Skip to main content Skip to search
05 Feb 2016
6 min 55 sec
Samten Yeshi
Video Overview
Creators: 
Penchela, Pema

In the past, the tradition of narrating and singing ballads was more popular and used to indirectly and ritualistically express a range of emotions. Lozey is a type of song used to express an individual's emotions through numerous lyrical tunes. This example is a befriending ballad. 

 

ཧེ་མའི་ ལམ་ལུགས་སྲོལ་ལས་འབད་བ་ཅིན་ བློ་ཟེ་བཤད་ནི་དང་ དེ་ལས་འཐེན་ནི་ཚུ་ ན་གཞོན་ཚུའི་ བར་ན་ལུ་ དར་ཁྱབ་སོང་འདི་ཡོདཔ་ ཨིན་མས། དེ་གིས་སྐབས་ལུ་ རྣམས་འགྱུར་རང་ མ་འདྲཝ་ སྟོན་དོ་ཡོདཔ་ཨིན་མས།  ཞབས་བྲོ་ཚུ་བཟུམ་འབད་ འཚོར་བ་སྟོན་དོ་ཡོདཔ་ ཨིན་མས། འདི་ཡང་ རང་གིས་དགའ་རོགས་ལུ་  དགའ་བའི་བརྩེ་བ་ སྟོན་པའི་ཚུལ་ ཨིན་མས། བློ་ཟེ་འདི་ ཆ་རོགས་བཟོ་ནིའི་ བློ་ཟེ་ཅིག་ཨིན་མས། འདི་ཡང་ དཔེ་ལེ་ཤ་ཅིག་ བཀོད་འདི་ཡོདཔ་ ཨིན་མས།

 

Transcript search
No results found for this search
0 of 0
  • རྣམ་རྒྱལ་སྒྲོལ་མ
    ཇ་བརྡབས་རྫ་བར་དཀར་བཤེད་མི། །བར་བཞག་རྒ་པོའི་བུ་ཨིན། །ལྟོ་ཆུ་བར་ལས་བཞམས་མི། །བྱིམ་ཨམ་སྦྱིས་སྨད་བཟང་མོའི་པདྨོ་ཨིན། །
  • རྣམ་རྒྱལ་སྒྲོལ་མ
    ཕུ་ཀྲེ་ཕུ་ཀྲེ་དཀར་ཅུང། །ཇ་ཅིག་བཏབ་ཤོག་ཟེར་ཡི། །རྒྱ་ཡི་དཔལ་ལྡན་དབང་མོ། །ཇ་མར་བཙུགས་ཤོག་ཟེར་ཡི། །ལྷོ་ཡི་ཁུ་བྱུག་སྔོནམོ། །ཇ་འདི་ལས་བཞེས་པ་འབྱོན་ཤོག །ཟེར་སླབ་སླབ་ཨིན།
  • ཡར་གངས་ཀྱི་ཨེ་ཏོག་མེ་ཏོག །དུས་གཏན་རྐྱང་གངས་ལུ་མི་ཤར། །དུས་གཏན་རྐྱང་གངས་ལུ་ཤརན། ། གངས་ཡས་ཀྱི་རྒྱན་ཆ་བཏུབ་པས། །ཟེར་ཨ་ནི།
  • རྣམ་རྒྱལ་སྒྲོལ་མ
    གངས་ཨ་གསལ་མི་གསལ་གསལ་བའི་རི། །ཨ་མཐོང་མི་མཐོང་མཐོང་བའི་རི། །མཐོང་བའི་རི་ལས་མར་བལྟ་ཚེ། །བུམོ་རྒྱ་བཟའ་འདྲཝ་ཅིག་ཐགས་འཐག་དེས། །
