Skip to main content Skip to search
29 Aug 2018
3 min
Ariana Maki
Video Overview
Creators: 
Sonam Tobgye, Sangay Tshomo

བུམ་ཐང་བྱ་དཀར་ལུང་པ་ཟེར་མི་ བོད་སྒྲའི་གླུ་གཞས་གསརཔ་འདི་ ལྷུན་རྩེ་རྫོང་ཁག་ སྨིན་རྒྱས་རྒེད་འོག་ལས་ རྣམ་རྒྱལ་སྒྲོལ་མ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ བུམ་ཐང་རྫོང་ཁག་འདི་ བོད་ཀྱི་གནས་ཁྱད་པར་ཅན་བཟུམ་སྦེ་ མཐའ་འཁོར་ལས་ཕར་ དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་བསྟོད་པ་རྐྱབ་མས། བུམ་ཐང་རྫོང་ཁག་གི་སློབ་ཕྲུག་འདི་ཚུ་ སློབ་གྲྭ་ནང་འཛོམས་ཐོག་ལས་ སློབ་དཔོན་ཚུ་ལས་ སྔར་དང་དེང་སང་གཉིས་ཆ་རའི་ ཤེས་ཡོན་ཚུ་སྦྱང་དོ་ཡོདཔ་ད་ གླུ་གཞས་འདི་ནང་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེ་རིམ་བྱོན་ཚུ་གིས་ རྒྱལ་ཁབ་གོང་འཕེལ་དང་ ཨ་ལུ་ཚུའི་རྒྱུད་ལུ་ ཤེས་ཡོན་སྦྱང་ཐབས་ལུ་ རྒྱལ་ཁབ་ནང་ ཤེས་རིག་གི་ལམ་ལུགས་བཙུགས་གནང་མི་ལུ་ བཀྲིན་དགའ་ཚོར་དང་གུས་བཏུད་ཕུལཝ་མས། 

 

The song called Bumthang Jakar Lungpa is a new Boedra song sang by Namgay Dema from Minjey goeg under Lhuntse Dzongkhag. The song is a praising song about Bumthang Dzongkhag, where it is stated that the village is a place of happiness with peaceful environment like a sacred places of Tibet. Students from different family background gather at the school and learns both traditional and modern education system, under the guidance of teachers from Bumthang Dzongkhag. Thus, the song also pays a homage to His Majesty the Kings of Bhutan for introducing such education systems for the development of every childrens of the country. 

 

Transcript search
No results found for this search
0 of 0
  • ཤེས་རབ་དཔལ་མོ་ Sherab Pemo
    བུམ་ཐང་བྱ་དཀར་ལུང་པ། །བུམ་ཐང་བྱ་དཀར་ལུང་པ། །བྱ་དཀར་ལུང་པ་ལུས་སེམས་སྐྱིད་པའི་ཕ་ཡུལ། །ལུས་སེམས་སྐྱིད་པའི་ཕ་ཡུལ། །
    The valley of white birds Bumthang, Is the place of peace?
  • ཤེས་རབ་དཔལ་མོ་ Sherab Pemo
    ས་ཕྱོགས་འདི་ལ་དགའ་བ། །འདི་ལ་དགའ་བ་བོད་ཀྱི་གནས་དང་འདྲ་སོང་། །བོད་ཀྱི་གནས་དང་འདྲ་སོང་། །
    Is happiest valley, As the Holly place of Tibet.
  • ཤེས་རབ་དཔལ་མོ་ Sherab Pemo
    ཕ་མ་སོ་སོའི་བུ་ཆུང་། །སོ་སོའི་བུ་ཆུང་སློབ་གྲྭ་འདི་ལ་འཛོམས་ཤོག །སློབ་གྲྭ་འདི་ལ་འཛོམས་ཤོག །
    The children of different parents, Has gathered in the school.
  • རྣམ་རྒྱལ་སྒྲོལ་མོ་ Namgay Dema
    དང་པ་སངས་རྒྱས་ཡིག་ལ། །སངས་རྒྱས་ཡིག་ལ་ཀ་ཁ་ག་ང་སློབ་ཤོག །ཀ་ཁ་ག་ང་སློབ་ཤོག །
    Firstly learns Buddha script, Buddha script Ka, Kha, Ga and nga.
  • ཤེས་རབ་དཔལ་མོ་ Sherab Pemo
    ཡབ་ཆེན་[གཉིས་པ་?]ཕྱི་གླིངཔ་ཡིག་ལ། །ཕྱི་གླིངཔ་ཡིག་ལ་ཨེ་བི་སི་ཌི་སློབ་ཤོག །ཨེ་བི་སི་ཌི་སློབ་ཤོག །
    Learns English alphabet, English alphabets ABCD.
  • ཤེས་རབ་དཔལ་མོ་ Sherab Pemo
    གསུམ་པ་སློབ་གྲྭ་གཅིག་ལ། །སློབ་གྲྭ་གཅིག་ལ་སློབ་དཔོན་བཀའ་དྲིན་ཆེ་སོང་། །སློབ་དཔོན་བཀའ་དྲིན་ཆེ་སོང་། །
    The one Bumthang School, Thankful to the teachers.
  • ཤེས་རབ་དཔལ་མོ་ Sherab Pemo
    ཕྱི་ནང་གཉིས་ཀྱི་ཡོན་ཏན། །གཉིས་ཀྱི་ཡོན་ཏན་མངའ་བདག་བཀའ་དྲིན་ཆེ་སོང་། །མངའ་བདག་དཀའ་དྲིན་ཆེ་སོང་། །
    The education of inner and outside, Thanks for learning.
  • ཤེས་རབ་དཔལ་མོ་ Sherab Pemo
    ལགས་སོ་ལགས།། །།
    Thank you.