Skip to main content Skip to search
06 Jun 2018
12 min 24 sec
Rinchen Dorji
Video Overview
Creators: 
Penchela

Kezang Wangmo and other women from Balung village perfom a local parshing (mud ramming) song. Tradition maintains that parshing as a genre dates to the 17th century, when the Zhapdrung arriveld in Bhutan. After settling in Punakha he sent a carpenter to get a special wood to use in the building process, which ultimately had to come from Tibet. The cadence of the lyrics enhance one's productivity while ramming mud. Here the lyrics describes about a holy water in Tibet and the hand loom of a beautiful lady from India. At the conclusion of the parsing song, it encourages the workers to ram faster.

༉  ང་བཅས་ར་ འབྲུག་རང་ལུགས་ཀྱི་ཁྱིམ་འདི་ མང་ཤོས་ཅིག་ པར་འཆམ་ཞིནམ་ལས་རྐྱབ་དོ་ཡོདཔ་ད་ པར་འཆམ་པའི་སྐབས་ སྐད་ཀྱིས་གདངས་འཐེན་ཏེ་ པར་ཤིང་བསྐུལ་ནི་ཟེར་འབད་ནི་ཡོདཔ་བཞིན་དུ་ ད་ལྟོ་དར་དཀར་ན་རྫོང་ཁག་ བ་ལུང་གཡུས་ཚན་ལས་ སྐལ་བཟང་དབང་མོ་དང་ཆ་རོགས་ཚུ་གིས་སྦེ་ པར་ཤིང་བསྐུལཝ་ཨིན་པས། པར་ཤིང་བསྐུལ་ནིའི་ལམ་སྲོལ་འདི་ དུས་རབས་ ༡༧ པའི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ འབྲུག་ལུ་བྱོན་ཞིནམ་ལས་ཚུར་འགོ་བཙུགས་ཡོདཔ་ད་ ཁ་རྒྱུན་རིག་གཞུང་དང་འཁྲིལཝ་ད་ ཞབས་དྲུང་རིན་པོ་ཆེ་མཆོག་ གདན་ས་སྤུན་ན་ཁ་ལུ་ བཞུགས་དགོཔ་སྦེ་ ལུང་བསྟན་ཡོདཔ་བཞིན་དུ་ སྤྲུལ་པའི་བཟོཝ་ཅིག་ལུ་ པར་ཤིང་བཟོ་ནིའི་ཤིང་འཚོལ་དགོཔ་སྦེ་བཀའ་གནང་པའི་སྐབས་ བཟོཝ་འདི་གིས་ ག་ཏེ་འགྱོ་རུང་ ཤིང་འདི་འཚོལ་མ་ཐོབ་ལས་ པར་ཤིང་འདི་ བོད་ལས་མར་སྤྱན་དྲང་དགོཔ་སྦེ་ཞུ་ནུག ཏེ་ཁོ་གིས་ བོད་ལས་པར་ཤིང་གདན་འདྲེན་ཞུ་སྟེ་ འབྲུག་ལུ་ལྷོདཔ་ད་ བླམ་རིན་པོ་ཆེ་མཆོག་གིས་ འདི་འབྲུག་ལུ་ ལམ་སྲོལ་དར་ཁྱབ་འགྱོ་ནིའི་རྟེན་འབྲེལ་ཨིན་ཟེར་ གསུངས་གནང་ཡོདཔ་ད་ པར་འཆམ་པའི་སྐབས་ སེམས་ཁར་སྤྲོ་བ་འབྱུང་ཐབས་ལུ་ པར་ཤིང་བསྐུལ་ནི་འདི་ཡང་ དར་ཁྱབ་བྱུང་ནུག ང་བཅས་ར་ ད་རེས་ནངས་པར་ཡང་ རང་ལུགས་ཀྱི་ཁྱིམ་རྐྱབ་ད་ལུ་ པར་འཆམ་ནི་གི་རྟེན་འབྲེལ་བརྩི་བའི་སྐབས་ པར་ཤིང་བོད་ལས་ཞུ་ནི་དང་ པར་འཆམ་ནི་མཇུག་བསྡུ་ཚར་ཞིནམ་ལས་ པར་ཤིང་བོད་ལུ་སྐྱེལཝ་ཟེར་ བསྐུལ་གདངས་ཀྱི་ཐོག་ལས་འབད་ འབད་བའི་སྲོལ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ས་བོད་ཀྱི་རིགས་ལས་དབའེ་ཆུ་ཅིག་དྲངས། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ མར་ལྷ་ས་སྐོར་ར་རྫིང་གཅིག་བཅད། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ རྫིང་བཅད་པ་གཟར་ཆུ་གསུམ་མཐུད་ལོ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ རོགས་གཟར་གཅིག་མཚན་ལྡན་དབའེ་བླ་མའི་གཟར། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ཆུ་བྱིན་རླབས་ཆེ་བའི་དབའེ་ཆུ་རང་ཨིན་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་གཟར་གཅིག་དབང་ཆེན་དབའེ་དཔོན་པོའི་གཟར་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ཆུ་ཁ་ཆུ་མཐོ་བའི་དབའེ་ཆུ་རང་ཨིན་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་གཟར་གཅིག་སྨན་ཆུང་དབའེ་བུ་མོའི་གཟར་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ཆུ་མདངས་ལ་དཀར་བའི་དབའེ་ཆུ་རང་ཨིན་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ གསུང་སྙན་གྱི་ཕྱོགས་ལས་དབའེ་ཉན་དེ་བཞག་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ གསུང་ནི་གི་འཕྲོ་ལས་དབའེ་མཐུད་དགོ་ག་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ མར་རྒྱ་ནག་བཀྲ་ཤིས་དབའེ་ཁྲི་ཁ་ལུ་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ བུམོ་རྒྱ་བཟའ་འདྲཝ་ཅིག་དབའེ་ཐགས་འཐག་དེས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་ཐགས་ཤིང་གཡས་པ་དབའེ་གསེར་གྱི་འཕྲུལ་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་ཐགས་ཤིང་གཡོན་པ་དབའེ་དངུལ་གྱི་འཕྲུལ་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ བར་[བུ་སྟོད་ལྷ་བཏོག་?]དབའེ་དུང་གྱི་འཕྲུལ་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་ཐགས་ཤིང་གཡས་པའི་དབའེ་མགུ་ལུ་ས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ མར་རྒྱ་ཡི་རྨ་བྱ་དབའེ་མདོངས་སྒྲོ་ཆགས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ན་ཐགས་ཤིང་གཡོན་པའི་དབའེ་མགུ་ལུ་ས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ཡར་བོད་ཀྱི་ཤང་ཤང་དབའེ་འུར་སྒྲ་ཆགས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ བར་བུ་མོའི་[ལག་ལྟོ་?]དབའེ་མགུ་ལུ་ས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ བར་བུམ་པའི་་་་་ ཧཱུཾ་ལོ་ རོགས་ལྷོ་པའི་ཁུ་བྱུག་དབའེ་སྔོན་མོ་ཆགས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ བྱ་ནི་ཚུ་གསུང་གྲོས་དབའེ་མ་བྱུངམ་ལས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ བུམོ་རྒྱ་བཟའ་དགུང་ཇ་དབའེ་རན་འདུག་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ མར་རྒྱ་ཡི་རྨ་བྱ་དབའེ་མདོངས་སྒྲོ་གིས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་དར་དང་གོས་ཆེན་དབའེ་རྒྱ་ལས་ཐོན་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་ཇ་ཕུད་རྒྱ་ལུ་དབའེ་བཅད་དགོ་ལོ་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ཡར་བོད་ཀྱི་ཤང་ཤང་འུར་སྒྲ་གིས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ཡར་བྱུ་རུ་གཡུ་དང་ཧ་ཧ་་་་ གཡུ་དང་བྱི་རུ་དབའེ་བོད་ལས་ཐོན་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་ཇ་ཕུད་བོད་ལུ་དབའེ་བཅད་དགོ་ལོ་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ རོགས་ལྷོ་པའི་ཁུ་བྱུག་དབའེ་སྔོན་མོ་གིས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ཐོག་འབྲུ་སྣ་དགུཔོ་ཡང་དབའེ་ལྷོ་ལས་ཐོན་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་ཇ་ཕུད་ལྷོ་ལུ་དབའེ་བཅད་དགོ་ལོ་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ བྱ་ནི་ཚུ་ག་ར་དབའེ་བསྡོམས་ཆི་འདུག་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ རོགས་ལྷོ་པའི་ཁ་ལས་དབའེ་མ་བྱུང་བས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་ཇ་ཕུད་ལྷོ་ལུ་དབའེ་ཤོར་སོང་ནུག་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ གསུང་ནི་གི་ཕྱོགས་ལས་དབའེ་ཉོན་ཅིག་སྨེ་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་སྤར་ཁ་ལན་གཅིག་དབའེ་འཕུར་དགོ་པས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་སྤར་ཁ་ལན་གཅིག་དབའེ་མ་འཕུར་ན་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི། །
  • སྐལ་བཟང་དབང་མོ་/ Kelzang Wangmo:
    ཧཱུཾ་ལོ་ ད་སྤར་ལུ་བཞག་ནི་དབའེ་མིན་འདུག་ས་དབའེ། །
  • གཞན་ཚུ་གིས་/ Others:
    ཨོཾ་ས་ལ་མ་ནི་པདྨེ་ཆོས་ལ་ཧཱུཾ་ཧྲི།། །།