he don't have anything to eat but the bear took away from his house also.
 • ཆོས་འཛོམས་ Chozom
  ད་ང་ར་མ་པ་ལས་རང་བཟའ་ནི་མེད་ཟེརནི་ ཨ་ཙི་ཡོད་མི་དེ་ཡང་ ཁོ་གིས་ འབག་ནུག་ཟེར་ ཁོ་རྟིང་བདའ་སྟེ་ སོང་སོངཔ་ཨིན་ལོ། དེ་བསྒང་དོམ་དེ་གིས་ འབག་སྟེ་འགྱོཝ་མས་ལོ། ཁོ་གི་འབྲུ་འདི་འབག་སྟེ།
  The boy said that, "I don't have any thing to eat, but i have little and it is also taken by him" And it is said that, the boy also went fllowing the bear. That time the bear was carrying his grains and going.
 • ཆོས་འཛོམས་ Chozom
  འིང་་་འིང་ཟེར་ འུ་སྡུག་མ་མི་ཧང་ག་ལི་སྡུག་ཟེར་ ལྟོ་བཟའ་མོ་བྲཱ་ཁར་ནག་པོ་བཟའ་ཟེར་ འིང་འིང་བཏང་འབག་འགྱོ་མས་ལོ་ཁོ་གིས། ཨ་ནཱི་་་མི་ཧང་ག་ལི་སྡུག་ཟེརཝ་ད་ འུ་སྡུགཔ་ད་མི་སྡུག་ དེ་ལས་ བཟའཝ་ད་ བྲཱ་ཁར་ནག་པོ་ཟེར་ དོམ་ཁོ་ར་ལུ་ སླབ་དོ་མས་ཏེ་ དེ་སྦེ་ཨིན་པས་ཟེར།
 • ཆོས་འཛོམས་ Chozom
  འབག་སྟེ་ར་འགྱོཝ་མས་ཟེར་ཨིན་པས། ཨཱ་་་དེ་སྦེ་འབག་སྟེ་འགྱོཝ་ད་ དེ་ལས་ ད་ཁོ་གི་ ཁྱིམ་ཤེས་ནུག་མེན་ན་ཏེ་ ཨ་ནཱ་ཨིན་པས་ཟེར་ སྤྱང་ཀའི་བུཚ་གིས་ཤེས་ཏེ་ ཨ་རྟག་ར་འགྱོ་དོ་མས་ལོ། དེ་བསྒང་(དོམ་འདི་)ཕྱི་རུ་ལྟོ་བཟའ་སྦེ་ ཉལཝ་མས་ཟེརཝ་མས་ལོ་ ཉལ་ཞིནམ་ལས།
 • ཆོས་འཛོམས་ Chozom
  ད་རུང་ནངས་པ་ལས་ ལྟོ་གཡོ་ཚོདམ་འབད་ལྟོ་བཟོ་ཞིནམ་ན་ ལྟོ་ཡང་ ཏའུ་ཏིར་ཏུམ་པ་སྦོམ་ཅིག་གི་ནང་བཟོ་ དང་ཕུགས་ ཏའུ་ཏིར་ཏུམ་པ་ཟེར་འོང་སྦ། འདི་ནང་བཟོ་ ཚོདམ་ཡང་ཀ་ལ་སྦོམ་ཅིག་གི་ནང་བཟོ། སྦང་ཆང་ཡང་ བཱན་ནང་སྦེ་ བཟོ་ཞིནམ་ལས་ ཆང་བཙག་སྟེ་ བཙུགས་བཙུགས་སར་བཞག་སྟེ་ འགྱོཝ་མས་ཟེར་མས་ལོ་ཏེ་ད་རུང་།
 • ཆོས་འཛོམས་ Chozom
