Skip to main content Skip to search
19 Oct 2017
5 min 6 sec
Rinchen Dorji
Video Overview
Creators: 
Yeshi Wangchuk

This short video is a narration of all three categories of ballad sung by Dorji Wangdi from Ura, Bumthang, and it was recorded in an altar room. Ballads are narrated between two groups or individuals. He recited the ballad in three sections, classified as aspirational, antagonizing and then befriending. The befriending ballad expressed a prayer to be together with his loved ones forever. The antagonizing ballad expresses that even if the author is inferior than his opponent, he has his own way of living. Finally, the befriending ballad the author desires unity with his opponent despite their harsh words. Thus is the basic structure of Bhutanese ballads, performed chiefly as a form of entertainment.

གློག་བརྙན་འདི་ནང་ བློ་ཟེ་གི་དབྱེ་བ་གསུམ་ཆ་རའི་སྐོར་ལས་ བཤད་པ་རྐྱབ་མི་འདི་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ རྡོ་རྗེ་དབང་མོ་གིས་འཐེན་ཨིནམ་ད་ གློ་བརྙན་འདི་མཆོད་བཤམ་ནང་སྦེ་སྒྲ་བཟུང་འབད་ཡོདཔ་ད་ སྤྱིར་བཏང་བློ་ཟེ་འདི་ སྡེ་ཚན་གཉིས་ཀྱི་བར་ན་དང་ ཡང་ན་ མི་རང་རང་སོ་སོའི་བར་སྦེ་ཡང་ འགྱུར་སྲོལ་ཡོདཔ་ཨིན། ཏེ་ད་ལྟོ་ནཱ་ལུ་ ཁོ་གིས་ རེ་འདོད་དང་དགྲ་གླུ་ འདི་ལས་གཉེན་གླུ་གསུམ་ལུ་ གཞི་བཞག་སྟེ་བློ་ཟེ་འགྱུརཝ་ཨིནམ་ད་ འགོ་པ་ར་ཁོ་གིས་ ཁོ་རའི་ དགའཝ་མཐུནམ་དང་གཅིག་ཁར་ རྟག་བུ་ར་གཅིག་ཁར་སྡོད་ཚུགས་པའི་གི་ སྨོན་ལམ་བཏབ་ཐོག་ལས་ གཉེན་གླུ་བཏངམ་ཨིན་པས། གཉིས་་འདི་ནང་ བརྩམས་པ་པོ་འདི་ བྱང་ཕྱད་འདི་ལས་ བྱང་ཉེས་ཨིན་རུང་ ཁོ་རའི་མི་ཚེ་འདི་ ཁོ་རའི་གནས་སྟངས་དང་བསྟུནམ་སྦེ་སྡོད་དོ་ཟེར་ དགྲ་གླུ་བཏངམ་ཨིནམ་ད་ གསུམ་པ་འདི་ནང་ བློ་ཟེའི་ཚིག་ག་དེ་སྦེ་ར་ སླབ་སྟེ་འབད་རུང་ བརྩམས་པ་པོ་འདི་གིས་ བྱང་ཕྱད་དང་གཅིག་ཁར་ ལོག་ཆ་རོགས་བསྡོམ་ནི་ཟེར་ གཉེན་གླུ་སྦེ་བཏངམ་ཨིན་པས། འདི་འབདཝ་ལས་ འབྲུག་གི་བློ་ཟེ་འདི་  སྤྲོ་སྟོན་གྱི་དོན་ལུ་ གོང་གི་གོ་རིམ་དང་འཁྲིལ་ཏེ་འགྱུརཝ་ཨིནམ་ད་ བློ་རྩུབ་དྲགས་་སྦེ་ སླབ་ཐོག་ལས་སྦེ་ གཅིག་གི་གཅིག་ལུ་ འབྲེལ་བ་བཞགཔ་ཨིན་པས།

Transcript search
No results found for this search
0 of 0
  • རྡོ་རྗེ་དབང་འདུས Dorji Wangdi
    གངས་ལས་འབབ་པའི་ཆུ་མོ། །ཉིན་མཚན་མེད་པ་ལྡིངས་ཤོག །ཉ་མོའི་ང་རའི་ལོགས་ལ། །རྡོ་རྗེ་བྲག་ལ་ལྡིངས་ཤོག །ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བཤད་པ་གནང་ན་ལགས་འདི་ འདི་གི་སྐོར་ལས་?
