Skip to main content Skip to search
29 Aug 2018
3 min 54 sec
Ariana Maki
Video Overview
Creators: 
Sonam Tobgye, Sangay Tshomo

ཤར་ལས་ཤར་བའི་ཁྲི་གདུགས་ཉི་མ་ཤར་ ཟེར་བའི་བོད་སྒྲའི་གླུ་གཞས་འདི་ གླུ་གཞས་ཀྱི་ཚིག་ཡང་སྐྱོ་བའི་ཚིག་ཚུ་ཡོད་པའི་གུ་ལུ་ ལྷུན་རྩེ་ཆ་འོག་ སྨིན་རྒྱས་རྒེད་འོག་ཞམ་ལས་ རྣམ་རྒྱལ་སྒྲོལ་མ་གིས་འབད་ ག་ནི་བ་སྐྱོ་ལྷང་ལྷང་སྦེ་འཐེན་ཏེ་འདུག དེ་ཡང་ ཤར་ལས་ཤར་བའི་ཁྲི་གདུགས་ཉིམ་འདི་ དྲོད་ཉམས་ཆེ་རང་ཆེ་བས་ དྲོད་ཉམས་ཆེ་བའི་ཁྲི་གདུགས་འདི་ ནུབ་ཕྱོགས་ཁ་ཐུག་ཤར་ཤར་མ་འགྱོ་བར་ ནམ་སྤྲིན་པའི་གུ་ལུ་སྐུ་ངལ་གནང་ཟེར་དང་ གངས་ལས་འབབ་པའི་ཆུ་མོ་འདི་ འུར་སྒྲ་ཆེ་རང་ཆེ་བས་ དེ་སྦེ་ཤར་ཤར་འབབ་མ་འགྱོ་བར་ ཐང་པད་མའི་ཐང་ནང་ ཚར་གཅིག་སྐུ་ངལ་གནང་ཟེར་ དཔེ་འདི་དང་འདྲཝ་སྦེ་ རང་ལུ་བྱམས་སྐྱོང་ཅན་གྱི་མི་དེ་ཡང་ རང་དང་མཉམ་ཅིག་སྐུ་ངལ་གནང་སྟེ་བཞུགས་ ཟེར་བའི་ཚུལ་ཅིག་ཨིན་མས།

The rising sun in the East emits warmth to the whole universe for its daily sustainability. The river roars in between its banks as it flows through the deep valleys. Similarly, the state leaders also have an authority in society. The above examples relate to the this power. The song pays respect and brings homage to these powerful leaders and asks for them to take rest and let their willing subjects do some work.

Transcript search
No results found for this search
0 of 0
 • རྣམ་རྒྱལ་སྒྲོལ་མ། Namgay Dema
  ཨོ་མོ་ཨོ་མོ་མ་ཎི་དབའེ་པདྨེ་ཧཱུཾ། །ཡང་སུ་དམ་པའི་ཆོས་ནི་དབའེ་སྐྱབས་སུ་མཆི། །སྐྱབས་སུ་མཆི།
  Omo Omo Mani Padmai Hung, Blessed with dharma time and again.
 • རྣམ་རྒྱལ་སྒྲོལ་མ། Namgay Dema
  ཤར་ཤར་བའི་ཁྲི་གདུགས་དབའེ་ཉི་མ་ཤར། །ཤར་ཤར་བའི་ཁྲི་གདུགས་དབའེ་དྲོད་ཉམས་ཆེ། །དྲོད་ཉམས་ཆེ།
  The sun rises from east, The sun raised from east is warm.
 • རྣམ་རྒྱལ་སྒྲོལ་མ། Namgay Dema
  དྲོད་ཉམས་ཆེ་བའི་ཁྲི་གདུགས་དབའེ་སྐུ་ངལ་གནང་། །ནམ་སྤྲིན་པའི་འཁོར་ལོ་དབའེ་སྐུ་ངལ་གནང་། །སྐུ་ངལ་གནང་།
  Take rest for a while warm sun, Take rest in the bold of cloud.
 • རྣམ་རྒྱལ་སྒྲོལ་མ། Namgay Dema
  འབབ་འབབ་པའི་ཆུ་མོ་དབའེ་མདངས་རང་མདངས། །འབབ་འབབ་པའི་ཆུ་མོ་དབའེ་འུར་སྒྲ་ཆེ། །འུར་སྒྲ་ཆེ།
  The flowing river is clear, The flowing river is noisy.
 • རྣམ་རྒྱལ་སྒྲོལ་མ། Namgay Dema
  འུར་སྒྲ་ཆེ་བའི་ཆུ་མོ་དབའེ་སྐུ་ངལ་གནང་། །ཐང་པདྨའི་ཐང་ལུ་དབའེ་སྐུ་ངལ་གནང་། །སྐུ་ངལ་གནང་།
  The noisy flowing river takes rest, Take rest in Pemai Thang.
 • རྣམ་རྒྱལ་སྒྲོལ་མ། Namgay Dema
  ད་རེས་བྱོན་པའི་དབང་ཆེན་དབའེ་ཡུམ་ཆེན་འཕྱད། །ཡུམ་ཆེན་འཕྱདཔའི་དབང་ཆེན་དབའེ་སྐུ་ངལ་གནང་། །སྐུ་ངལ་གནང་།
  The king who came today remains stable, The one came to meet mother take rest.
 • རྣམ་རྒྱལ་སྒྲོལ་མ། Namgay Dema
  ཕར་སློབ་གྲྭ་སློབ་ཕྲུག་དབའེ་[སླབ་པའི་ཚེ། །ཡོན་ཏན་ཆེ་བའི་ཡང་ཆེན་?]དབའེ་སྐུ་ངལ་གནང་། །
  The teacher and students learning, The highly educated ones take rest.
 • རྣམ་རྒྱལ་སྒྲོལ་མ། Namgay Dema
  ལགས་སོ་ལགས།། །།
  Thank you.