Skip to main content Skip to search
01 Sep 2018
3 min 27 sec
Ariana Maki
Video Overview
Creators: 
Sherig Dentshog , Ngawang Loday

Jamtsho from Tshelinggor village in Zobel Gewog (county) in Pemagatshel Dzongkhag (district), sings a Boedra song called "Phula Mecha Phulacha" (Abiding in the Mountain). It is popular among all Bhutanese people. 

པདྨ་དགའ་ཚལ་རྫོང་ཁག་ བཟོ་སྦལ་རྒེད་འོག་ ཚེ་གླིང་སྒོར་གཡུས་ཚན་ནང་ལས་ བོད་སྒྲའི་གླུ་གཞས་ ཕུ་ལ་མི་ཆགས་ཕུ་ལ་ཆགས་ཟེར་མི་འདི་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ གླིངམ་དང་སྤེལ་ཡི་སྤེལ་ཡི་སྦེ་འཐེནམ་ཨིན་མས། གཞན་དལ་གཞི་ གླིངམ་དང་གཅིག་ཁ་སྦེ་འཐེན་པ་ཅིན་ ལེགས་ཤོམ་ཧན་ཏོང་ཏོ་སྦེ་གོཝ་ཨིན་རུང་ མི་མེད་ནི་དེ་གིས་ སྤེལ་ཡི་སྤེལ་ཡི་སྦེ་འཐེནམ་ཨིན་པས། འ་ནཱི་བཟུམ་གྱི་སྔར་སྲོལ་གྱི་གླུ་གཞས་ཚུ་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ མི་རྒན་ཤོས་ཚུ་ལས་ལྷབ་ནི་ལུ་སྤྲོ་བ་མི་བསྐྱེད་དོ་ཡོདཔ་ད་ དེ་ཡང་ ཕྱིའི་ལུགས་སྲོལ་ལུ་དཔེ་བལྟ་སྟེ་ དེང་སང་གི་གླུ་གཞས་ཚུ་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
 • རྒྱ་མཚོ་ Jamtsho
  ཧེ་མ་ར་གླིངམ་གིས་འབད་འཐེན་ནི་ དེ་ལས་གླིངམ་གི་མཇུག་ལུ་ དེ་ལས་འདི་སྐད་ཀྱིས་འབད་འཐེན་ནི་ གླིངམ་དང་སྐད་གཅིག་ཁར་འབད་བ་ཅིན་ གནམ་མེད་ས་མེད་ལེགས་ཤོམ་མཐོངམ་ཨིན། དེ་འབདཝ་ད་ ད་ལྟོ་འཐེན་མི་མིན་འདུག་ དེ་འབདཝ་ལས་ ཧེ་མ་རང་གླིངམ་གིས་འབད་དེ་ དེ་ལས་འདི་ ཁ་གིས་འབད་ཞུ་ནི་ལགས།
 • རྒྱ་མཚོ་ Jamtsho
  ཕུ་ལ་མི་ཆགས་ཕུ་ལ་ཆགས། །ཕུ་འདི་(ལ་)ཡས་ཀྱི་གངས་རི་དཀར་པོ་ཆགས། །ཕུ་འདི་(ལ་)ཡས་ཀྱི་གངས་རི་དཀར་པོ་ཆགས། །
  There exists a mountain to the right of that mountain there exists a white
 • རྒྱ་མཚོ་ Jamtsho
  གངས་རི་དཀར་པོ་ལོས་ཀྱང་ཆགས། །སེང་ཆེན་དཀར་མོ་བརྒྱ་ཡི་གདན་ས་རེད། །སེང་ཆེན་དཀར་མོ་བརྒྱ་ཡི་གདན་ས་རེད། །
  A white beautiful mountain exists Which is the residence of hundreds of white snow lions.
 • རྒྱ་མཚོ་ Jamtsho
  མ་བརྡུང་ཟེར་(ཙ་)ན་སྒོར་མོ་རེད། །བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད། །བརྡུང་ལ་ཟེར་ན་བུ་མོའི་མཛུབ་དཀྱི་རེད། །
  If not beaten it is a white lion If beaten she would hurt and pain
 • རྒྱ་མཚོ་ Jamtsho
  བར་ལ་མི་ཆགས་བར་ལ་ཆགས། །བར་ལ་དབུས་ཀྱི་ལྷ་ཁང་གྲུ་བཞི་ཆགས། །བར་ལ་དབུས་ཀྱི་ལྷ་ཁང་གྲུབ་བཞི་ཆགས། །
  In the existence of centre There exist a four sided beautiful temple in the centre of village
 • རྒྱ་མཚོ་ Jamtsho
  ལྷ་ཁང་གྲུ་བཞི་ལོས་ཀྱང་ཆགས། །མཚན་ལྡན་བླ་མ་བརྒྱ་ཡི་གདན་ས་རེད། །མཚན་ལྡན་བླ་མ་བརྒྱ་ཡི་གདན་ས་རེད།། །།
  The four sided beautiful temple exists, Which is the residence of highly qualified Lama