  ཨཱ་་་ཁོ་ར་རྒྱབ་ཐལ་བའི་ཤུལ་ལུ་ར་ ཁོ་འཛུལ་ཏེ་ ལྟོ་ཡང་སྤུད་ སྦང་ཆང་ཡང་ཧིང་སངས་ས་འཐུང་ཞིནམ་ལས་ སྡོད་སྡོདཔ་མས་ལོ་ཁོ་གིས། ཨ་རྟག་ར་ དེ་སྦེ་འབད་བའི་ལོ། དེ་ལས་ ཁོ་ར་ཕྱི་རུ་འོངམ་ད་ བཟའ་ནི་ག་ནི་ཡང་མེད་པ་ཨིན་པས་ཏེ།
 • ཆོས་འཛོམས་ Chozom
  དེ་ལས་ ཁོ་(དོམ་)གིས་ སླབ་སླབ་མས་ལོ། ཨཱ་་་ངེའི་ཁྱིམ་འདི་ བཟའ་འདྲེ་གིས་གནོད་ནུག་ད་ ད་རིམ་བྲོ་ཅིག་བཏང་དགོ་པས་ཟེར་སླབ་སྟེ་ དེ་ལས་ སྤྱང་ཀའི་བུཚ་འདི་ ནཱ་ར་བཟའ་སྡོད་དོ་མས་ཏེ་ ཁོ་གིས་ བཟའ་ཡི་ར།
 • ཆོས་འཛོམས་ Chozom
  དེ་འབདཝ་ད་ དོམ་གྱིས་ བཟའ་འདྲེ་གིས་ གནོད་ནུག་ཟེར་སླབ་སྟེ་ ད་སློབ་དཔོན་ཅིག་ ཞུ་བར་འགྱོ་དགོ་པས་ཟེར་ འགྱོཝ་མས་ལོ་དོམ་དེ་ སློབ་དཔོན་ཞུ་བར་སོང་སྟེ་ སློབ་དཔོན་འདི་ སྤྱ་དཀར་ཅིག་འཁྱིད་དེ་ འོང་འོངམ་མས་ཏེ།
 • ཆོས་འཛོམས་ Chozom
  སྤྱ་དཀར་སློབ་དཔོན་སྦེ་ འཁྱིད་འོང་སྟེ་ སློབ་དཔོན་མར་ ཆོ་གའི་གྱལ་ཁར་སྡོདཔ་ད་ རྩ་བར་སྡོད་དགོ་ ག་དེ་ཡང་མ་བདེ་བར་ ཨ་ནཱི་ཨེན་ཏ་གུ་ལས་མར་ མཇུག་མ་བཙུགས་བཞག་སའི་དོང་མེད་པར་ དེ་ལས་ མར་དོང་བརྐོ་ཡི་ཟེར་མས་ལོ། དེ་ལས་ ཨེན་ཏ་དོང་སྤེད་ཞིནམ་ལས་ མཇུག་མ་འདི་མར་བཙུགས་བཏང་སྟེ།
 • ཆོས་འཛོམས་ Chozom
  ཆོ་ག་བཏང་དོ་མས་ཏེ་ ར་ཀ་ཏ་ཀ་ ར་ཀ་ཏ་ཀ་ ར་ཀ་ཏ་ཀ་བཏང་སྤྱ་དཀར་གྱིས་ དེ་ལས་ ང་བཅས་བཟུམ་སྦེ་ར་ བཏང་དོ་འདྲས་མེན་ན་ཏེ་ཆོ་ག་ དེ་ལས་ སྤྱན་འདྲེན་ལུ་ལྷོད་པའི་ཟེར་ ལྷོད་དོ་མས་ཏེ་ དེ་བསྒང་།
 • ཆོས་འཛོམས་ Chozom
  སྤྱང་ཀའི་བུཚ་གིས་ མཇུག་མ་ཨ་ཙི་ཅིག་བཏོག་དོ་མས་ཏེ་ ཁོ་མར་འོག་ཐོག་སྡོད་ཞིནམ་ལས་ དེ་བསྒང་སྤྱ་དཀར་གྱིས་ ཨ་ཙ་ཙ་བཟའ་འདྲེ་གནོད་གནོད་ཟེར་མས་ལོ། བཟའ་འདྲེ་གིས་ཤུགས་སྦེ་ར་གནོད་ནུག་ ཁྱོད་ཀྱི་ ཁྱིམ་ནང་ཟེར་ སླབ་དོ་མས་ཏེ།
 • ཆོས་འཛོམས་ Chozom
  ད་རུང་ ད་རུང་ ཆོ་ག་བཏང་དོ་མས། ད་རུང་ མཇུག་མ་ཨ་ཙི་ཅིག་བཏོག་དོ་མས། ཨ་ཙི་བསྒུགསཔ་ད་ར་ མཇུག་མ་བཏོག་དོ་མས་ དེ་སྦེ་འབདཝ་ད་ར་ ཨ་ཙ་ཙ་བཟའ་འདྲེ་གནོད་གནོད་ཟེརཝ་མས་ལོ།
