Skip to main content Skip to search
15 Dec 2011
21 min 44 sec
David Germano
Video Overview
Creators: 
Unknown

A tailor stitches the brocade of a tangka.

唐卡画要用绸缎包边,大部分是用三种颜色的绸缎,盖布用红丝绸制作。 绘制完唐卡后,要用绸缎包边装饰。

Transcript search
No results found for this search
0 of 0
  • བཙུན་མ་རྒན་པ། Senior nun
    ན་ག་སྒྲོལ་མ། རྒན་ལགས་ཁོང་གཉིས་ལ་གསོལ་ཇ་ཞུས་དང་།
    Naga, can you please serve tea to our two guests?
  • དྲི་བ་ལེན་མཁན། Questioner
    འདི་ག་རེད་བྱེད་ཡག་ཆེད་དུ་བྱེད་ཀྱི་ཡོག་རེད།
    What is the purpose of doing this?
  • བཙུན་མ་རྒན་པ། Senior nun
    ལཱ།
    What?
  • དྲི་བ་ལེན་མཁན། Questioner
    ཐིག་རྒྱག་ཡག་འདི།
    Why are you drawing the lines?
  • བཙུན་མ་རྒན་པ། Senior nun
    ཐིག་རྒྱག་ཡག་འདི། ཨམ་་་ འཚེམ་བུ་ཡོར་འགྲོ་གི་རེད། འཚེམ་བུ་ཀྱོག་ཀྱོག་མ་ཆགས་ཡག
    These serve as a guide for the tailor to make sure that stitching won't go astray.
  • དྲི་བ་ལེན་མཁན། Questioner
    ད་དུང་དེའི་ནང་ལོགས་ལ་བླུགས་ཡག་ལ་གཅིག་དགོས་ཀྱི་ཡོད་པ་འདྲ།
    And how do you place the painting inside?
  • དྲི་བ་ལེན་མཁན། Questioner
    སྐུ་དང་ཨེ་འདྲས་ག་རེ་བྱས་པ་ཡིན་ནའི་ནང་ལ་ཐིག་ཚད་དགོས་རེད་པཱ། ཐིག་མ་བརྒྱབ་ན་འཚེམ་བུ་ཨ་ཀྱོག་ཕ་ཀྱོག་ཆགས་ཀྱི་རེད། འདི་དྲས་བྱས།
    Be it a Buddha figure or any deity, we need to take proper measurement first. If we don't mark it with lines, it is hard to get a straight line.
  • དྲི་བ་ལེན་མཁན། Questioner
    དྲང་པོ་ཆགས་མི་ཆགས་སྐོར་ལ་ཏིག་ཙམ་ལབ་ཙམ་བྱེད་རོགས།
    Can you please tell a little bit about how you assure a proper alignment while stitching?
  • བཙུན་མ་རྒན་པ། Senior nun
    ལགས་སེ།
    Okay.
  • བཙུན་མ་རྒན་པ། Senior nun
    ལྷ་གོ་འདིར་གཅིག་ཤོག་དང་།
    Lhago, please come here for a moment.
  • བཙུན་མ་རྒན་པ། Senior nun
    ད་གིན་ཐིག་འདི་མ་བརྒྱབ་པ་ཡིན་ན། ཨཱ་ནི་འདི་གས་འདུ་སེ་འདི་ནས་མར་ལྷ་རིས་ཀྱི་ཐིག་ཅིག་ཡོག་རེད་པཱ་འདི་དང་ཚེམ་བུ་བ་གི་ཐིག་ཏག་ཏག་བསད་པ་ཞིག འདུ་ས་བྱས། འདི་ཏག་ཏག་མ་བསྡད་པ་ཡིན་ན་ཨཱ་ནི་འཚེམ་བུ་ཀྱོག་ཀྱོག་ཆགས་ཡག་དང་ཨེ་འདྲས།
    Those lines drawn earlier help us to properly align them with the lines on tangka painting drawn by the painter.
  • བཙུན་མ་རྒན་པ། Senior nun
    དང་པོ་དང་པོ་སྒྲོན་དུས་ཙམ་ལ་འདི་ནས་དེ་བར་དུ་ཐིག་བརྒྱབ། འདི་གཉིས་གཉིས་འདུ་ས་ཐིག་བརྒྱབ། ཐིག་བརྒྱབ་བྱས་བྱས།
    Before placing the tangka inside, first of all, draw a vertical line and a horizontal line between these two sides.
  • བཙུན་མ་རྒན་པ། Senior nun
    ཨཱ་ནི་འདི་གས་གང་གར་རྒྱབ་ཤ་བརྒྱབ། རྒྱབ་ཤ་བརྒྱབ། འདིར་ཞལ་ཁེབས་ཁ་སང་སེར་པོ་ཞིག་འདུག་གཱ འོ་འདི་སེར་པོ་དང་དམར་པོ་འདི་གས་གིས་འདི་ལ་ཞལ་རས་བཀབ་ཡག ཚོས་གཞི་གཉིས་སྦྲེལ་ཡག
