Skip to main content Skip to search
30 Aug 2018
4 min 17 sec
Ariana Maki
Video Overview
Creators: 
Sonam Tobgye, Sangay Tshomo

ན་གཞོན་སྦེ་སྡོད་པའི་སྐབས་འདི་ ལཱ་ག་ཅི་འབད་རུང་ གནམ་མེད་ས་མེད་འཇོན་ཐང་ཅན་གྱི་ དུས་ཚོད་ཅིག་འབདཝ་ལས་ རྩོམ་པ་པོ་འདི་གིས་ གླུ་གཞས་ཉན་མི་ཚུ་ལུ་ བོད་ལྷ་ས་འདི་ ད་ལྟ་བའི་སངས་རྒྱས་ བླ་མ་ཤཱཀྱ་མ་ཎིའི་གདན་ས་ རྩ་ཆེ་ཏོག་ཏོ་ཅིག་ཨིནམ་མ་ཚད་ གཞན་ཡང་ནང་རྟེན་རྩ་ཆེ་ཏོག་ཏོ ལེ་ཤ་ཅིག་བཞུགས་ཡོདཔ་ལས་ འདི་ཁར་གནས་བསྐོར་འགྱོ་དགོཔ་འདི་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཨིན་ཟེར་མས། ནཱི་བཟུམ་སྦེ་ བླམ་ནམ་མཁའི་སྙིང་པོ་འདི་ བུམ་ཐང་ལུ་ ཁོ་རའི་གདན་ས་མཁར་ཆུའི་གཙུག་ལག་ཁང་ནང་ ནང་རྟེན་རྩ་ཆེ་ཏོག་ཏོ་ཚུ་དང་མཉམ་བཞུགསཔ་ཨིནམ་ད་ རྩོམ་པ་པོ་འདི་ བོད་ལྷ་སའི་སངས་རྒྱས་དང་ མཁར་ཆུའི་གཙུག་ལག་ཁང་ནང་བཞུགས་མི་ ནམ་མཁའི་སྙིང་པོ་རིན་པོ་ཆེ་དང་མཉམ་ ཞལ་མཇལ་དགོ་མནོ་བའི་ རེ་བ་སྦོམ་ཡོད་ཟེར་མས། འདི་གིས་སྦེ་ གླུ་གཞས་འདི་ནང་ བོད་ལྷ་སའི་སངས་རྒྱས་དང་ མཁར་ཆུའི་ནམ་མཁའ་སྙིང་པོ་གཉིས་ ནམ་པའི་ཆོས་ཀྱི་ཧོངས་ལས་ ག་དེ་སྦེ་རྩ་ཆེཝ་ཨིན་ན་སླབ་ཨིན་མས། 

 

The composer of this song asks youthful, energetic listeners to make the pilgrimage to Lhasa in Tibet because this sacred monastery is the residence of the great master Shacha Maney, the present Buddha, with several sacred relics housed in the monastery. The song also mentions Lama Namkhai Nyingpo who resides in Kharchu monastery in Bumthang, with his sacred relics. The composer desires to have an audience with both the Buddha at Lhasa and Namkhai Nyingpo at Kharchu.

Transcript search
No results found for this search
0 of 0
  • ཚེ་དབང་ལྷ་མོ། Tshewang Lhamo
    གཞོན་པས་ལ་གནས་རི་མི་བསྐོར། །གཞོན་པས་ལ་གནས་རི་བསྐོར་ཡོད། །གཞོན་པས་ལ་གནས་རི་བསྐོར་ཡོད། །
    Teenage won’t engulf holly place, But teenage engulfed holly place.
  • ཚེ་དབང་ལྷ་མོ། Tshewang Lhamo
    གཞོན་པས་གནས་རིས་བསྐོར་ན། །ཆོས་བསྐོར་ལ་ལྷ་ས་བསྐོར་ཡོད། །ཆོས་བསྐོར་ལ་ལྷ་ས་བསྐོར་ཡོད། །
    If teenage engulf holly place, Had engulfed Chokhor Lhasa.
  • ཚེ་དབང་ལྷ་མོ། Tshewang Lhamo
    བླ་མ་ལ་ཤཱཀྱ་མུ་ནེ། །ཨོ་ལོའི་ལ་མཇལ་ཁ་གནང་ཤོག །མཇལ་ཁའི་ལ་གཞུང་ལ་བྱོན། །
    Lama shakyamuni, Audience us (juvenile).
  • ཚེ་དབང་ལྷ་མོ། Tshewang Lhamo
    ཀ་བ་ལ་ཡར་བཅད་གསེར་གྱི། །དགུང་མོ་ལ་མར་བཅད་དུང་གི །དགུང་མོ་ལ་མར་བཅད་དུང་གི །
    Happiness in higher gold, Sky humble shell.
  • ཚེ་དབང་ལྷ་མོ། Tshewang Lhamo
    མཆོད་བཤམ་ལ་གཡུ་ཡི་པ་ཏྲ། །གཡུ་དང་ལ་བྱུ་རུའི་མནྜལ། །གཡུ་དང་ལ་བྱུ་རུའི་མནྜལ། །
    Shrine with turquoise curving, Is the mandala of turquoise and coral.
  • ཚེ་དབང་ལྷ་མོ། Tshewang Lhamo
    གཞོན་པས་ལ་གནས་རིགས་མི་བསྐོར། །གཞོན་པས་ལ་གནས་རིགས་བསྐོར་ཡོད། །གཞོན་པས་ལ་གནས་རིགས་བསྐོར་ཡོད། །
    Teenage won’t engulf holly place, But teenage engulfed holly place.
  • ཚེ་དབང་ལྷ་མོ། Tshewang Lhamo
    བླ་མ་ལ་ནམ་མཁའི་སྙིང་པོ། །ཨོ་ལོའི་ལ་འཇལ་ཁ་གནང་ཤོག །འཇལ་ཁའི་ལ་གཞུང་ལ་བྱོན་ཡོད། །
    Lama Namkhai Nyingpo, Audience us to the (juvenile).
  • ཚེ་དབང་ལྷ་མོ། Tshewang Lhamo
    ཀ་བ་ལ་ཡར་བཅད་གསེར་གྱི། །དགུང་མོ་ལ་མར་བཅད་དུང་གི །དགུང་མོ་ལ་མར་བཅད་དུང་གི །
    Happiness in higher gold, Sky humble shell.
  • ཚེ་དབང་ལྷ་མོ། Tshewang Lhamo
    མཆོད་བཤམ་ལ་གཡུ་ཡི་པ་ཏྲ། །གཡུ་དང་ལ་བྱུ་རུའི་མནྜལ། །གཡུ་དང་ལ་བྱུ་རུའི་མནྜལ། །
    Shrine with turquoise curving, Is the mandala of turquoise and coral.
  • ཚེ་དབང་ལྷ་མོ་ Tshewang Lhamo
    ལགས་སོ།། །།