Skip to main content Skip to search
21 Jun 2018
3 min 8 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

In this video, Yangay sings a Tsangmo quatrain poem. Tsangmo poems are typically made up of four lines, each of which contains one main point. This Tsangmo laments that you are on the other side of the sea, while I am on this side of the sea; with karma and aspiration on our side, may we meet in the middle of the sea.

 

གཡང་རྒྱས་ཀྱིས་ རྕང་མོ་འཐེན་འདི་ཡོདཔ་ཨིན་མས། རྕང་མོ་འདི་ ཚིག་བཅད་བཞི་ནང་ ཡོདཔ་ཨིན་མས། རྩང་མོའི་ཚིག་ཡང་ ཁྱོད་ནི་རྒྱ་མཚོ་ཕ་ཁ། ང་ནི་རྒྱ་མཚོ་ཚུར་ཁ།།་ལས་དང་སྨོན་ལམ་ཡོད་ན།། རྒྱ་མཚོ་སྦུག་ལུ་ འཛོམས་ཤོག་ཟེར་ཨིན་མས།

 

Transcript search
No results found for this search
0 of 0
  • གཡང་རྒྱས་ Yangay
    ཤིང་དང་ལ་ཤོ་མོ་ལ་གཉིས་ཀུ །མ་འབྲལ་གཏམ་གྱི་ལ་ཁ་ཚིག །ལུངམ་པའི་གཡོ་སྒྱུ་ཆེ་སོང་། །མ་འབྲལ་ལ་སྡོད་ས་མིན་འདུག །
  • གཡང་རྒྱས་ Yangay
    སྟ་དཔོན་ཡོར་ཡོར་ལ་ཤིང་ཤོག །(བདག་པོ་ཡོད་པའི་ལ་ཤིང་འདི། །)སྟ་རེ་ཡོར་ཡོར་ལ་མ་བྱེད། །སྟ་རེ་ཡོར་ཡོར་བྱེད་ན། །རིན་ཆེན་ལ་སྲོག་དང་འབྲལ་(འོང་)། །
  • གཡང་རྒྱས་ Yangay
    རྣམ་འགྱུར་ལ་འབུམ་གྱིས་ལ་རྒྱལ་(རྒྱས་)པ། །དཔལ་ལྡན་ཚངས་པའི་ལ་སེལ་(སྲས་)མོ། །གླུ་གི་སྒྲ་སྙན་འཕྲིན་ལས། །གླུ་ཡི་ལ་དངོས་གྲུབ་སྩོལ་ཤོག །
  • གཡང་རྒྱས་ Yangay
    ཡར་ཡར་ལ་རི་གསུམ་ལ་རྩེ་ལ། །ཤོག་ཀུ་དར་ལ་ལ་འཕྱར་ཚེ། །ཆར་པ་ལེན་གཅིག་འབབ་ན། །ཤོག་གུ་ལ་དར་ལ་ཡལ། །
  • གཡང་རྒྱས་ Yangay
    ཁྱོད་ནི་ལ་རྒྱ་མཚོ་ལ་ཕར་རི། །ང་ནི་རྒྱ་མཚོ་ལ་ཚུར་རི། །ལས་དང་སྨོན་ལམ་ཡོད་ན། །རྒྱ་མཚོ་ལ་སྦུག་ལ་འཛོམས། །
  • གཡང་རྒྱས་ Yangay
    ཁྱོད་ནི་ལ་མར་གྱི་ལ་ཞལ་ཟས། །ང་ནི་ཁྲི་གདུགས་ལ་ཉི་མ། །ཁྲི་གདུགས་ཉི་མ་ཤར་ན། །མར་གྱི་ལ་ཞལ་ཟས་ཡལ་སོང་། །
  • གཡང་རྒྱས་ Yangay
    ཕུ་ལ་ངང་གོའི་ལ་མེ་ཏོག །ལོ་གྲངས་ལོ་གྲངས་ལ་ཤར་སོང་། །བདག་ལ་ཞུ་དང་མེ་ཏོག །ལོ་གཅིག་མ་གཏོགས་མི་ཤར། །
  • གཡང་རྒྱས་ Yangay
    བཀའ་དྲིན་ཆེ་ལགས་ བཏུབ་ལགས་དེམ་ཅི་གིས། །།