 • ཆོས་འཛོམས་ Chozom
  ད་རུང་ ཆོ་ག་བཏང་དོ་མས། ད་རུང་མཇུག་མ་བཏོག་དོ་མས། མཇུག་མ་རྫོགས་ར་རྫོགས་དོ་མས་ཏེ་ ཡར་ར་ལྷོད་ལྷོད་མས་ཏེ་ ལགཔ་བཤེད་ས་ ཨ་ནཱེམ་ཅིག་འབད་མི་རྐྱངམ་ཅིག་ལུས་ལུསཔ་མས། དེ་བསྒང་དྲེགས་ར་མ་ཚུགས་དོ་མས་ཏེ་ སློབ་དཔོན་འདི་ཚ་སྟེ་ ར་ཀ་ཏ་ཀ་ར་ཟེར་བཏང་སྟེ།
 • ཆོས་འཛོམས་ Chozom
  ལྟ་མ་འབདཝ་ད་ སློབ་དཔོན་ལོང་སྟེ་ འགྱོ་དོ་མས་ཏེ་ དྲེགས་མ་ཚུགས་པར་ ཨཱ་་་(སྤྱ་ཀའི་བུཚ་)གིས་བཟུང་དོ་མས་ཏེ་ དེ་ལས་ སློབ་དཔོན་དྲགསཔ་ད་ ཡར་འཐེན་ཏེ་ (སྤྱ་ཀ་ཨ་ལོའི་)མགུ་ཏོ་དོང་བཏང་རྡུང་བཏང་དོ་མས་ཏེ་ ཨཱ་ཁོ་དྲགསཔ་ད་མར་འཐེནམ་པའི་སྐབས་ སློབ་དཔོན་གྱི་ ཨ་བུག་རྡུང་བཏང་དོ་མས།
 • ཆོས་འཛོམས་ Chozom
  དེ་ལས་ ཡར་འཐེན་ དོང་བཏང་འབད་ མར་འཐེན་དོང་བཏང་འབད་དེ་ དཱང་དོང་དཱང་དོང་བཏང་རྐྱབ་དོ་མས་ ཁོང་གཉིས་ ཨ་ནཱི་ སློབ་དཔོན་དང་ སྤྱང་ཀའི་བུཚ་ དེ་ལས་ དོམ་འདི་ ད་ང་མི་སྡོད་སྨ་རེ་ཟེར་ ངེ་ཁྱིམ་ནང་བཟའ་འདྲེ་གིས་ དེ་སྦེ་ར་གནོད་པ་ཅིན་འདི་ མི་སྡོད་ཟེར་ ཨེན་ཏའི་ཁྱིམ་ནང་ ཚེ་ད་རེས་འདི་ ག་ཅི་སྦེ་སྡོད་ནི་ མཇུག་ཕྱི་མ་ཡང་ གསོལཝ་མི་བཏབ་ ཨ་ནཱི་ ཁྱིམ་ནང་མ་པ་ལས་མི་སྡོད་ཟེར།
 • ཆོས་འཛོམས་ Chozom
  དེ་ལས་ ཨེན་ཏའི་ཁྱིམ་ནང་མ་པ་ལས་ མི་སྡོད་ཟེར་ ཁ་ཆེམས་ར་བཞག་བཞགཔ་ཨིན་ལོ་མེན་ན? དེ་ལས་ ཐོན་འགྱོ་འགྱོཝ་ཨིན་ལོ་དོམ་དེ་ དེ་ལས་ ཡུདཔ་ཅིག་ལས་ སློབ་དཔོན་ཡང་ པགས་ཀོ་ར་ཤུབས་འགྱོཝ་ད་ མཇུག་མ་གི་པགས་ཀོ་མེདཔ་བཟོ་སྦེ་ སོང་སོངམ་ཨིན་ལོ།
 • ཆོས་འཛོམས་ Chozom
  དེ་ལས་ ཁོ་ཁྱིམ་ནང་འཛུལ་ཏེ་ ཁོ་སྡོད་སྡོདཔ་ཨིན་ལོ་ སྤྱང་ཀའི་བུཚ་དེ་ དེ་འབདཝ་ད་ ཁོ་ནཱ་ ལུས་ལུསཝ་མས་ཏེ་ཁྱིམ་ནང་ དེ་འབདཝ་ད་ འ་ནཱེམ་ཅིག་སྦེ་ ལུས་ལུསཝ་མས་དོམ་འདི་ ཨ་ནཱེམ་ཅིག་རང་ཨིན་ འདི་དེ་རྫོགས་སོང་ཡི།