  • ཐགས་ཤིང་གཡསཔ་གསེར་གྱིས་དཀྲིས། །ཐགས་ཤིང་གཡོནམ་དངུལ་གྱིས་དཀྲིས། །གཡས་གཡོན་མེད་པ་དུང་གིས་དཀྲིས། །ཐགས་ཤིང་གཡས་པའི་གུ་ལུ། །རྒྱ་ཡི་ཤང་ཤང་འུར་སྒྲ་ཆགས། །རྒྱའི་ཤང་ཤ་འུར་སྒྲ་ཆགས་མིས། །ཇ་ཕུད་རྒྱ་ལུ་དྲང་དགོ་ལོ། །དར་དང་གོ་ཆེན་རྒྱ་ལས་ཐོན། །
  • རྣམ་རྒྱལ་སྒྲོལ་མ
    བྱ་ཕོད་ལྷོ་་་་ བོད་ཀྱི་ཁུ་བྱུག་ཧོན་(སྔོན་)མོ་གིས། །ཇ་ཕུད་བོད་ལུ་དྲང་དགོ་ལོ། །དར་་་་ གཡུ་དང་བྱི་རུ་བོད་ལས་ཐོན། །ཇ་ཕུད་བོད་ལུ་བཅད་དགོ་ལོ། །ལྷོ་ཨོ་་་་ ལྷོ་པའི་ཁུ་བྱུག་ཧོན་(སྔོན་)མ་གིས། །ཇ་ཕུད་ལྷོ་ལུ་དྲང་དགོ་ལོ། །ཐོག་དགུ་་་་ འབྲུ་སྣ་དགུ་པོ་ལྷོ་ལུ་འཚོ། །ཇ་ཕུད་ལྷོ་ལུ་བཅད་དགོ །ཟེརཝ་མས་ལོ། །འ་ནི་ཡང་ནི་ཨིན་ལགས།
  • རྣམ་རྒྱལ་སྒྲོལ་མ
    གངས་བསིལ་ར་བྲག་གི་བྱི་ཅུང་། །གངས་བསིལ་ར་བྲག་ལུ་སྡོད་ཚེ། །བྱ་ཁ་ལས་དམར་པོས་སླབ་ཚེ། །མར་རྒྱ་ནག་བཀྲིས་ཁྲི་ཁ། །ཟས་ཞིམ་པའི་ཤིང་ཏོག་འཚོ་ནུག་ལོ། །རོགས་རྒྱ་ནག་དམངས་ཡང་འཛོམས་ནུག་ལོ། །ལུས་དྲོ་བའི་ཁྲི་གདུགས་ཤར་ནུག་ལོ། །
  • རྣམ་རྒྱལ་སྒྲོལ་མ
    ས་ནི་ལས་མར་མར་འཕུར་སོང་ཚེ། །ལུས་དྲོ་བའི་ཁྲི་གདུགས་ནུབ་ཁ་གཡོ། །ལུས་དྲོ་བའི་ཤིང་་་་་ ཟས་ཞིམ་པའི་ཤིང་ཏོག་ར་ལས་སྤོགས། །ང་བྱི་ཅུང་དགའ་རང་མ་ཚུགས། །ང་བྱི་ཅུང་སྐྱོ་ར་མ་ཚུགས། །
  • རྣམ་རྒྱལ་སྒྲོལ་མ
    ས་ནི་ལས་ཕར་ཕར་བལྟ་སོང་ཚེ། །བོད་ཁྲི་སྐོར་བཅུ་གསུམ་གདོང་བསྐོར་ལོ། །སྐརམ་སྨིན་དྲུག་རྒྱས་པའི་གྱིབ་མ་ནང་། །བྱ་གཞན་གྱིས་སྒར་བཅའ་རུང་། །ཚང་ག་རྐྱབ་རུང་་་་་ བྱ་ང་རའི་ཚང་འདི་གུ་བཏུབ་པས། །ཟེར་སླབ་ནི། འདི་ཡང་ནི་ཨིན་ལགས།
  • རྣམ་རྒྱལ་སྒྲོལ་མ
    ཡར་གངས་ཁའི་ཨེ་ཏོག་མེ་ཏོག །དུས་བརྟན་རྐྱང་གངས་ལུ་མི་ཤར། །དུས་བརྟན་རྐྱང་གངས་ལུ་ཤརན། གངས་ཡས་ཀྱི་རྒྱན་ཆ་བཏུབ་པས། །ཟེར་འདི་ཡང་ནི་ཨིན་ལགས་ག་ར།
  • རྣམ་རྒྱལ་སྒྲོལ་མ