  • རྡོ་རྗེ་དབང་འདུས Dorji Wangdi
    ཨོང་འདི་གི་དོན་དག་ཅིག་ཞུ་དགོ་འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བཏུབ་གསུང་གནང་ད་ལགས་ བཀའ་དྲིན་ཆེ་གསུང་གནང་ད།
  • རྡོ་རྗེ་དབང་འདུས Dorji Wangdi
    ཆུ་མོ་དང་དང་ལྡིངས་ལྡིངས། །ཉིན་མཚན་མེད་པར་ལྡིངས་ཤོག །ཉ་མོའི་ང་རའི་ལོགས་ལ། །རྡོ་རྗེ་བྲག་ལ་ལྡིངས་ཤོག །ཟེར་མི་འདི་ རང་གི་ཏེ་ད་ དཔེ་བཟུམ་ཅིག་འབད་བ་ཅིན་ རང་གི་གཉེན་བཟུམ་ཅིག་དང་ དེ་ལས་ ཆ་རོགས་འབད་བ་ཅིན་ འཆམ་ཏོག་ཏོ་ཅིག
  • རྡོ་རྗེ་དབང་འདུས Dorji Wangdi
    འདི་ ཏེ་ཆུ་བཟུམ་ཅིག་ རྒྱུན་ཆད་མེད་པར་ ཏེ་རང་གི་དོན་དག་ལུ་ བྱུང་དགོ་ཟེར་བའི་ ཏེ་གཏམ་བཟུམ་ཅིག་ཨིན་པས་ལགས།
  • རྡོ་རྗེ་དབང་འདུས Dorji Wangdi
    ཤར་ཏ་ང་ལ་ཤར་སོང་། །རང་གི་རྒྱུ་མཚན་ཤར་སོང་། །མི་དང་ལྷ་ཡི་འཁྲུགས་ཤིང་། །བདག་ལ་དགོས་པ་མིན་འདུག །ཟེར་ལགས།
  • རྡོ་རྗེ་དབང་འདུས Dorji Wangdi
    དེ་ལས་ འདི་བཟུམ་ཅིག་གི་ནང་ ཏེ་ང་གི་བར་ན་ལུ་ དེ་བཟུམ་མའི་ ཏེ་གཡོ་སྒྱུ་དེ་སྦེ་གཞན་ག་ནི་ཡང་མེདཔ་ཅིག་འབད་ད་ ངེད་ཀྱི་སྔ་མའི་འཕྲོ་བཟུམ་ཅིག་འབད་དེ་ ཏེ་འོང་བཅུག་ཅིག་ཟེར་བའི་ འདི་བཟུམ་ཅིག་ཨིན་ལགས།
  • རྡོ་རྗེ་དབང་འདུས Dorji Wangdi
    དེ་ལས་ ལེ་ཤ་རང་འཐེན་དགོཔ་ཨིན་ན་ལགས་?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ཁྱོད་རའི་ཐུགས་འདོད་ག་དེ་སྦེ་ཡོདཔ་ཨིན་ན་ ད་དོ་རུང་མངམ་གསུང་ནི་ཡོད་པ་ཅིན་ གསུང་རུང་བཏུབ་ལགས།
  • རྡོ་རྗེ་དབང་འདུས Dorji Wangdi
    ཨེའེ་་་་་་ ལགས་སོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་རུང་།
  • རྡོ་རྗེ་དབང་འདུས Dorji Wangdi
    ཏེ་ད་ དེ་འབད་བ་ཅིན་ གཅིག་གཉིས་དེ་ཅིག
  • རྡོ་རྗེ་དབང་འདུས Dorji Wangdi
    ཨོང་ལགས་སོ་ ལགས་སོ་ལགས་ ཏེ་ད་ག་དེམ་ཅིག་འབད་ ད་ཕར་ཧོངས་མ་ལུ་སྨད་ཕབ་རྐྱབ་ནི་བཟུམ་ཅིག་ གཅིག་ཕུལ་གེ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • རྡོ་རྗེ་དབང་འདུས Dorji Wangdi
