Skip to main content Skip to search
30 Aug 2018
4 min 27 sec
Ariana Maki
Video Overview
Creators: 
Sonam Tobgye, Sangay Tshomo

Tashi is an auspicious song that ususally sings during the time of important events. The event conclude with this particular song that aspires for good luck and prosperous year ahead. The current song desires for eternality for every induvidual throughout their life and wishes to happen everything accordingly with good fortune. The author also mentioned about severl other renoun figures like spiritual masters, the businessman and his home to remain aucpicious time or year ahead.

 

བཀྲིས་འདི་ དུས་སྟོན་ཁག་ཆེ་ཏོག་ཏོ་ག་བཟུམ་ཅིག་ནང་ཨིན་རུང་ ལས་རིམ་འདི་ཚུ་མཇུག་བསྡུ་ཞིནམ་ལས་ སྤྱིར་བཏང་རྒྱལ་ཁབ་དང་མི་སྡེའི་ནང་ དུས་ནཱ་ལས་ཕར་ཡང་ བཀྲིས་པ་དང་ཞི་བདེ་ འདི་ལས་དགའ་སྐྱིད་ཚུ་ འབྱུང་བཅུག་ཟེར་ཚིག་དང་བཅསཔ་སྦེ་རྐྱབ་ཨིན། གླུ་གཞས་འདི་ནང་ ང་བཅས་རའི་མི་ཚེ་འདི་ དུས་ནམ་ཡང་འགྱུར་བ་མེད་པ་ ལོ་དུས་ཅི་འཛོམས་ས་སང་ཕོད་ཡང་འཛོམས་ཏེ་ དགའ་ཏོག་ཏོ་དང་ སྐྱིད་ཏོག་ཏོ་སྦེ་སྡོད་ནི་དང་ བསམ་པའི་རེ་བ་འདི་ཚུ་ ཡིད་བཞིན་དུ་བསྒྲུབ་བཅུག་ཟེར་ སྨོན་ལམ་གྱི་མཚམས་སྦྱརཝ་མས། ད་རུང་་རྩོམ་པ་པོ་འདི་གིས་ སྐད་གྲགས་ཅན་གྱི་མི་ངོམ་ དཔེར་ན་མཚན་ལྡན་བླམ་དང་ཚོང་པ་ འདི་ལས་ཁོ་རའི་ཕ་ཡུལ་དང་ཕམ་འདི་ཚུ་ དུས་ཨ་རྟག་ར་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ སྡོད་བཅུག་ཟེར་ཨིན་མས། 

 

