Skip to main content Skip to search
01 Sep 2018
3 min 25 sec
Ariana Maki
Video Overview
Creators: 
Norzin Lhamo

The song called "Neychen Tsari Keypai" is one of the most popular old Boedra songs. The song expresses the sacred site of Tsari. Tsari is a major pilgrimage destination in southern Tibet. The song narrates the wishes of the singer to visit the sacred sites of Tsari.  However, the version in this video has a different tune and lyrics. Different versions of the song can be heard across the Bhutan. 

 

གནས་ཆེན་རྩྭ་རི་སྐྱེ་བའི་ཟེར་མི་གླུ་གཞས་འདི་ ང་བཅས་ར་འབྲུག་གི་གླུ་གཞས་ཀྱི་དབྱེ་ཁག་ལས་ བོད་སྒྲའི་གྱལ་ཁར་ཚུདཔ་ཨིནམ་ད་ གནས་ཆེན་རྩྭ་རི་ཟེར་འདི་ བོད་ཀྱི་ལྷོ་ཕྱོགས་ཁ་ཐུག་ལུ་ཆགས་ཡོད་པའི་ གནས་བྱིན་བརླབས་ཅན་ཅིག་ཨིན། ཏེ་གླུ་གཞས་འདི་ནང་ རྩོམ་པ་པོ་འདི་ གནས་ཆེན་རྩྭ་རི་མཇལ་དགོ་མནོ་བའི་སྐོར་ལས་ བཤད་པ་རྐྱབ་ཨིནམ་ད་ ཞབས་བྲོ་འདི་ འབྲུག་གི་ས་གནས་ག་ཏེ་ཡང་དར་ཁྱབ་སོང་ཡོད་རུང་ ད་ལྟོའི་གླུ་གཞས་འདི་ནང་ གདངས་དང་ཚིག་འདི་ཚུ་ ཨ་ཙི་རེ་འགྱུར་བཅོས་རྐྱབ་སྟེ་འདུག། 

 

Transcript search
No results found for this search
0 of 0
  • ཅུང་སེར་ཁའི་ཨམ་སྲུ་ཚུ།
    Women From Chungserkha: གནས་ཆེན་ཙཱ་རིར་སྐྱེས་པའི་ཤིང་ཆེན་གྱི་སྨྱུག་མ། །བྲག་སྟོད་མཐོན་པོར་སྐྱེས་པའི་བྲག་དམར་གྱི་ཤོག་སྒྲོ། །དགའ་བ་བཟང་པོ་་་་་(??)པའི་སྐྱབས་འགྲོ་གི་སྙིང་པོ། །འདི་གསུམ་སྐྱེས་ས་མི་གཅིག་རང་རང་གི་སོ་སོར། །
  • ཅུང་སེར་ཁའི་ཧམ་སྲུ་ཚུ།
    Women From Chungserkha: མདའ་སྟོང་ཁྲ་མོའི་ནང་ལུ་འཛོམས་ས་ལས་གཅིག་ཤོག །འཛོམས་ཤིང་འབྲལ་བ་མ་གནང་ཆོས་འཁོར་གྱི་གཞུང་ལ། །སྨོན་ལམ་ཡང་ཡང་བཏབ་ཤིག་ཤ་བ་གི་ཐོད་དཀར། །སྨོན་ལམ་ཡང་ཡང་བཏབ་ཤིག་ཤ་བ་གི་ཐོད་དཀར། །
  • ཅུང་སེར་ཁའི་ཧམ་སྲུ་ཚུ།
    Women From Chungserkha: ཡར་ཡར་་་་(??)སྐྱེས་པའི་ཧ་ལོ་གི་མེ་ཏོག །ནགས་ཚལ་ཕྱོགས་ལུ་ཤར་བའི་དམར་གོ་(??)གི་མེ་ཏོག །ལྡུམ་རས་ཁྲ་མོར་ཤར་བའི་སེར་ཤོག་གི་མེ་ཏོག །འདི་གསུམ་སྐྱེས་ས་མི་གཅིག་རང་རང་གི་སོ་སོར། །
  • ཅུང་སེར་ཁའི་ཧམ་སྲུ་ཚུ།
    Women From Chungserkha: ལྷ་ཁང་ཁྲ་མོའི་ནང་ལུ་འཛོམས་ས་ལས་གཅིག་ཤོག །འཛོམས་ཤིང་འབྲལ་བ་མ་གནང་ལྷ་ཁང་གི་དཀོན་གཉེར། །སྨོན་ལམ་ཡང་ཡང་བཏབ་ཤིག་ཚེ་དབང་གི་བུམ་པ། །སྨོན་ལམ་ཡང་ཡང་བཏབ་ཤིག་ཚེ་དབང་གི་བུམ་པ། །
  • ཚེ་རིང་ལྷམོ། Tshring Lham
    འ་ནེ་གཅིག་རང་མས་ལགས། མི་ཤེས་པས་ད་ཨང་རྒས་ཀྱིས།