Skip to main content Skip to search
27 Jan 2016
10 min 37 sec
Samten Yeshi
Video Overview
Creators: 
Sherig Dentshog, Sangay Choki

The song Son, Do Not Go to the Eastern Mountain! expresses a conversation between a mother and her son. The son is a trader that constantly travels around the country and to Tibet. The mother tries to convince her son not to leave in the light of the dangers of travelling to faraway lands. There is Mithun in the east, heat in the south, large rivers in the north, big trees in the west, huge snow covers in Tibet, and liquor in the center. To console his mother, the son responds by coming up with solutions to all the threats: slat and rope for Mithun, medicine for the heat, construction of iron bridges over large rivers, an axe to cut down the huge trees and so on.

དང་ཕུགས་ ཕམ་ཚུ་གིས་འཐེན་བཞག་ཡོད་པའི་གླུ་གཞས་ ཤར་རི་ལ་མ་འགྲོ་ཨ་མའི་བུ་དེ་ཡང་ ཤར་ལྷོ་ནུབ་བྱང་བསྐོར་བའི་གླུ་གཞས་རྙིང་ཤོས་ཅིག་ཨིནམ་ད་ བསམ་ལྗོངས་མཁར་རི་ཆང་ལུ་ལས་ སེམས་པ་གིས་འཐེན་ནི་འདུག དེ་ཡང་ ཤར་རི་ལ་མ་འགྲོ་ཨ་མའི་བུ། །ཤར་རི་ལ་འགྲོ་ན་འཆི་བྱ་བ། །ཤར་རི་ལ་འགྲོ་ན་ཨ་མའི་བུ། །བ་མེན་མང་པོ་འཕྲད་ཡོང་ཨ་མའི་བུ། །བ་མེན་མང་པོ་འཕྲད་ན་ཨ་མའི་བུ། །ངེའི་བ་དང་ཐག་པ་ལག་ལ་ཡོད། །ཟེར་ ཨའི་ཅིག་ལུ་ ག་ནི་བ་གཅེས་གཅེས་ཕངས་ཕངས་ཀྱི་བུ་ཅིག་ ག་ལྷོད་ལྷོད་འགྱོ་ནི་འབདཝ་ད་ ཨའི་གིས་བུ་ལུ་ལྟ་སྟེ་ ཤར་ཕྱོགས་ལུ་མ་འགྱོ་ཨའི་གི་བུ་ ཤར་ཕྱོགས་ལུ་འགྱོ་བ་ཅིན་ བ་མེན་ལེ་ཤ་དང་ཅིག་ཁར་འཕྱད་འོང་ བ་མེན་ཚུ་གིས་བརྡུང་སྟེ་ཤི་འོང་ ཟེརཝ་ད་ བུ་གིས་ བ་མེན་མང་པོ་འཕྱད་པ་ཅིན་ ངེའི་ལག་པར་ ཚྭ་དང་ཐག་པ་ཡོད་ ཚྭ་བྱིན་ཏེ་ ཐགཔ་གིས་བཏགས་བཞག་ནི་ ཟེར་ ཨའི་གིས་བུ་ལུ་བརྩེ་བའི་ཚིག་དང་ བུ་གིས་བློ་ལན་འཇལ་བའི་ཚིག་ཚུ་བཙུགས་ཏེ་འཐེན་འཐེནམ་གི་གླུ་གཞས་ཅིག་ཨིན་པས།

Transcript search
No results found for this search
0 of 0