Transcript search
No results found for this search
0 of 0
  • བཀའན་འགྱུར། Kanjur
    རྟེན་འབྲེལ་བཟུང་པའི་ཤར་ཕྱོགས་ལ་མཇུག་གི་ཡིན། །ང་གཡུས་ལས་ཅགས་པའི་གནམ་ལོ་ཆགས་གི་ཡིན། །
    Auspicious to the end of east, I from village wants to eastabish year.
  • བཀའན་འགྱུར། Kanjur
    ཕུང་པོ་གཡས་གཡོན་འཛོམས་པ་རྡོ་ནེ་ཡིན། །བཤད་པ་བཟུང་པ་རྟེན་འབྲེལ་བཀྲིས་ཡིན། །
    Gathering of left and right body is {Doney}, Holding of an account is omen auspicious.
  • བཀའན་འགྱུར། Kanjur
    བཀྲིས་སྨོན་ལམ་བཏབ་པ་བཀྲིས་ཤོག །གྲུབ་ཐོབ་ཚེ་ལྔ་ལུས་ནི་འགྱུར་དོག་མེད་པའི་བཀྲིས། །
    Praying for auspiciousness is auspicious, There won't be change in saint, there be auspiciousness.
  • བཀའན་འགྱུར། Kanjur
    ས་དག་ཀླུ་ལ་ཕུལ་བ་རྟེན་སྲུང་འདི། །གནས་པའི་ཚོགས་ཚོགས་བཀྲིས་ང་བཀྲིས་སྒོ་མང་བཞུགས་ཡོད། །
    The relics offered to local lord and serpent, Let there be stable and auspicious, i possess many auspicious door.
  • བཀའན་འགྱུར། Kanjur
    ང་བཀྲིས་ལུས་ཀྱི་ནོར་བུ་འདི་ལས་ལུ། །དོད་པ་སྨོན་ལམ་ཡིན་ནོ་ང་རང་བཀྲིས་སྨོན་ལམ། །
    The jewel of auspicious body, There is devotion, omens and auspiciousness.
  • བཀའན་འགྱུར། Kanjur
    ང་བཀྲིས་སྨོན་ལམ་ཞུ་ས་ཡ། །གཡུས་བལྟ་གཡུས་སྨད་བསྐོར་ཏེ་ང་ཚོགས་ཚོགས་སྣ་ལྔ་བཀྲིས། །
    Where i pray for auspiciousness, There is five types of auspiciousness from upper and lower villages.
  • བཀའན་འགྱུར། Kanjur
    བཀྲིས་བཀྲིས་སྨོན་ལམ་ཡ། །ཨའི་འགྱུར་དོག་མེད་པ་འགྱུར་རོ་བཀྲིས་སྨོན་ལམ་ཞུ། །
    The prayers of auspicious auspiciousness, Let there be no change in auspiciousness.
  • བཀའན་འགྱུར། Kanjur
    ཚོང་ལ་ནོར་བུ་བཟང་པོ་བཀྲ་ཤོག་ཤིག །མཚོ་མོ་འདི་གི་སྨོན་ལམ་ ང་བཀྲིས་སྨོན་ལམ་ཞུ། །
    Let marchant Norbu Zangpo be auspicious, The oceans prayer be auspicious.
  • བཀའན་འགྱུར། Kanjur
    ང་རི་མཐོ་རྩ་བའི་བླ་མ་གཡས་ལས་སུ་རེད། །འགྱུར་དོག་མེད་པ་བཀྲིས་ ང་བཀྲིས་སྨོན་ལམ་ཞུ། །
    I being root teacher at hige ridges, Let there be no change in auspiciousness.
  • བཀའན་འགྱུར། Kanjur
    ལྷ་ཁང་ཀླུ་ཁང་ཡིན་ཀྱང་ཡ། །བཙན་དང་ཀླུ་ཡང་བཀྲིས་ན་ཟུག་མེད་པའི་བཞུགས་ཡོད། །
    Even its god and serpents room, Let the diety and serpent be auspicious without dieases.
  • བཀའན་འགྱུར། Kanjur
    ང་ན་ཟུག་ངོས་སུ་མེད་པ་ཡ། །འགྱུར་དོག་མེད་པའི་བཀྲིས་ ང་རང་སྨོན་ལམ་ཞུ་ཡོད། །
    Let me free away from dieases, Let there be no change in auspiciousness.
  • བཀའན་འགྱུར། Kanjur
    འགྱུར་དོག་ས་ལ་སྣོན་པའི་གཡས་སུ་འདི་ལས། །འདི་ཡང་ནོར་བུ་ལུས་ལས་ང་རང་བཀྲིས་སྨོན་ལམ་ཡིན་ནོ། །
    Where the changeable resiste on earth, Its too the body of jewel and there be auspicious.
  • བཀའན་འགྱུར། Kanjur
    ཚོགས་ཚོགས་སྣ་ལྔའི་ཚང་ལའི་ཡ། །འདི་ཡང་བཀྲིས་སྨོན་ལམ་ང་འདི་ལས་སྨོན་ལམ་བཏབ། །
    Summoning of five types gathering, Let there be auspicious as i pray.
  • བཀའན་འགྱུར། Kanjur
    ཐུགས་རྗེ་རྩ་བའི་བླ་མ་འདི་ལས་ནི། །ཕྱག་མཇལ་བསྣམས་པ་ཙམ་གྱི་ང་བཀྲིས་སྨོན་ལམ་ཡིན་ནོ། ། འ་ནི་འབད་རྐྱབ་དགོ་སྦེ་སྟེ། ག་ཏེ་འོང་པ་སྟེ་ ང་བཅས་རྐྱབ་ཚེ་སྟེ་ དུམ་རེ་དུམ་རེ་སྟེ་རྐྱབ་དགོ་འབད་སྟེ།
    Blessing from root teahcer, Just holding of offering, there is auspiciousness. Have to sing like this, when we sing have to sing little litte.