    Then you also have to make a screen for the tangka, which is normally made from a combination of yellow and red color cloth.
  • བཙུན་མ་རྒན་པ། Senior nun
    ཨཱ་ནི་འདིའི་འོག་དེར་རྒྱུག་པ་གཅིག་བླུགས། དེར་ཡང་རྒྱུག་པ་གཅིག་བླུགས། དེ་གས་ཞལ་ཁེབས་དེ་མར་སྒྲོན་གྱི་རེད།
    Then you insert a hardwood dowel along the bottom of the tangka and another along the top of tangka. After that, you cover the tangka with the screen.
  • བཙུན་མ་རྒན་པ། Senior nun
    འདི་གས་ལ་རྒྱབ་ཤ་བརྒྱབ། འདི་གས་གང་ག་ཚར་སོང་ན། ཨཱ་ནི་མེ་ལོང་འདིའི་ནང་ལོགས་དེར་བླུག་ཡག་རེད།
    After completing all the covers, then the mirror is placed inside at the end.
  • བཙུན་མ་རྒན་པ། Senior nun
    འདི་མེ་ལོང་འདི། འདི་གས་རྒྱབ་ཤ་བརྒྱབ། འདི་གས་གང་ག་མ་བྱས་པར་མེ་ལོང་བླུགས་ན་མེ་ལོང་ཆག་འགྲོ་གི་རེད། བླུག་འཇུག་གི་མ་རེད།
    If you put the mirror inside before those steps, it will break. So you cannot do like that.
  • བཙུན་མ་རྒན་པ། Senior nun
    འོ། དྭ་འགྲིག་མེད་འགྲོ ལྷ་གོ་སྒུགས་ཨང་། ལྷ་གོ་སྒུགས་ཨང་། ད་ལྟ་ང་འདིར་རོགས་པ་བྱེད།
    Lhago, wait. Please help me with this.
  • བཙུན་མ་རྒན་པ། Senior nun
    འོ།
    Yes.
  • བཙུན་མ་རྒན་པ། Senior nun
    འདི་པ་ཅིག་ལ་འཇག་མ་གཉིས་འདུག་གས།
    Have you seen the two stalks nearby?
  • བཙུན་མ་རྒན་པ། Senior nun
    འདི་འཚེམ་བུ་འདིའི་དཀྱིལ་ལ་ཞོག
    Place one in between the stitches.
  • བཙུན་མ་རྒན་པ། Senior nun
    འཚེམ་བུ་ཞིག་འདུག་གཱ འཚིམ་བུ་འདིའི་དཀྱིལ་འདི།
    Can you see the stitches? Place it in between.
  • བཙུན་མ་རྒན་པ། Senior nun
    འཚེམ་བུ་ཞིག་འདུག་གཱ སྔས་ལ་འཇག་མ་ཕར་འཁྱེར།
    That stitch. First take away the stalk.
  • བཙུན་མ་རྒན་པ། Senior nun
    འོ་ཡག་་་ འཇག་མ་འཚེམ་བུའི་དཀྱིལ་འདིར་ཞོག་དང་།
    Good. Place the stalk in between the stitches.
  • བཙུན་མ་རྒན་པ། Senior nun
    ཐིག་ཡར་ཙམ་འཐེན། ད་དུང་འཐེན།
    Mark the line little above. Little more.
  • བཙུན་མ་རྒན་པ། Senior nun
    ཚུར་ཙམ་བར་ལ། འོ་ཡག འོ་འདུག་སེ།
    Toward you a little. Good. Yes, like that.
  • བཙུན་མ་རྒན་པ། Senior nun
    ཐང་ཀའི་དབུ་དང་ཞབས་དེ་གཉིས་ཅར་ལོགས་ཆེ་ཆུང་ལོ་གར་རེད། སག་ཏིག་ཙམ་ཡོག་རེད།
    The top of a tangka and the bottom one have different lengths. And the two sides are little inclined.
  • བཙུན་མ་རྒན་པ། Senior nun
    འདིར་རྒྱོབ། འདིའི་སྒང་དེར་།
    Mark here. On the top.
  • བཙུན་མ་རྒན་པ། Senior nun
    འོ། ལྟ་དེ་འདིའི་སྒང་དེ།
    Yes. That one the top of this.
  • བཙུན་མ་རྒན་པ། Senior nun
    འདི་ནང་ཤ་རེད།
    This is for making the inner lining of the tangka.