Skip to main content Skip to search
25 Aug 2018
3 min 2 sec
Ariana Maki
Video Overview
Creators: 
Dawa Tshering, Tseten Tshering

 

Dorji Bidha from Bongo Gewog (county) in Chukha district, sings an old Zhungdra (Bhutanese classical) song called "Zhudrel Diwa Ghawchi" (An Offering as Preferable as This). The song is comprised of slow and long tunes and is always performed in a straight line with a leader in the middle. He/she is the one who will lead the dance steps and the rest of the performers will follow the lead. This particular song can be performed at the beginning of any special occasion, celebration or gathering as the song describes an auspicious offering to renowned masters. The origin and the composer of the song are unknown.

 

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་ ཨམ་རྡོ་རྗེ་བི་དར་གྱི་ གཞུང་སྒྲའི་གླུ་གཞས་ བཞུགས་འབྲེལ་དེ་བ་དགའཝ་ཅིག་ཟེར་མི་འཐེན་ནི་འདུག གླུ་གཞས་འདི་གདངས་དབྱངས་རིངམ་སྦེ་འཐེན་ནི་ཡོདཔ་དང་ རྒྱལ་རིངམ་ཕྲངསྟེ་བཟོ་ཞིནམ་ལས་ འགོ་ཁྲིདཔ་འདི་སྦུག་ལུ་སྡོད་ཐོག་ལས་ཁྲབ་ཨིན་མས། འགོ་ཁྲིདཔ་འདིགིས་ ལེའུ་ཚུ་འགོ་འདྲེན་འཐབ་སྟེ་ཁྲབ་ཨིན། གླུ་གཞས་འདི་ རྩ་ཆེ་བའི་བླམ་དང་ སློབ་དཔོན་ལུ་ མཆོད་པ་ཕུལ་བའི་སྐོར་ལས་ཨིནམ་ལས་ དགའ་སྟོན་དང་ དུས་སྟོན་ཚུ་གི་ཧེ་མ་ཁྲབ་ཨིན་མས། གླུ་གཞས་གི་འབྱུང་ཁུངས་དང་ རྩོམ་པ་པོ་འདི་མ་ཤེསཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • ི ཞུགས་འབྲས་ལ་འདི་བ་དགའ་བོ།། དགུང་དབྱིངས་གཡས་ལུ་ཅིག་ཡོད།། དབེ་དགུང་དབྱིངས་གཡས་ལུ་ཅིག་ཡོད།། དགུང་གི་ལ་ཁྲི་གདུག་ཉི་མ།། དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། གང་གི་ལ་གང་སྟོད་མཐོན་པོ་ དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། གང་དང་ལ་སེང་ཆེན་དཀར་མོ།། ཞུགས་འབྲས་བཞེས་པ་ཅིག་འབྱོན།། དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། རྫོང་འདི་ལ་རྫོང་ཆེན་མཐོན་པོ་ དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། རྫོང་དང་ལ་དབང་ཆེན་དཔོན་པོ།། དབེ་ཞུགས་འབྲས་བཞེས་པ་ཅིག་འབྱོན།། ལགས་སོ་ལགས།