Skip to main content Skip to search
30 Aug 2018
4 min 48 sec
Ariana Maki
Video Overview
Creators: 
Sonam Tobgye, Sangay Tshomo

ཨོཾ་ལས་གསང་རེད་ལ་ཟེར་མི་འདི་ ཡོངས་གྲགས་ཅན་གྱི་བོད་སྒྲའི་གླུ་གཞས་ཅིག་ཨིནམ་ད་ སྤྱིར་བཏང་ཨོཾ་ལས་གསང་རེད་ལ་ཟེར་ མགུ་ཏོ་ཁར་འཐེན་མི་འདི་ ཞབས་བྲོའི་ཚིག་ངོ་མ་མེན་པར་ བསྐྱར་འཐེན་གྱི་ཚིག་ཨིན་མས། ཏེ་གླུ་གཞས་འདིའི་ནང་དོན་གྱི་ཚིག་ནང་ ང་བཅས་རའི་རྒྱལ་ཁབ་ནང་ ཡོངས་གྲགས་སྦེ་འཐེན་སྲོལ་ཡོད་མི་ དགུང་སྟོད་བརྒྱ་ཡང་འཛོམས་ས་ཟེར་མི་ གླུ་གཞས་འདིའི་ཚིགས་བཅད་འདི་ཨིནམ་ད་ གླུ་གཞས་འདི་སྤྱིར་བཏང་ དུས་སྟོན་ག་བཟུམ་ནང་ཡང་འཐེནམ་ཨིན་རུང་ ཚིག་དང་འཁྲིལ་བ་ཅིན་ མང་ཆེ་ཤོས་ཅིག་ ང་བཅས་མི་འདི་ཚུ་ གཅིག་ཁར་འཛོམས་པའི་མཐའ་མར་ སོ་སོར་ཁ་བྲལ་བའི་སྐབས་སུ་འཐེན་དགོ་ནི་ཨིན་མས། ག་ཅི་སྦེ་ཟེར་བ་ཅིན་ གླུ་གཞས་ཀྱི་ཚིག་འདི་ནང་ ང་བཅས་ར་སྤྱིར་བཏང་མི་འདི་ཚུ་འཛོམས་ནི་འདི་ ལ་ཁག་མེད་རུང་ ཕམ་དང་གཅིག་ཁར་འཛོམས་ནི་འདི་ གསེར་ལས་ཀྱང་དཀོན་དྲགས་ཨིནམ་ལས་ ད་རེས་ཚར་ཅིག་གཅིག་ཁར་འཛོམས་པའི་མཐའ་མར་ སོ་སོར་མ་འབྲལ་བ་སྡོད་གེ་ཟེར་མས། ཏེ་གླུ་གཞས་འདི་ནང་ ལྷན་ཐབས་ཀྱི་དོན་ལུ་ གནམ་དང་ཉིམ་ གང་དང་སེངྒེ་ སྤང་དང་ཤ་བ་འདི་ཚུ་དཔེ་སྦེ་བཀོདཔ་མས། 

 

The song "Omley Sangrayla" is a popular song in Bhutan, beginning with the title chorus but the song mainly consist of verses taken from another song called "Gungtey Jayang Zomsa" (May One Hundred Skies Meet). Though the song can be used during any occasion or event, when looking at the lyrics one can see it should be sung during a meeting or departure. The verses say that ordinary people can meet each other at any time, but the meeting of parents is a rare occasion. It uses metaphors in pairs to express this: the sky and the sun, mountains and lions, reindeer and meadows.

Transcript search
No results found for this search
0 of 0
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། དགུང་སྟོད་བརྒྱ་ཡང་འཛོམས་ཤོག་ལ་ནི་སྟོང་ཡང་འཛོམས་ལ། །ཁྲི་གདུགས་ཉི་མ་འཛོམས་པ་ཡ་ལ་གསེར་ལས་དཀོན། །
    Omleg sangrayla, Sky assembles hundreds and thousands times, But congregation of sun is rare as gold.
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། གངས་སྟོད་བརྒྱ་ཡང་འཛོམས་ཤོག་ཡ་ལ་ནི་སྟོང་ཡང་འཛོམས་ལ། །སེང་ཆེན་དཀར་མོ་འཛོམས་པ་ཡ་ལ་གསེར་ལས་དཀོན། །
    Omleg sangrayla, Mountain assembles hundreds and thousands times, But congregation of white lion is rare as gold.
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། གསེར་ལས་དཀོན་ཀྱང་ད་རེས་ཡ་ལ་ནི་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མ་གནང་ཡ་ལ་དཀོན་མཆོག་གསུམ། །
    Omleg sangrayla, Even its rare as gold today they had met, Lets there be no exodus god.
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། སྤང་སྟོད་བརྒྱ་ཡང་འཛོམས་ཤོག་ཡ་ལ་ནི་སྟོང་ཡང་འཛོམས་ལ། །ཤཝ་རྒས་རྭ་བཅུ་འཛོམས་པ་ཡ་ལ་གསེར་ལས་དཀོན། །
    Omleg sangrayla, Meadow assembles hundreds and thousands times, But congregation of stag is rare as gold.
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། གསེར་ལས་དཀོན་ཀྱང་ད་རེས་ཡ་ལ་ནི་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མ་གནང་ཡ་ལ་དཀོན་མཆོག་གསུམ། །
    Omleg sangrayla, Even its rare as gold today they had met, Lets there be no exodus god.
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། མཚོ་སྟོད་བརྒྱ་ཡང་འཛོམས་ཤོག་ཡ་ལ་ནི་སྟོང་ཡང་འཛོམས་ལ། །གསེར་མིག་ཉ་མོ་འཛོམས་པ་ཡ་ལ་གསེར་ལས་དཀོན། །
    Omleg sangrayla, Oceans assembles hundreds and thousands times, But congregation of golden fish is rare as gold.
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། གསེར་ལས་དཀོན་ཀྱང་ད་རེས་ཡ་ལ་ནི་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མ་གནང་ཡ་ལ་དཀོན་མཆོག་གསུམ། །
    Omleg sangrayla, Even its rare as gold today they had met, Lets there be no exodus god.
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། གཡུས་སྟོད་བརྒྱ་ཡང་འཛོམས་ཤོག་ཡ་ལ་ནི་སྟོང་ཡང་འཛོམས་ལ། །དྲིན་ཅན་ཕ་མ་འཛོམས་པ་ཡ་ལ་གསེར་ལས་དཀོན། །
    Omleg sangrayla, Village assembles hundreds and thousands times, But congregation of parents is rare as gold.
  • པདྨ་ལྷ་མོ། Pema Lhamo
    ཨོཾ་ལེགས་(ཨོཾ་རི་)སངས་རེད་ལ། གསེར་ལས་དཀོན་ཀྱང་ད་རེས་ཡ་ལ་ནི་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མ་གནང་ཡ་ལ་དཀོན་མཆོག་གསུམ། །ལ་སོགས་ལ། །མགོ་འཛོལ་ཡར་ཏོ།
    Omleg sangrayla, Even its rare as gold today they had met, Lets there be no exodus god.
  • པདྨ་ལྷ་མོ་ Pema Lhamo
    ལགས་སོ་ལགས། མགུ་ཏོ་འཛོལ་སོ་ཡི་ ཨེ་ཧི་ཧི་ཧི་་་་་་།། །།
    Thank you, starting is getting mistake.