Skip to main content Skip to search
01 Sep 2018
4 min 15 sec
Ariana Maki
Video Overview
Creators: 
Sherig Dentshog
Transcript search
No results found for this search
0 of 0
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ང་བཅས་ཀྱི་ལམ་སྲོལ་ནང་ལུ་ཡང་ གའུ་ཁ་ནི་ཀ་ཐ་ཟོར་བའི་མཁར་གཏམ་འདི་ཚུ་ འ་ནཱི་སྦེ་ཡོད། གནམ་གྱི་ཨེ་ཁུ། འདབ་མ་གྱི་ར་བ། མེ་གི་དུ་པ་དང་ཆུའི་རྒྱན་ཆ་ཟེར་མི་འདི་ག་ཅི་སྨོ?
    In our culture, we have this kind of riddles which I have compiled although I have limited knowledge. What is ladder in the sky, fencing of leaves, smoke from the fire and ornament of water.
  • མི་ཤེས།
    I have no idea about this.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    མ་ཤེས་པ་ཅིན་གཡུས་གནང་ཤིག
    If you have no idea, give me a village.
  • གྲམ་ཕུག་འབག་ད།
    Take Damphu.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    གྲམ་ཕུག་ཁྲོམ་ག་ར་ངེད་ཀྱི་ ལེགས་ཤོམ་མེདཔ་ག་ར་ཁྱོད་ཀྱི་ མཁར་གཏམ་འདི་ཡང་མ་ཤེས་མི་འདི་ག་ཅི་སྨོ?
    Every nook and corner of the Damphu belongs to me and all the bad things belong to you. Do you know what actually the riddle that you don’t know is?
  • མི་ཤེས།
    No
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    གནམ་གྱི་ཨེ་ཁུ་ཟེར་མི་འདི་ གཞའ་ཨིན། འདབ་མ་གྱི་ར་བ་ཟེར་མི་འདི་ས་སྨུག་ མེ་གི་དུ་པ་དང་ཆུའི་རྒྱན་ཆ་ཟེར་མི་འདི་སེརཝ་ཨིན།
    Ladder in the sky is rainbow. Fencing of leaves is clouds. Smoke from the fire is clouds and ornament of the water is hail.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ཀཝ་གཅིག་གི་ཁྱིམ་གཅིག་ཟེར་མི་འདི་ག་ཅི་སྨོ?
    What is the house with one pole?
  • འདི་ཡང་ མི་ཤེས།
    Aha! I don’t know.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    དེ་སྦེ་འབད་བ་ཅིན་གཡུས་གནང་ད།
    Then give a village.
  • གོ་པི་ནི་འབག་ད།
    Take Gopini.
  • གོ་པི་ནི་དུང་ལ་སྒང་གི་ལེགས་ཤོམ་ག་རང་ངེད་ཀྱི། གོ་པི་ནི་གི་མ་ལེགསཔ་ག་རང་ཁྱོད་ཀྱི། ཁྱོད་ཀྱིས་མ་ཤེས་མི་མཁར་གཏམ་འདི་ག་ཅི་ཨིན་ན?All good in and around Gopani, Dunglagang is mine and Bad one yours
    What is the riddle that you don’t know
  • མི་ཤེས།
    Don't know.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ཉི་གདུགས།
    Umbrella
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ག་དེམ་ཅིག་བརྡུངམ་ཅིག་ འ་ནེམ་ཅིག་རང་སྐད་ཐོན་མི་འདི་ག་ཅི་སྨོ?
    More you beat, more interesting we fell, what’s this?
  • རྔ་།
    Doma (Drum)
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    འམ་འདི་བཏུབ་ཅི།
    It’s right
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ཚལ་མ་ནང་འགྱོཝ་ད་ ཁ་ཁྱིམ་ཁ་ཐུག་ ཁྱིམ་ནང་འོངམ་ད་ ཁ་ཚལ་མ་ཁ་ཐུག་ཟེར་འདི་ག་ཅི་སྨོ?
    What is things that faces towards jungle while going to home, and faces towards home while going to jungle.
  • སྟ་རི། An axe.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    འམ་་་འདི་ཡང་བཏུབ་ཅི།
    It is also right.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ཨའི་འདི་ཨ་ལོ་བཟུམ་དང་ བུམོ་འདི་འཇའ་རིསམོ་གཞོནམ་ག་ཅི་སྨོ?
