Skip to main content Skip to search
05 Feb 2016
6 min 55 sec
Samten Yeshi
Video Overview
Creators: 
Penchela, Pema

Aum Namgay Zangmo from Balu village recites a few verses of antagonizing ballads--lozey that express their anger and hate towards an enemy. People who are highly articulate can compose their own ballads spontaneously according to a given situation and use lozey to communicate their feelings and/or thoughts. Ballads can be short or long but  unlike tsangmo, they are not sung with tunes. Hence depending on the person reciting it, they make their own tune as per their preferences. Ballads are widely performed in the western parts of the country.

 

བདའ་དགའ་ན་རྫོང་ཁག་ བ་ལུ་གཡུས་མཚན་ན་ལས་  རྣམས་རྒྱལ་བཟང་མོ་གིས་ བློ་ཟེ་ཚིག་བདག་པ་ཅིག་ སླབ་འདི་ཡོདཔ་ ཨིན་མས། བློ་ཟེ་འདི་ཡང་ དགྲ་གླུ་ཅིག་ ཨིན་མས། འདི་ཡང་ ཁོང་རའི་ དགྲ་བྱང་ཕྱད་ལུ་ མར་ཕབ་ཀྱིས་ཚིག་ཚུ་བརྩུགས་འདི་ སླབ་མི་ལུ་ གོ་ནི་ཨིན། ད་རེས་ནང་པ་ རིགས་རྩལ་ཡོད་མི་ཚུ་གིས་ གནས་སྟངས་དང་ཁྲིགས་འདི་ བློ་ཟེ་འདི་ཚུ་ གསརཔ་རྩམས་དོ་ཡོདