Skip to main content Skip to search
17 Aug 2018
3 min 16 sec
Ariana Maki
Video Overview
Creators: 
Dawa Tshering, Tseten Tshering

A wish fulfilling gem is surrounded by external walls, a golden table stands over the wish fulfilling gem and a vessel sits on the golden table. The vessel is filled with mandala and holy water. The song calls for prosperity to fill the space inside the walls that surround the wish fulfilling gem (which could refer to a dzong, temple, or shrine, etc.). The lyrics of the song seem to not be complete.

 

ནོར་བུ་དགོས་འདོད་སྤུངས་འཇོམས་འདི་ ཕྱི་ལས་ལྕགས་རིའི་བསྐོར་ཏེ་ གསེར་གྱི་སྟེགས་ཁྲི་ཅིག་ ནོརཔ་དགོས་འདོད་སྤུངས་འཇོམས་གུ་བཞག་ འདི་ལས་སྟེགས་ཁྲི་འདིའི་གུ་ལས་ བུམ་པ་ཅིག་བཞག་ བུམ་པ་འདི་ནང་ མནྜལ་དང་བདུད་རྩི་བཀང་ཏེ་ཡོད་ཟེར་མས། མདོར་བསྡུ་བ་ཅིག་ གླུ་གཞས་འདི་ནང་ ནོར་དགོས་འདོད་སྤུངས་འཇོམས་བཞག་ས་འདི་ དཔེར་ན་ རྫོང་དང་ལྷ་ཁང་ མཆོད་གཤམ་ག་ཅི་འབད་རུང་ གནམ་མེད་ས་མེད་ ཕུན་སུམ་ཚོགས་ཏོག་ཏོ་ཨིན་ཟེར་མས། ཏེ་གླུ་གཞས་འདི་ གནམ་མེད་ས་མེད་ཅིག་ གསལ་ཏོག་ཏོ་མེདཔ་ལས་ ཚིག་མཇུག་མ་བསྡུཝ་བཟུམ་ཅིག་འདུག། 

 

Transcript search
No results found for this search
0 of 0
  • རྡོ་རྗེ་བུདྡྷ་ Dorji Bidha
    ཕྱི་ལས་ལྕགས་རི་སྒོར་སྒོར། །ནང་ལས་ལྕང་མ་ཅིག་བཙུགས་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །
  • རྡོ་རྗེ་བུདྡྷ་ Dorji Bidha
    ལྕགས་རི་ལྕང་མའི་ནང་ལུ། །ཡེ་ཤེས་ནོར་བུ་ཅིག་བཞུགས་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །
    Inside the iron fenced mountain, there are willow trees grown. And inside it there is a jewel.
  • རྡོ་རྗེ་བི་ད Dorji Bidha
    ཡེ་ཤེས་ནོར་བུའི་གུ་ལུ། །གསེར་གྱི་ཅོག་ཙེ་ཅིག་བཀལ་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །
    On top of the jewels, there is a golden table.
  • རྡོ་རྗེ་བུདྡྷ་ Dorji Bidha
    གསེར་གྱི་ཅོག་རྩེ་གུ་ལུ་ གཡང་ཁྲོ་དཀར་ཡོལ་ཅིག་བཀལ་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །
  • རྡོ་རྗེ་བུདྡྷ་ Dorji Bidha
    གཡང་ཁྲོ་དཀར་ཡོལ་ནང་ལ། །བདུད་རྩི་མནྜལ་ཅིག་ཕུལ་ཡོད། །ནང་ལ་བྱུང་སེ་རུག །ཨེ་ལ་བྱུང་བྱུང་། །ནང་ལ་བྱུང་སེ་རུག །འོ་ལགས་སོ་ལགས།། །།
    On the golden table there is a white bowl with the sacred offerings of Mendrel.