    Mother is like baby and daughter is like young preety one.
  • ཨ་ནཱི་མི་ཤེས་པས།
    Don’t know this.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    གཡུས་བྱིན་གནང་ཤིག
    Give me village.
  • འབག་ད་ཐིམ་ཕུག
    Take Thimphu.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ཐིམ་ཕུག་གི་ལེགས་ཤོམ་ག་ར་ང་གི། མ་ལེགསཔ་འདི་ཚུ་ག་ར་ཁྱོད་ཀྱི།
    All good in and around Thimphu.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ཁྱོད་ཀྱི་མ་ཤེཤ་མི་མཁར་གཏམ་འདི་ག་ཅི་སྨོ? ག་ཅི་སྨོ?
    What is the riddle that you don’t know? What is it?
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ཨའི་ཨ་ལོ་བཟུམ་ཅིག་འབད་མི་འདི་ཨོམ་དང་ བུམོ་འཇའ་རིསམོ་ཟེར་མི་འདི་དརཝ་ཨིན། Mother like child is Milk and daughter like…. Is curd
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    ཕྱེ་དཀརཔོ་གུ་བྱུ་རུ་དམརཔོ་ཟེར་མི་འདི་ག་ཅི་སྨོ?
    What is red coral over the powder?
  • འ་ནཱི་འདི་ཡང་མི་ཤེས་པས།
    I don’t know.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    གཡུས་གནང་ཤིག
    Give me a village.
  • སྤ་རོ་འབག་ད།
    Take Paro.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    སྤ་རོ་གི་ལེགས་ཤོམ་ག་ར་ང་གི། མ་ལེགསཔ་འདི་ཚུ་ག་ར་ཁྱོད་ཀྱི། ཁྱོད་ཀྱི་མ་ཤེས་མི་མཁར་གཏམ་འདི་ག་ཅི་ཨིན་ན?
    All good in and around Paro. What is the riddle that you don’t know? What is it? Fire and ash, red coral is fire and powder is ash
  • ག་ཅི་སྨོ?
    What is it?
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    མེ་རུ་དང་གོ་ཐལ།
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    མི་མང་ལུ་ མིང་གཅིག་འབད་མི་འདི་ག་ཅི་སྨོ?
    What is public that has only one name?
  • གོ་ཐལ།
    Ash.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    འེང་འདི་ཡང་བཏུབ་ཅི།
    Ok. That is also right.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    བ་དཀརཔོ་ཆུ་འཐུང་སྟེ་ ལོགཔ་ད་དམརཔོ་སྦེ་འོང་མི་ག་ཅི་སྨོ?
    What is cow that goes to drink water in white color and comes back as red?
  • རོ་ཊི་བཟོ་བཟོཝ།
    Making of Roti (cookie).
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    འམ་་་དེ་ཡང་ཕོག་ཅི། འཁརཝ་འདི་འཁརཝ་ཏོག་མ་མ་བཏུབ། གླང་འབདན་བཏུལ་མ་ཚུགསཔ། རོ་ཊི་འབད་ཟ་མ་བཏུབ་མི་འདི་ག་ཅི་སྨོ?
    What is stick that cannot be used as walking stick? What is ox that cannot be tamed? And Roti that cannot be eaten?
  • མི་ཤེས།
    I don’t know.
  • གཡུས་གནང་ད།
    Give me a village.
  • དབང་འདུས།
    Wangdue
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    དབང་འདུས་ཀྱི་ལེགས་ཤོམ་ག་ར་ང་གི། མ་ལེགསཔ་འདི་ག་ར་ཁྱོད་ཀྱི། ག་ཅི་སྨོ? འཁརཝ་འདི་འཁརཝ་ཏོག་མ་མ་བཏུབ་མི་སྦུལ། གླང་འབདན་བཏུལ་མ་ཚུགསཔ་སྟག རོ་ཊི་འབད་ཟ་མ་བཏུབ་མི་འདི་ཟླཝ་དང་ཉིམ། འ་ནཱི་ཨིན།
    All good in and around Wangdue. Snake, Tiger, moon and sun.
  • ཅཱན་དཱ་ར་ནེ་པཱལ་ Chandra Nepal
    འ་ནེམ་ཅིག་སྦེ་བཞག་གེ།
    Lets stop here.