Skip to main content Skip to search
01 Sep 2018
4 min 4 sec
Ariana Maki
Video Overview
Creators: 
Norzin Lhamo

Chador from Rubesa Gewog (county) in Wangdiphodrang Dzongkhag (district) sings a song describing the origin of an arrow. It explains that the arrow is made from a reed. The head or Dhacha is affixed to the shaft of the arrow with either sealing wax or Lachu.  The feathers used for the arrows are obtained from the primary feathers of a pheasant. The tong or nock is fit with a thread and looks like a colourful rainbow, and the iron arrowhead used looks like a shining sun. 

 

མདའི་འབྱུང་ཁུངས་ཀྱི་བཤད་པ་རྐྱབ་མི་གླུ་གཞས་འདི་ དབང་འདུས་ཕོ་བྲང་རྫོང་ཁག་ རུས་སྦིས་ས་རྒེད་འོག་ལས་ ཕྱག་རྡོར་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ མདའ་འདི་དེའུ་གི་སྦེ་བཟོ་ཞིནམ་ལས་ འདིའི་མཇུག་ལུ་མདའ་ལྕགས་ཟེར་ ལྕགས་འདི་་ཆུ་བླུགས་ཞིནམ་ལས་སྦྱར་བའི་ཟེར་མས། འདི་ལས་མདའི་གུ་ལུ་ བྱ་མདངས་ཀྱི་སྒྲོ་བཀལཝ་ཨིནམ་ད་ མདའི་ཏོང་འདི་སྐུདཔ་གི་ཚོས་གཞི་སྒྲིག་སྟེ་ གནམ་མཁའི་གཞའ་བཟུམ་སྦེ་བཟོ་ཡོདཔ་ད་ མདའི་མགུ་འདི་ཉིམ་ཤར་ཤརཝ་བཟུམ་སྦེ་ཡོད་ཟེར་མས།  

 

Transcript search
No results found for this search
0 of 0
  • ཕྱག་རྡོར། Chado
    སངས་རས་ལ། །ཨོམ་ཆུ་ས་ལ་མ་ཎི་པདྨེ་ཧཱུཾ་ལ། །གསུང་ཡ་ས་ལ་མ་ཎི་ལ་པདྨེ་ཧཱུཾ། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ང་རང་སྐྱེས་ས་བཤད་མི་དགོ་ལ། །མདའ་མོ་ང་རང་སྐྱེས་ས་བཤད་ས་ན། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ང་རང་སྐྱེས་ས་བཤད་ཙམ་ན་ལ། །མདའ་མོ་ང་ར་ཙཱ་རི་བྲག་ལུ་ཨིན། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་བཅད་ཡང་གཞོན་པའི་ལགཔ་གི་བཅད་ལ། །མདའ་མོ་ཕྲང་ཡང་གཞོན་པའི་ལགཔ་གི་ཕྲང། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ང་ལུ་ལྟོང་ཅིག་བཏོན་ཙམ་ན་ལ། །་་་་(??)ཀ་ཆེན་གནམ་ལུ་ལྷོང(??)། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ང་ལུ་སྒྲོ་ཅིག་བཤད་ཙམ་ན་ལ། །གངས་སྟོད་གཡུས་ལུ་ལྷ་དར་འཕྱར་འོང་འདྲ། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ང་ལུ་སྒྲོ་གཉིས་བཤད་ཙམ་ན་ལ། །ནང་གི་ཕྱད་མདའ་ཕོང་ཀོ་ལྡིང་མོ་འདྲ་(??)། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ང་ལུ་སྒྲོ་གསུམ་བཤད་ཙམ་ན་ལ། །གང་སྟོད་གཡུས་ལུ་་་་་་་་་་་་་་(??)། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ང་ལུ་སྤང་ཅིག་སྐྱེས་ཙམ་ན་ལ། །གནམ་ཁར་དབྱིངས་ལུ་གཞའ་རི་ལ་སྤུབས་པ་འདྲ། །(??)
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ང་ལུ་ལྕགས་ཅིག་བརྡབས་ཙམ་ན་ལ། །སྒོམ་ཆེན་ལྔ་བུ་ཅིག་གི་ལ་སྤང་་་་་་(??)། །
  • ཕྱག་རྡོར། Chado
    སངས་རས་ལ། །མདའ་མོ་ཕར་རྐྱབ་འབའ་མའི་རྒྱན་ཆ་ཨིན་ལ། །མདའ་མོ་ཐད་ཀ་འབའ་མའི་སྐེད་པ་བྱོན། །ཟེར་ བཞག་གེ་ད་ འ་ནཱི་འདི་ཁར་ལས།