    ང་ནི་རྒྱ་ནག་པད་ཚོད། །བླ་མའི་གསོལ་སྒྱེས་ཨིན་པས། །ཁྱོད་ནི་གདུང་ཤིང་སྔོན་མོ། །ཕག་པའི་ལྟོ་རང་ཨིནཔས། །ཟེར་ལགས། འདི་གི་གཅིག
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨོང་ལགས་ བཤད་པ་གཅིག
  • རྡོ་རྗེ་དབང་འདུས་ Dorji Wangdi
    ཨོང་འདི་ ད་ ང་བཟུམ་ཅིག་འབད་བ་ཅིན་ ང་ཚོདམ་འབད་བ་ཅིན་ ཧོན་ཚོད་བཟུམ་ཅིག་ཨིན་ འདི་བླམ་གྱི་གསོལ་སྒྱེས་སྦེ་ཟ་བཏུབ་ཟེར་ དེ་ལས་ང་བཅས་ ཡར་ཚལ་མ་ནང་འོངམ་ཨིན་ལགས་ གདུང་ཤིང་སྔོན་མོ་ཟེར་ ཧོན་ཚོད་བཟུམ་འབད་མི་ཅིག་ འདི་ང་བཅས་ཟ་ནི་གི་ཚོདམ་མེན་ ཕགཔ་གི་ལྟོ་ཨིན་ཟེར་ ཞུཝ་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • རྡོ་རྗེ་དབང་འདུས་ Dorji Wangdi
    ཁྱོད་ནི་ལ་མོའི་ཕར་རྒྱབ། །ང་ནི་ལ་མོའི་ཚུར་རྒྱབ། །ལས་དང་སྨོན་ལམ་ཡོད་ན། །ལ་མོའི་སྦུག་ལ་འཛོམས་ཤོག །ཟེར་ དེ་ལས་ འདི་ཡང་ བཤད་པ་ཅིག་གསུང་དགོཔ་འོང་ལགས? ཞུ་དགོ་ཡངལགས་? ཧ་ཧ་ཧ་་་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་གཞན་གྱིས་ ག་དེ་སྦེ་ཨིན་ན་ཧ་མ་གོ་བ་ཅིན།
  • རྡོ་རྗེ་དབང་འདུས་ Dorji Wangdi
    ཨོང་ལགས་ ད་འདི་ག་དེམ་ཅིག་འབད་བ་ཅིན་ ཨིན་རྒྱུ་ཧོན་ཚོད་ལྷམ་པ་གཉིས་བཟུམ་ཅིག་སོང་ཡི་ དེ་ར་འབད་རུང་ རང་རང་སོ་སོའི་སྔ་མའི་ལས་འཕྲོ་ཅིག་ཡོད་དེ་འབད་བ་ཅིན་ ཏེ་འདི་ནང་འཛོམས་བཅུག་ཟེར་དོ་བཟུམ་ཅིག་ཨིན་པས་ལགས།
  • རྡོ་རྗེ་དབང་འདུས་ Dorji Wangdi
    དེ་ལས་འ་ནཱི་ཅིག་ ད་རུང་གཅིག་གཉིས་དེ་ཅིག་ཕུལ་དགོ་ག་ལགས?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བཏུབ་ལགས་ ནཱ་ལུ་ཡོད་དེ་འབད་བ་ཅིན།
  • རྡོ་རྗེ་དབང་འདུས་ Dorji Wangdi
    ཧེ་ཧེ་་་་་ལགས་སོ། གཙང་མོ་གཙང་ནས་ཡོང་དུས། །གཙང་མོ་ལྷ་དང་མཉམ་སོང་། །སྒོམ་པ་ལ་ལ་སླེབས་ཚེ། །གཙང་མོ་སྤྲེའུ་ལ་གྱུར་སོང་། །ཟེར་ འདི་བཟུམ་སྦེ་ ད་ཅི་འབད་བ་ཅིན་ ལས་དངསྨོན་ལམ་ཡོད་པ་ཅིན་ ལས་དང་སྨོན་ལམ་མེད་པ་ཅིན་ གཙང་མོ་འདི་ཡང་སྤྱ་ལུ་འགྱུར་དགོ་ ཟེར་དོ་བཟུམ་ཅིག་ཨིན་ལགས།། །།