Skip to main content Skip to search
25 Aug 2018
3 min 32 sec
Ariana Maki
Video Overview
Creators: 
Dawa Tshering, Tseten Tshering

Rinchen from Ketokha village, in Bongo Gewog (county) in Chukha district, sings an old Boedra song introducing a meadow plain, an incense tree and the water of the Lopen (teacher) Sherub Dorji. It is an auspicious song that can be performed during any special occasion, celebration or gathering. It is a Boedra song so it is performed in a circular formation with around five to twenty dancers. The origin and the composer of the song are unknown.

 

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ རྐེད་ཏོག་ཁ་གཡུས་ཚན་ནང་ལས་ ཨམ་རིན་ཆེན་གྱི་བོད་སྒྲའི་གླུ་གཞས་ ཨོམ་ལེགས་གསང་རི་ལ་ཟེར་མི་འཐེན་ནི་འདུག གླུ་གཞས་འདི་གི་སློབ་དཔོན་ཤེས་རབ་ཀྱི་ རྩེད་ཐངདང་ བསང་ཤིང་ ཡོན་མཆོདཔ་གི་སྐོར་ལས་སྟོནམ་ཨིན་མས། འདི་བཟུམ་མའི་ གླུ་གཞས་འདི་ རྩ་ཆེ་བའི་དུས་སྟོན་དང་ དགའ་སྟོན་ག་ཅིག་བཟུམ་ནང་ཡང་ ཁྲབ་ནི་ཡོདཔ་ཨིན།  གླུ་གཞས་འདི་ མི་གྲངས་ལྔ་ལས་ ཁལ་གཅིག་དེ་ཅིག་གི་ སྒོར་སྒོརམ་འབད་ཁྲབ་ནི་ཡོདཔ་དང་ ལེའུ་ཚུ་ཡང་གླུ་གཞས་ཀྱི་ཚིག་དང་འཁྲིལ་ཏེ་ཁྲབ་ཨིན་མས། གླུ་གཞས་ཀྱི་འབྱུང་ཁུངས་དང་ རྩོམ་པ་པོ་གཙོ་བོ་འདི་མ་ཤེསཔ་ཨིན་མས།

 

Transcript search
No results found for this search
0 of 0
  • རིན་ཆེན
    ཨོམ་ལས་ནི་བསང་རེ་ལ།། ཡར་ཡར་ལུང་པའི་ཕུག་ལས་ལུ་ཡར་ལ་ནི་ཐང་གཅིག་འདུག་ལགས།། ཐང་འདི་ཐང་ངོ་མ་ཤེས་ཡར་ལ་ཐང་གཅིག་འདུག། ཨོམ་ལས་ནི་བསང་རེ་ལ།། ཐང་ནི་ཁྱོད་ཀྱི་ཐང་ངོ་ཡར་ལ་ནི་མ་ཤེས་ན་ལ།། སློབ་དཔོན་ཤེས་རབ་རྡོ་རྗེ་ཡར་ལ་པད་ཐང་རེ།། ཨོམ་ལས་ནི་བསང་རེ་ལ།། ཡར་ཡར་ལུང་པའི་ཕུག་ལུ་ཡར་ལ་ནི་ཤིང་ཅིག་འདུག་ལ།། ཤིང་ནི་ཤིང་ངོ་མ་ཤེས་ཡར་ལ་ཤིང་གཅིག་འདུག། ཨོམ་ལས་ནི་བསང་རེ་ལ།། ཤིང་འདི་ཁྱོད་ཀྱི་ཤིང་ངོ་ཡར་ལ་ནི་མ་ཤེས་ནང་ལ།། སློབ་དཔོན་ཤེས་རབ་རྡོ་རྗེ་ཡར་ལ་བསང་ཤིང་རེ།། ཨོམ་ལས་ནི་བསང་རེ་ལ།། ཡར་ཡར་ལུང་པའི་ཕུག་ལུ་ཡར་ལ་ནི་ཆུ་གཅིག་འདུག་ལ།། ཆུ་འདི་ཆུ་ངོ་མ་ཤེས་ཡར་ལ་ཆུ་གཅིག་འདུག། ཨོམ་ལས་ནི་བསང་རེ་ལ།། ཆུ་ཁྱོད་ཀྱི་ཆུ་ངོ་ཡར་ལ་ནི་མ་ཤེས་ན་ལ།། སློབ་དཔོན་ཤེས་རབ་རྡོ་རྗེ་ཡར་ལ་འཁྲུས་ཆུ་རེ།། ལགས་སོ།