Skip to main content Skip to search
25 Aug 2018
3 min 48 sec
Ariana Maki
Video Overview
Creators: 
Dawa Tshering, Tseten Tshering

Dorji Bidha from Bongo Gewog (county) in Chukha district, sings an old Boedra song called "Thridung Gung Ngyon Kor" (The Sun Goes Around the Blue Sky). This song speaks of a meeting and separation but also the hope to meet again soon. Such songs are performed towards the end of any special celeberation, ceremony and gathering. Since it is a Boedra song, it is performed in a circular formation and the dance steps change as per the change in the verse and the lyrics of the song. The composer and the origin of the song are unknown.

 

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་ ཨམ་རྡོ་རྗེ་བི་དར་གྱི་ འབོད་སྒྲའི་གླུ་གཞས་ ཁྲི་གདུགས་དགུང་སྔོན་བསྐོར་ཟེར་མི་འཐེན་ནི་འདུག གླུ་གཞས་འདི་གི་འཛོམས་པའི་མཐའ་མ་ཁ་འབྲལ་ཞིནམ་ལས་ ལོག་སྟེ་འཛོམས་ནིའི་རེ་བ་ཡོདཔའི་་སྐོར་ལས་སྟོནམ་ཨིན་མས། འདི་བཟུམ་མའི་གླུ་གཞས་འདི་ སོ་སོ་ཁ་བྱལ་ཞིནམ་ལས་ ལོག་སྟེ་འཛོམས་ནིའི་སྐོར་ལས་ཨིནམ་ལས་ དུས་སྟོན་དང་ དགའ་སྟོན་གྱི་མཇུག་ལུ་འཐེནམ་ཨིན་མས། གླུ་གཞས་འདི་ འབོད་སྒྲ་འབདཝ་ལས་ སྒོར་སྒོརམ་འབད་ཁྲབ་ནི་ཡོདཔ་དང་ ལེའུ་ཚུ་ཡང་གླུ་གཞས་ཀྱི་ཚིག་དང་འཁྲིལ་ཏེ་ཁྲབ་ཨིན་མས། གླུ་གཞས་ཀྱི་འབྱུང་ཁུངས་དང་ རྩོམ་པ་པོ་གཙོ་བོ་འདི་མ་ཤེསཔ་ཨིན་མས།

 

Transcript search
No results found for this search
0 of 0
  • རྡོ་རྗེ་བི་ད Dorji Bidha
    འཁྲི་གདུགས་དགུང་སྔོན་བསྐོར་ཏེ།། ལོ་དང་ཟླ་བ་སོང་ཡོད།། འཁྲི་གདུགས་ཉི་མའི་ཞལ་རས་ད་རེས་མ་གཏོགས་མ་མཇལ།། ད་རེས་མཇལ་བའི་འཁྲི་གདུགས་དགུང་སྔོན་བསྐོར་བར་མི་བཏང་།། སོ་སངས་ཕོས་མཇལ་བའི་སྨོན་ལམ་ལེན་གསུམ་ཞུ་གེ། སོ་སངས་ཕོས་མཇལ་བའི་སྨོན་ལམ་ལེན་གསུམ་ཞུ་གེ།
    [I] wandered all around the sky but today only I met the sun and we will not let sun to go around it. Let me pray to gather all of us next year with good health.
  • རྡོ་རྗེ་བི་ད
    གངས་བསྟོད་དངས་སེང་བསྐོར་ཏེ།། ལོ་དང་ཟླ་བ་སོང་ཡོད།། དངས་སེང་དཀར་མའི་ཞལ་རས་ད་རེས་མ་གཏོགས་མ་མཇལ།། ད་རེས་མཇལ་བའི་དངས་སེང་གངས་བསྟོད་བསྐོར་བར་མི་བཏང་།། སོ་སངས་ཕོས་མཇལ་བའི་སྨོན་ལམ་ལེན་གསུམ་ཞུ་གེ། སོ་སངས་ཕོས་མཇལ་བའི་སྨོན་ལམ་ལེན་གསུམ་ཞུ་གེ།
    [I] wandered all around the mountain but today only I met you the white lion and we will not let the lion to go around it. Let me pray to gather all of us next year with good health.
  • རྡོ་རྗེ་བི་ད Dorji Bidha
    གཡུས་བཟང་ཡབ་ཡུམ་བསྐོར་ཏེ།། ལོ་དང་ཟླ་བ་སོང་ཡོད།། ཡབ་ཡུམ་གཉིས་ཀྱི་ཞལ་རས་ད་རེས་མ་གཏོགས་མ་མཇལ།། ད་རེས་མཇལ་བའི་ཡབ་ཡུམ་གཡས་བཟང་བསྐོར་བར་མི་བཏང་།། སོ་སངས་ཕོས་མཇལ་བའི་སྨོན་ལམ་ལེན་གསུམ་ཞུ་གེ། སོ་སངས་ཕོས་མཇལ་བའི་སྨོན་ལམ་ལེན་གསུམ་ཞུ་གེ།
    [I] wandered all around the villages but today only I met you the my parents and we will not let the my parent to go around it. Let me pray to gather all of us next year with good health.
  • རྡོ་རྗེ་བི་ད Dorji Bidha
    རྫོང་ཆེན་དཔོན་པོ་བསྐོར་ཏེ།། ལོ་དང་ཟླ་བ་སོང་ཡོད།། དབང་ཆེན་དཔོན་པོའི་ཞལ་རས་ད་རེས་མ་གཏོགས་མ་མཇལ།། ད་རེས་མཇལ་བའི་དབང་ཆེན་རྫོང་ཆེན་བསྐོར་བར་མི་བཏང་།། སོ་སངས་ཕོས་མཇལ་བའི་སྨོན་ལམ་ལེན་གསུམ་ཞུ་གེ། སོ་སངས་ཕོས་མཇལ་བའི་སྨོན་ལམ་ལེན་གསུམ་ཞུ་གེ།
    [I] wandered all around the palace but today only I met you the king and we will not let the king to go. Let me pray to gather all of us next year with good health.