Video Overview
ལྷུན་རྩེ་རྫོང་ཁག་ སྨིན་རྒྱས་རྒེད་འོག་ལས་ ཚེ་རིང་བཟང་མོ་གིས་ དགུང་སྟོད་བརྒྱ་ཡང་འཛོམས་ས་ཟེར་མི་གླུ་གཞས་འདི་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ ང་བཅས་ར་ཆ་མཉམ་ལུ་ ལཱ་ངན་པ་འདི་ཚུ་སྤང་སྟེ་ དམ་པའི་ཆོས་སྒྲུབ་ནི་ལུ་བརྩོན་གནང་ཟེར་མས། རྩོམ་པ་པོ་འདི་གིས་ གླུ་གཞས་འདིའི་རྒྱབ་གནོན་དང་ རྒྱབ་སྐྱོར་བཟུམ་སྦེ་ དཔེ་ཉིམ་འདི་གིས་ འཛམ་བུ་གླིང་བསྐོར་ར་རྐྱབ་ནིའི་དོན་ལུ་ ཉིནམ་ལེ་ཤ་ཅིག་འགོར་དོ་བཟུམ་སྦེ་ ང་བཅས་ར་ག་ར་འབད་རུང་ ཚེ་སྔོན་མའི་ལས་དང་འཁྲིལ་དགོ་པས་ཟེར་མས། འདི་བཟུམ་སྦེ་བུམོ་འདི་ལུ་ དམ་པའི་ཆོས་སྒྲུབ་ནིའི་ལུང་བསྟན་ཡོདཔ་ལས་ ཆོས་སྒྲུབ་དགོ་མནོ་རུང་ ཆོས་ཀྱི་ལྟེ་བ་འདི་ ས་ཐག་རིང་ས་ཨིན་པས་ཟེར་བའི་དོན་མས།
Tshering Zangmo from Miney Gewog (county) in Lhuntse Dzongkhag (district), sings a song called "Gungtey Jayang Zomsa". The lyrics encourage everyone to choose a religious path and obtain dharma despite any bad actions taken that hamper its practice. The composer uses the example of the sun taking many days to make a single revolution around the earth, yet it is its fate to do so. Similarly, dharma centers are far removed from devotees (in this song a particular girl). Still she wanted to obtain dharma because it is her destiny, as she claims to have experienced a prophecy telling her to practice dharma.
- ཚེ་རིང་བཟང་མོ། Tshering Zangmoདགུང་སྟོད་ཆེན་པོའི་བརྒྱ་ཡི་ཆེན་མེད་གཅིག་ལ། །ཁྲི་གདུགས་ཉི་མའི་ནེ་ནེ་་་་་་་་་་་། །ཁྲི་གདུགས་ཉི་མའི་ས་ཐག་རིང་མི་རིང་། །The hundreds of huge sky has one tinny, The sun is far away.
- ཚེ་རིང་བཟང་མོ། Tshering Zangmoཁྲི་གདུགས་ས་ཐག་རིང་ཀྱང་(ཡང་)སྔོན་གྱི་ལས། །གཡུས་བཟང་(གླིང་བཞི་)བསྐོར་བ་རང་གི་ཚེ་སྔོན་ལས། །གཡུས་བཟང་(གླིང་བཞི་)བསྐོར་བ་རང་གི་ཚེ་སྔོན་ལས། །Sun being far is the fate, The circumambulating of sky is too the fate.
- ཚེ་རིང་བཟང་མོ། Tshering Zangmoགཡུས་སྟོད་ཆེན་པོའི་བརྒྱ་ཡི་ཆེན་མེད་གཅིག་ལ། །བུ་མོའི་ཆོས་ལམ་ས་ཐག་རིང་མི་རིང་། །བུ་མོའི་ཆོས་ལམ་ས་ཐག་རིང་མི་རིང་། །The hundreds of huge village has one tinny, The way for girl dharma is far away.
- ཚེ་རིང་བཟང་མོ། Tshering Zangmoབུ་མོའི་ཆོས་ལམ་ས་ཐག་རིང་རུང་རང་། །སྔོན་ཚེ་ཆོས་ལམ་འཁྲུལ་བ་[མང་གི་ཚུ། །ཆོས་ལ་ཅོས་ནི་སྔོན་མས་བཀྲ་ཤུ་དུ། །?]
- ཚེ་རིང་བཟང་མོ། Tshering Zangmoབཀའ་དྲིན་ཆེ།། །།Girl…[singer makes error] Even dharma way if far,