    ས་བོད་ཀྱི་བྱ་ཆེན་ངངཔ། །ས་བོད་ཀྱི་བྱ་ཆེན་ངངཔ། །སེམས་གཅིག་མཚོ་ལུ་ཡོད་པ། །སྡོད་ཉམས་ངང་པ་མི་འདུག །སྡོད་ཉམས་མེད་པའི་ངངཔ་འདི། །ས་ཨུ་རྒྱན་བོད་ལུ་འཕུར་སོང་ཡི། །
  • རྣམ་རྒྱལ་སྒྲོལ་མ
    མཐོཝ་བཀྲིས་ཤར་ས་ལ་ལས། །ངེ་ན་གཟའ་གཡུ་ཆུང་དྲུགམ། །མཇལ་དགོ་སེམས་ལུ་ཡོད་པ། །ལམ་བསྐོར་ལམ་ས་ཐག་རིང་འདི། །དུས་ནམ་ཡང་མཇལ་བའི་ཐབས་མིན་འདུག་ལོ། །
  • རྣམ་རྒྱལ་སྒྲོལ་མ
    ཡབ་དང་ཡུམ་མི་(གྱི་)བྱང་མཐར། །བཙུགསཔ་ད་ག་དང་སྒོགཔ་བཙུགས། །བུམོ་ང་ཡང་ཆང་འདོད་ཆེ་ཆེཝ་ཨིན། །ཆང་པ་ལང་ཅིག་བཏབན། །གཏམ་ལོ་རྒྱུས་ག་དེ་ཞུ་ནི་སྨོ། །
  • རྣམ་རྒྱལ་སྒྲོལ་མ
    གངས་༼དགུང་༽ཀྱི་ཁྲི་གདུགས་ཉིམ། །གངས་༼དགུང་༽སྟོད་ཡས་ལུ་ཤར་ནུག་བ། །ཤར་དགོ་རང་ཡང་མི་ལང་། །ང་ལས་དབང་ཅན་གྱི་ཡུམ་ཆེན། །ཤར་ནས་་་་་་ ཤར་ནས་ནུབ་ཕྱོགས་ཤར་རུང་། །ཤར་དགོ་རང་ཡང་མི་ལང་། །ནུབ་ཕྱོགས་དེ་གུ་ལྷོད་ཚེ། །ཤར་དགོ་བདེན་བདེན་ཨིན་ལགས། །
  • རྣམ་རྒྱལ་སྒྲོལ་མ
    ཤར་དགེ་ལེགས་ཉི་ཤུ་གཡུས་ཀྱི་སྦུག །ཕགཔ་གཟིག་ལུ་བསྐྱལ་ནི་ཁྱོད་དྲག་པས། །ང་ཡེ་་་་ ཨེན་ཏ་མཐུད་མཚམས་ནི་གུ། །ཕོར་པའི་བཞག་ས་མི་བཏུབ། །ཕོར་པའི་བཞག་ས་སྤོ། །ང་ཨེན་ཏ་གཏའ་མ་བཙུགས། །ཕོར་པའི་བཞག་ས་སྤོཝ་དྲག །འ་ནི་ཡང་ནི་ཨིན་ལགས་ག་ར།
  • རྣམ་རྒྱལ་སྒྲོལ་མ
    ཐགས་འཐག་པ་ལྕེ་རིལ་གོང་ལུ་མཐོ། །བག་ཅ་གོང་ལུ་ཡོད་པ་ཡོད་ལུ། །ལྷོ་པའི་ཁུ་བྱུག་ཧོནམོ་(སྔོནམོ་)། །བག་ཅ་གཡུས་ལུ་ཕོག །བག་ཅག་གཡུས་ལུ་ཕོག་པའི་ཚེ། །ང་ལས་དབང་ཅན་གྱི་ཡུམ་ཆེན། །བག་ཅ་རང་ཡང་མ་གོ །མ་གོ་ཟེར་ནི་ཞུ་ཡི། །ཁྱོད་ལྷོ་པའི་ཁུ་བྱུག་ཧོན་མ་(སྔོན་མོ་)གིས། །གསུང་སྐད་དེ་ར་མ་དྲག །ཟེར་དེ་སྦེ་ཞུཝ་ཨིན་ལགས།
  • རྣམ་རྒྱལ་སྒྲོལ་མ
    ཨ་ཞེ་གདུང་གི་ཆོས་སྒྲོན། །ས་ཐིག་གནམ་ལུ་བཀལ། །གནམ་ཐིག་ས་ལུ་ཕབ། །ཕར་ཚུར་དགྲ་དང་འཕྱདན། །དགྲ་ཡང་སྒྲོམ་ལུ་མནན་ནི་ཨིན། །ཚུར་ཚུར་གཉེན་དང་འཕྱདན། །རྡོ་ཡང་་་ ལྕགས་ཡང་སྒྲོ་ལུ་བཏོན་ནི་ཨིན། །ཕར་ཚུར་་་ བརྩེ་མིག་གཞི་མེད་པའི་ཧིང་ཁ། །ལྕགས་གཟེར་བད་ཁ་གདབ་ནི་ཨིན། །བརྩེ་མིག་གཞི་ཡོད་པའི་ཧིང་ཁ། །ཅེ་་་་ལས་གསེར་གྱི་ཀོ་མ་བཏབ་ནི་ཨིན་ལགས། །
