Skip to main content Skip to search
19 Jul 2018
2 min 29 sec
Rinchen Dorji
Video Overview
Creators: 
Penchela

Longchen Rabjam had three sons: Longchen, Longchen Jigme Lingpa, and Jigme Gyelwe Nyeku. Gyalwa Longchen dharma was spread to the three of them. They were carrying flowers, with thunderbolts atop them. He also holds a sword and a volume of scripture. All three sons have their legs folded.

ཀློང་ཆེན་ཡབ་སྲས་གསུམ་ཡོད་པ་ཨིན་མས། རྒྱལ་བ་ཡབ་སྲས་གསུམ་འདི་ ཧེ་མ་ཀློང་ཆེན་ ཀློང་ཆེན་ལས་འཇིགས་མེད་གླིང་པ་ དེ་ལས་འཛིགས་མེད་རྒྱལ་བའི་གཉིས་སྐུ་ཟེར་ ཁོང་གསུམ་ཨིན་དོ་ཡོདཔ་ ཨིན་མས། རྒྱལ་བ་ཀློང་ཆེན་གྱི་ཆོས་འདི་ ཁོང་གསུམ་ལུ་ཡོདཔ་ ཨིན་མས། སྐུ་ཉོ་མི་འདི་ ན་མེད་ས་མེད་ འཐོན་དོ་ཡོདཔ་ཨིན་མས། ཕྱག་ལུ་ མེ་ཏོག་རྣམས་འདི་ དེ་ལས་མེ་ཏོག་ཐོག་ཁར་ རྡོ་རྗེ་སྐྱེད་འདི་ཡོདཔ་ཨིན་མས། དེ་ལས་ཅིག་ལུ་རལ་གྲི་ དེ་ལས་ཅིག་ལུ་ལེགས་བམ་འནི་བཟུམ་འབད་ཏེ་ཡོདཔ་ཨིན་མས། ཞབས་ལུ་ ཁོང་གསུམ་ཆ་རང་ཀྲུལ་སྐྲུམ་ ཅོག་རང་གཅིགཔཡོདཔ་ཨིན་མས།

