Skip to main content Skip to search
05 Jan 2016
3 min 53 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing a song called "The Spiral Horns of the White Sheep." This song is part of a collection of folk songs from the Rebgong cultural area.

འདི་ནི་གཡང་དཀར་ལུག་དང་ཐོལ་དཀར་འབྲི།  རྐྱང་དམར་རྟ་བཅས་ལ་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་གཡང་དཀར་ལུག་ནི་རྒྱབ་ལ་གོན་རྒྱུའི་གོས་ཚ་རུ་སྟེར་བའི་རིན་པོ་ཆེ་ཡིན་པ་དང་།  ཐོལ་དཀར་འབྲི་ནི་ཁ་ཟས་ཞིམ་པོ་མར་ཆུར་སྩོལ་བའི་རིན་པོ་ཆེ་ཡིན་པ།  རྐྱང་དམར་རྟ་ནི་ས་བྱང་ལམ་གཅོད་པའི་རིན་པོ་ཆེ་ཡིན་པས་འདི་དག་ནི་དྲིན་ཤེས་དགོས་པ་དང་དྲིན་ལན་ལོག་འཇལ་བྱེད་མི་རུང་བ་བརྗོད་ཡོད།

Transcript search
No results found for this search
0 of 0
  • ༼ ཡེ་་་་་་༽རྭ་གཡས་འཁྱིལ་༼ཨོ་་་༽ཅན་གྱི་གཡང་དཀར་༼ཨོ་་་༽ལུག།
  • ༼ ཡེ་་་་་་༽བལ་ཚ་རུ་༼ཨོ་་་༽སྟེར་པའི་རིན་པོ་༼ཨོ་་་༽ཆེ།།
  • ༼ ཡེ་་་་་་༽ཁུལ་སྤུ་ཁ་༼ཨོ་་་༽ཅན་གྱི་ཐོལ་དཀར་༼ཨོ་་་༽འབྲི།།
  • ༼ ཡེ་་་་་་༽མར་ཆུར་བ་༼ཨོ་་་༽སྟེར་པའི་རིན་པོ་༼ཨོ་་་༽ཆེ།།
  • ༼ ཡེ་་་་་་༽ཤེའུ་ཐིག་ལེ་༼ཨོ་་་༽ཅན་གྱི་རྐྱང་དམར་༼ཨོ་་་༽རྟ།།
  • ༼ ཡེ་་་་་་༽ས་བྱང་ལམ་༼ཨོ་་་༽གཅོད་པའི་རིན་པོ་༼ཨོ་་་༽ཆེ།།
  • ༼ ཡེ་་་་་་༽གླུ་སྐྱིད་ལ་༼ཨོ་་་༽འགུག་སྟེ་བོད་ལ་༼ཨོ་་་༽ལེན།།