  • རྣམ་རྒྱལ་སྒྲོལ་མ
    ཤིང་ལས་གཅིག་སྐྱོ་གཉིས་སྐྱོ། །མར་ཨོ་ཀ་གྱེན་ཐེག་སྐྱོ་བས། །སྡོདན་ཁྱི་དང་ཕགཔ་གིས་བགོམ་ས་མས། །བྱོགན་སྒོ་ཤིང་གཉིས་ཀྱིས་བཏང་མ་བཏུབ། །བྱོགན་སྒོ་ཤིང་གཉིས་ལས་སྤངས་པའི་ཚེ། །བོད་ལྷ་སའི་སྒོ་ཤིང་འབད་སོང་ནི། །
  • Nim Dorji/ ཉིམ་རྡོ་རྗེ:
    ལྕགས་ལས་གཅིག་སྐྱོ་གཉིས་སྐྱོ། །མགརཝ་བསྟན་པའི་ལུས་རང་སྐྱོ་བས། །སྡོདན་ཐོ་ཅུང་དམངས་ཀྱིས་སྡོད་མ་སྟེར། །བྱོགན་འཛིན་ཆས་གཉིས་ཀྱིས་བཏང་མ་བཏུབ། །བདུད་འཛིན་ཆས་གཉིས་ལས་སྤངས་པའི་ཚེ། །བོད་ལྷ་ས་རྣལ་ལྕགས་འབད་སོང་ནི། །
  • Nim Dorji/ ཉིམ་རྡོ་རྗེ:
    བྱ་ལས་གཅིག་སྐྱོ་གཉིས་སྐྱོ། །ལྟས་འཕང་ལུས་རང་སྐྱོ་བས། །སྡོདན་ལྷ་བྱ་དམངས་ཀྱིས་སྡོད་མ་སྟེར། །བྱོགན་ལྟས་ཕང་གཉིས་ཀྱིས་བཏང་མ་བཏུབ། །བདུད་ལྷ་བྱ་དམངས་ལས་སྤང་པའི་ཚེ། །བོད་ལྷ་ས་ལྷ་བྱ་འབད་སོང་ནི་ལགས།
  • རྣམ་རྒྱལ་སྒྲོལ་མ
    བྱ་ཆུ་མཁས་མར་ཆང་རྒྱལམོ། །ཚང་འཚོལ་བ་བརྡ་བར་གནས་ལུ་འཚོལ། །སྡོདན་མཚོ་སྨན་རྒྱལ་མོས་སྡོད་མ་སྟེར། །འཕུརན་བརྡ་བར་གནས་ལས་འཕུར་མ་སྟེར། །ཁྱོད་རྒྱ་ནག་དམག་ལས་བཀག་མས་ག? །ཁྱོད་རྒྱ་ནག་རྒྱལ་པོས་འགོར་བཅུག་མས་ག? །ཁྱོད་རྒྱ་ནག་དམག་ལས་བཀག་ཡོདན། །རྒྱ་ནག་རྒྱལ་པོས་འགོར་བཅུགན། །ཁྱོད་བཀའ་དང་གསུང་གྲོས་བསྡུ་སྟེ། །ལུས་བརྡ་བར་གནས་ལས་ཡར་དྲངས། །ཡར་དགོན་པའི་ཚེ་བྱ་བཀལ་ནི།
  • རྣམ་རྒྱལ་སྒྲོལ་མ
    ཨེན་ཏ་མཐུད་མཚམས་ནི་གུ། །ཕོར་པའི་བཞག་ས་མི་བཏུབ་པས། །ལུས་དྲོ་བའི་གྱང་ཅིག་བརྡུང་དགོ་པས། །ལུས་དྲོ་བའི་གྱང་ཅིག་བརྡུངམ་ལས། །ཨེན་ཏ་མཐུད་མཚམས་ནི་གུ། །ཕོར་པའི་བཞག་ས་མི་བཏུབ། །བློ་སྐྱོར་རིའུ་གིས་འབག་ཚེ་ལུས་དྲོ་བས། །ལུས་དྲོ་བའི་གྱང་ཅིག་བརྡུང་དགོ་པས། །ཁྱིམ་ཐོག་གནམ་གྱི་འབད་ཚེ་དགུང་མཐོ་བས། །དགུང་མཐོ་བའི་ཤིང་ལེབ་བཀབ་དགོ་པས། །