Transcript search
No results found for this search
0 of 0
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  སྨོ་འཇིགས་མེད་རྒྱལ་བའི་སྨྱུ་གུ་གསེས་ ང་བཅས་འ་ནཱི་ འ་ནཱི་ཕར་ཧེ་མ་ར་ཀློང་ཆེན་ འ་ནཱི་ཡབ་སྲས་གསུམ་ཟེར་ཡོད་པ་ལགས།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  རྒྱལ་བ་ཡབ་སྲས་གསུམ་འདི་ ཧེ་མ་ཀློང་ཆེན་ ཀློང་ཆེན་ལས་ ཏེ་འ་འདི་འཇིགས་མེད་གླིང་པ་ ཁོ་གསུམ་གཅིག་ཁར་འགྱོ་དགོ་ལགས།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  དེ་ལས་འཇིགས་མེད་རྒྱལ་བའི་སྨྱུ་གུ་ ཏེ་འ་ནཱི་ཀློང་ཆེན་གྱི་བརྒྱུད་པ་འདི་ འ་ནཱི་འཇིགས་མེད་གླིང་པ་ ཆོས་ག་ར་ཁོ་གིས་ཐོབ་ཐོབ་ཨིན་ཀློང་ཆེན་གྱི་ཆོས།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  རྒྱལ་བ་ཀློང་ཆེན་གྱི་ཆོས་འདི་ ག་ར་ཁོ་ལུ་ཡོད་གསེས་ ཏེ་འ་ནཱི་ལས་བརྒྱུད་དེ་སྦེ་ འཇིགས་མེད་རྒྱལ་བའི་སྨྱུ་གུ་ ཁོ་གསུམ་གཅིག་ཁར་ཏེ་བླ་མ་ཨིན་ཁོང་གཉིས།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  ཏེ་འ་ནཱི་ནང་འདི་ ང་བཅས་ཀྱི་རྙིང་མ་གི་འདི་ཡང་ གནམ་མེད་ས་མེད་ཀྱི་ ཁོ་གསུམ་འདི་ འ་ནཱི་བཟུམ་སྦེ་བརྩི་ནི་ཡོད་ལགས་ང་བཅས།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  འདི་ད་མི་འདི་ཚུ་གིས་ ད་དགོ་པས་ཟེར་ ནཱ་ལུ་འ་ནཱི་བཟོ་གནང་ག་དེ་སྦེ་འོངམ་མས་ལགས?
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  ཏེ་འ་ནཱི་ཡང་གནམ་མེད་ས་མེད་མི་ཐོན་མས་ལགས་ཁོང་ འདི་འ་ནཱི་འདི་ ཁོང་རེ་རེ་གཉིས་ཧ་དགོ་འདི་ཚུ་གིས་ ཁོ་གསུམ་ལུ་ཧ་དགོ་མི་ དོན་དག་ཧ་དགོ་མི་འདི་ཚུ་འོངམ་མས་ལགས།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  ལགས་སོ།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  འ་ནཱ་འདི་ལས་ དོན་དག་ཧ་མ་དགོ་མི་ཚུ་གིས་འདི་ ག་ཅི་ཨིན་ན་ཟེར་ འ་ནཱི་སྐུ་འདི་ག་ཅི་གི་སྐུ་ཨིན་ན་ཟེར་ཏེ་ ཨ་ནཱེ་སྦེ་དྲི་བ་རྐྱབ་སྦེ་སྡོད་མས་སྦ།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  འ་ནཱི་ད་འ་ནཱི་གི་ ཧ་དགོ་མི་འདི་ཚུ་ དེ་ལས་འ་ནཱི་ཚུ་གིས་འབད་བ་ཅིན་འདི་ ཁོ་ནཱ་ལས་མཁོ་མངག་འབད་ དེ་ལས་ཉོ་སྦེ་འབག་འགྱོཝ་མས་ ཏེ་ང་བཅས་རྙིང་མ་གི་ཨིན་ཁོང་གསུམ་འདི།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  ན་བཟའ་འདི་ཚུ་ག་དེ་སྦེ་ ག་དེ་སྦེ་ཡོདཔ་ཨིན་ན?
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  མ་པ་ཁོང་གཉིས་འདི་ འ་ནཱི་ཕྱག་ནང་འ་ནཱི་མེ་ཏོག་ མེ་ཏོག་གསུམ་ཆ་རང་རྡོ་རྗེ་ འ་ནཱི་འཇིགས་མེད་རྒྱལ་བའི་སྨྱུ་གུ་འདི་ ད་འ་ནཱ་རྡོ་རྗེ་འོང་སྦ།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  འ་ནཱི་མེ་ཏོག་ཐོག་ཁ་ གསུམ་ཆ་ར་མེ་ཏོག་ཡོད་ མེ་ཏོག་ཐོག་ཁ་ལུ་རྡོ་རྗེ་ ཏེ་གཅིག་ལུ་རལ་གྲི་ ཏེ་གཅིག་ལུ་གླེགས་བམ་ ཏེ་འ་ནཱི་བཟུམ་སྦེ་ཏེ་ཡོད་ལགས།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  ཏེ་འ་ནཱི་ཕྱག་ ཁོང་གི་ཕྱག་མཚན་ལགས་ ད་ལྟོ་ཕྱག་ནང་མེད་འདུག་སྦ་ལགས།
 • ་Yeshi Wangchuk Rinchen ཡེ་ཤེས་དབང་ཕྱུག
  ཞབས་འབད་བ་ཅིན་ག་དེ་སྦེ་ཨིན་ན?
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  ཏེ་ཞབས་འདི་དཀྱིལ་ཀྲུང་ར་ཨིན།
 • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
  ལགས་སོ།
 • ་Phuntsho Rinchen རིན་ཆེན་ཕུན་ཚོགས
  ཞབས་ཁོ་གསུམ་ཆ་ར་དཀྱིལ་ཀྲུང་ཨིན་ ཅོག་ར་གཅིག་འ་ནཱེ་སྦེ་ མེ་ཏོག་པདྨ་ཉི་མ་ཟླ་བ་(བའི) ཐོག་ཁ་ལུ་བཞུགས་སྦེ་ ཅོག་ར་གཅིག་ཨིན་ལགས་ རྒྱལ་བ་ཡབ་སྲས་གསུམ་འདི་ཁོང་ཨིན་ལགས།