Skip to main content Skip to search
25 Aug 2018
4 min 4 sec
Ariana Maki
Video Overview
Creators: 
Dawa Tshering, Tseten Tshering

Tandin from Bongo Gewog (county) in Chukha district, sings a local song called "Sung Chi" (Please Speak). The song is only popular in Chukha and is hardly sung in other parts of the country. The song is an expression of love, it talks about the love and faithfulness shared between lovers. The song is sung in two different tunes, first it starts off with a short tune and then it continues with a long tune similar to Zhungdra (Bhutanese classical) songs. People do not perform this song during special occasions, celebrations or gatherings but is rather sung during leisure times.

 

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་ ཨམ་རྟ་མགྲིན་གྱི རང་ལུགས་ཀྱི་གླུ་གཞས་ གསུངས་ཅིག་ཟེར་མི་འཐེན་ནི་འདུག གླུ་གཞས་འདི་ ཁོང་རའི་རྫོང་ཁག་ནང་རྐྱངམ་ཅིག་ཡོངས་གྲགས་ཡོདཔ་གཏོགས་ ས་གནས་གཞན་གྱི་མི་ཚུ་གིས་འཐེན་ནི་འདི་དཀོན་སུ་ཅིག་ཨིན་མས། གླུ་གཞས་འདི་ རང་གི་དགའ་བའི་མི་ལུ་ ཧིང་གཏམ་བཤད་པའི་སྐོར་ལས་ཨིན་མས། གླུ་གཞས་འདི་གདངས་དབྱངས་གཉིས་ཀྱི་ཐོག་ལུ་འཐེན་ཡོདཔ་ཨིན། དེ་ཡང་ འགོ་བཙུགསཔ་ད་ལུ་ གདངས་དབྱངས་ཐུང་ཀུ་སྦེ་འཐེན་ཞིནམ་ལས་ དེ་གི་འཕྲོ་མཐུད་དེ་ གདངས་དབྱངས་རིངམ་གཞུང་སྒྲ་བཟུམ་སྦེ་འཐེནམ་ཨིན་མས། གླུ་གཞས་འདི་ དལ་ཁོམ་ཡོདཔ་ད་འཐེནམ་མ་གཏོགས་ དུས་སྟོན་དང་ དགའ་སྟོན་གྱི་སྐབས་ལུ་འཐེན་ནི་མེདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • རྟ་མགྲིན་
    གསུངས་ཤིག་གསུངས་ཤིག་ཟེརཝ་ད་སྨོ་ཡར་ལ།། གསུངས་ལེན་སྡོད་ལེགས་གཉིས་ཀུ་སྨོ།། ལམ་ཁ་བྱེལ་སྟེང་འབད་ནི་སྨོ་ཡར་ལ།། སྡོད་པའི་སྙིང་གྲོགས་གཉིས་ཀུ་སྨོ།། གཏམ་མཐའ་སྐོར་སྟེང་ལས་སླབ་ནི་སྨོ་ཡར་ལ།། གསུངས་ཤིག་གསུངས་ཤིག་ཟེརཝ་ད་སྨོ།། ངེ་ཧིང་ཁར་ལ་ཅུ་ཞུགས་མས་སྨོ་ཡར་ལ།། སྡོད་པའི་སྙིང་གྲོགས་གཉིས་ཀུ་སྨོ།། རྒྱུ་ཁང་ཁྱིམ་སྟེང་ལས་སླབ་གནང་སྨོ་ཡར་ལ་ རང་སེམས་ཁར་ སླབ་ལ་ཅུ་ཞུགས་དོ་སྨོཁོད་ནི་མེད་འཁོལ་ནི་མེད་པའི་སྡུ་ཕོད་སྨོ་ཡར་ལ།། བགོ་ནམ་བཟའ་མཐའ་མར་བཏབ་ཡོད་སྨོ། བརྗེད་ནི་མེད་གཏམ་ཚིག་སྨོ་ཡར་ལ།། ཁྲལ་འཁོག་པའི་ཧིང་ལུ་བཞག་དགོ་སྨོ།
  • རྟ་མགྲིན་
    དབེ་གསུངས་སྙན་པའི་དབེ་ཁུ་བྱུ།། དབེ་བོད་ཐལ་རུང་སྒྲོ་ལེགས་པའི་རྨ་བྱ་དབེ་རྒྱ་ལུ་ཡོད།། སྐུ་རང་གོ་རང་གིས་དབེ་སྒྲིགས་རུང་སྨོ།། མཇུག་བརྗེད་ནི་མེད་པའི་སྨན་ལམ་འདི་སྨོ།། འཕྲལ་སྨན་ལམ་བརྒྱ་གཅིག་བཏབ་ནི་ཨིན།། ཆུ་ཡོལ་དང་གནག་ཅུང་ཡལ་རུང་སྨོ།།