  • རྣམ་རྒྱལ་སྒྲོལ་མ
    ང་ལས་དབང་ཅན་གྱི་ཡུམ་ཆེན། །ལུས་བརྡ་བར་གཉིས་ལས་ཡར་དྲངས། །ལུས་བརྡ་བར་གཉིས་ལས་ཡར་དྲངས། །ང་དགོན་པའི་ཚེ་བྱ་སྐྱེལ་གནང་ད། །དགོན་པའི་ཚེ་བྱ་རང་མི་ལྕོགས། །ང་བདག་གི་ཡུམ་ཆེ་ཨམ། །མི་ལས་སྐྱོན་ང་སྐྱོ་བས་ལགས་ད། །
  • རྣམ་རྒྱལ་སྒྲོལ་མ
    ཡར་བཙན་ད་སྒོ་རས་སྒོ་ཁ། །ཤིང་གཅིག་བཅད་ནུག་ཟེར་བ། །ཤིང་ཅིག་གག་ནུག་ཟེར་བ། །རྩ་བོ་དཔག་བསམ་ལྗོན་ཤིང་མས། །བཅདཔ་སྟ་རི་འདབ་མ་མས། །ལྕུགམ་ལྕང་མ་ལྕུག་ཤིང་མས། །ལྕང་མ་ལྕུག་ཤིང་གུ་ལས། །བྱ་གཅིག་ཆགས་ནུག་ཟེར་བ། །བྱ་འདི་ག་ཡང་མིན་འདུག་ཏེ། །
  • རྣམ་རྒྱལ་སྒྲོལ་མ
    མར་རྒྱ་ཡི་རྨ་བྱ་མདོངས་སྒྲོ་མས། །ཡར་རྫོང་གི་ཆབ་བླུགསཔ་ཅན་(ཅིག་)གིས། །གྲྭ་ཚང་ས་སྒོ་ནང་ལས། །ཆབ་བླུགསཔ་ཅན་(ཅིག་)གིས་གསུངས་དེས་ལོ། །གྲྭ་ཚང་གསོས་བྱ་འབད་གནང་ལོ། །ཡར་གྲྭ་ཚང་གསོས་བྱ་རང་མི་ལྕོགས། །
  • རྣམ་རྒྱལ་སྒྲོལ་མ
    རྫོང་གི་དབང་ཆེན་དཔོན་པོ་གིས། །རྫོང་གི་གསོས་བྱ་འབད་ད་ལོ། །རྫོང་གི་གསོས་བྱ་རང་མི་ལྕོགས། །ང་ལས་དབང་ཅན་གྱི་སྨན་ཆུང། །ང་ལས་དབང་ཅན་གྱི་ཡུམ་ཆེན། །གསོས་བྱ་འབད་བ་གན་ལྕོགས་ནི། །རང་རང་ད་བྱེད་མིན་འདུག་ལགས་ཏེ།
  • རྣམ་རྒྱལ་སྒྲོལ་མ
    རི་ཕར་གྱི་རི་ཡང་གསེར་གྱི་རི། །ཚུར་གྱི་རི་ཡང་གསེར་གྱི་རི། །སྦྱང་མ་སེམས་ཆགས་འདབ་ཆགས། །རོགས་མེ་ཏོག་སྡོད་ས་མ་བཏང་། །མེ་ཏོག་སེརཝ་གིས་བཅོམ་ནི་མས་ལོ་ལགས། །ཤིང་བཅད་པ་བྲག་གི་ཤིང་མ་གཅད། །ཤིང་གཅད་ལོ་མེད་པ་བྲག་ལུ་ཐལ། །ཤུལ་བཞག་སྟོང་ལམ་དཀར་ཅུང་བཞག །དྲནམ་ཤིང་ཆ་དམངས་ཀྱིས་ལྷོང་ཚེ། །རྩེ་འཚོལ་བ་བྱང་གི་འཚོལ། །རྩེ་འཚོལ་ལོ་མེད་པ་བྱང་ཐལ། །ཤུལ་བཞག་སྟོང་ལམ་དཀར་ཅུང་བཞག །དྲནམ་ཤིང་ཆ་དམངས་ཀྱིས་ལྷོང་སྟེ་ལོ་ལགས། འ་ནཱེམ་ཅིག་སྦེ་ བཞག་གེ་མེན་ན་ལགས?