Skip to main content Skip to search
28 Aug 2018
4 min 12 sec
Ariana Maki
Video Overview
Creators: 
Penchela

བོད་ཀྱི་འཁྲུངས་འཁྲུངས་སྐེད་ནག་འདི་ འཛམ་གླིང་ནང་ཡོད་པའི་ བྱའི་རིགས་ལས་ དཀོན་དྲགས་ཅིག་ཨིནམ་ད་ བྱ་འདི་ཚུ་གནམ་བྱཱར་ལུ་བོད་ཀྱི་རི་ཐང་ཚུ་ནང་སྡོད་དོ་ཡོདཔད་ གནམ་དགུན་འབད་བ་ཅིན་ འབྲུག་གི་ས་ཁ་མཐོ་བའི་ས་གནས་ཕོབ་སྦྱིས་ཁ་དང་ བུམ་སྡེ་གླིང་ཚུ་ནང་སྡོདཔ་ཨིན། བྱ་འདི་གནམ་མེད་ས་མེད་ དཀོན་དྲགས་ཅིག་འབདཝ་ལས་ འབྲུག་གི་མཁས་མཆོག་འདི་ཚུ་གིས་ འདིའི་སྐོར་ལས་ འགྲེལ་བཤད་རྐྱབ་སྟེ་ ཞབས་བྲོ་ལེ་ཤ་ཅིག་བརྩམས་ཡོདཔ་བཞིན་དུ་ ད་ལྟོའི་གླུ་གཞས་འདི་ནང་ཡང་  བོད་སྡོད་མི་འཁྲུངས་འཁྲུངས་འདི་ འཛམ་གླིང་བསྐོར་ཏེ་འཕུ་ཡི་ར་ མཐའན་མཇུག་ལུ་ ཆོས་འཁོར་ཐང་ནང་ཆགས་མས་ཟེར་མས། མ་གཞི་ཆོས་འཁོར་ཐང་ཟེར་མི་འདི་ ག་ཏེ་ཨིན་ན་ཁ་གསལ་ཏོག་ཏོ་ཅིག་མ་བཀོད་རུང་ ས་གནས་འདི་འཛམ་གླིང་ནང་གི་ ས་དགའ་ཏོག་ཏོ་ཅིག་ཨིནམ་ལས་ འཁྲུངས་འཁྲུངས་སྐེད་ནག་འདི་ཚུ་ འདི་ནང་སྡོདཔ་དོ་ཡོདཔ་ད་ ད་རུང་ གླུ་གཞས་འདི་ནང་ བྱ་འདིའི་རྐངམ་འདི་གསེར་དང་ གཡུ་གི་སྦེ་བཟོ་ཡོདཔ་སྦེ་མས། ཏེ་མཇུག་བསྡུའི་ཚིག་བཅད་གསུམ་ནང་ གླུ་གཞས་ཉན་མི་འདི་ཚུ་ལུ་ ནང་པའི་བླ་ཆེན་གུ་རུ་རིན་པོ་ཆེ་དང་ མ་འོངས་པའི་སངས་རྒྱས་ཇོ་བོ་བྱམས་པ་མགོན་པོ་ འདི་ལས་ཕྱག་ན་རྡོ་རྗེ་ཚུའི་རྗེས་སུ་འཇུག་དགོ་ཟེར་མས། 

Transcript search
No results found for this search
0 of 0
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ལན་གཅིག་གསུངས་ལ། །ཁྲུང་ཁྲུང་དཀར་མོའི་གླུ་གཞས་བཞུགས་གྲལ་གོང་ལ་བཞུགས་ཡོད། །བཞུགས་གྲལ་གོང་གི་མཚན་ལྡན་ཁྲུང་ཁྲུང་གླུ་ལ་གསོན་དང་། །བཞུགས་གྲལ་གོང་གི་མཚན་ལྡན་ཁྲུང་ཁྲུང་གླུ་ལ་གསོན་དང་། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ལན་གཅིག་གསུངས་ལ། །ཁྲུང་ཁྲུང་དཀར་མོ་ང་ནི་གངས་ཅན་བོད་ནས་ཡོང་སོང་། །གངས་ཅན་བོད་ཀྱི་ཁྲུང་ཁྲུང་གཤོག་སྒྲོ་གནམ་ལ་ལྡིང་ཤོག །གངས་ཅན་བོད་ཀྱི་ཁྲུང་ཁྲུང་གཤོག་སྒྲོ་གནམ་ལ་ལྡིང་ཤོག །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ལན་གཅིག་གསུངས་ལ། །གཤོག་སྒྲོ་གནམ་ལ་ལྡིང་ནས་འཛམ་གླིང་ས་མཐའ་བསྐོར་སོང་། །འཛམ་གླིང་ས་མཐའ་བསྐོར་ནས་ཆོས་འཁོར་ཐང་ལ་སླེབས་སོང། །འཛམ་གླིང་ས་མཐའ་བསྐོར་ནི་ཆོས་འཁོར་ཐང་ལ་སླེབས་སོང། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ལན་གཅིག་གསུངས་ལ། །ཆོས་འཁོར་ཐང་ལས་དགའ་བ་རྒྱལ་ཁབ་ཡོངས་ལ་མིན་འདུག །ཆོས་འཁོར་ཐང་ལས་དགའ་བ་རྒྱལ་ཁབ་ཡོངས་ལ་མིན་འདུག །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ལན་གཅིག་གསུངས་ལ། །རྐང་པ་ལྕགས་ཀྱི་སྡེར་མོ་ཆོས་འཁོར་ཐང་ལ་ཁྲབ་ཤོག །གཤོག་སྒྲོ་གཡུ་ཡི་[བརྡར་ཤོག་?]ཆོས་འཁོར་ཐང་ལ་ལྡིང་ཤོག །གཤོག་སྒྲོ་གཡུ་ཡི་[བརྡར་ཤོག་?]ཆོས་འཁོར་ཐང་ལ་ལྡིང་ཤོག །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    [ཨེ་མོ་ལན་གཅིག་གསུངས་ལ། །ཟིང་པ་དངུལ་གྱི་འབའ་ཏ(བྱ་དཔོད་ཀྱི་ཟེར་ཏོ)་ནམ་གྱི་ཐོ་ཁར་ཟིང་ཤོག །གླིང་པ་གསེར་གྱི་བྱིའུ་ཅུང་ངར་ངར་ལན་གསུམ་ངར་ཤོག །གླིང་པ་གསེར་གྱི་བྱིའུ་ཅུང་ངར་ངར་ལན་གསུམ་ངར་ཤོག །?]
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ལན་གཅིག་གསུངས་ལ། །སྐྱབས་གནས་དཀོན་མཆོག་གསུམ་པོ་འགྲོ་བའི་དོན་ལ་བཞུགས་ཡོད། །བཟང་མདོག་དཔལ་རི་རྩེ་ལ་ཨྱོན་པདྨ་བཞུགས་ཡོད། །བཟང་མདོག་དཔལ་རི་རྩེ་ལ་ཨྱོན་པདྨ་བཞུགས་ཡོད། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ལན་གཅིག་གསུངས་ལ། །བྲག་དམར་རྡོ་རྗེ་གུ་ལ་དད་དང་དམ་ཚིག་དད་ཡོད། །བུམ་ཐང་བྱམས་པའི་ལྷ་ཁང་ཇོ་བོ་བྱམས་པ་བཞུགས་ཡོད། །བུམ་ཐང་བྱམས་པའི་ལྷ་ཁང་ཇོ་བོ་བྱམས་པ་བཞུགས་ཡོད། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཨེ་མོ་ལན་གཅིག་གསུངས་ལ། །རྒྱ་གར་རྡོ་རྗེ་གདན་ལ་ཡི་དམ་ཕྱག་ན་རྡོ་རྗེ། །འདི་གསུམ་མཇལ་བ་ཙམ་གྱིས་ངན་སོང་གསུམ་ལས་གྲོལ་སོང། །འདི་གསུམ་མཇལ་བ་ཙམ་གྱིས་ངན་སོང་གསུམ་ལས་གྲོལ་སོང།། ལགས་སོ་ལགས།། །།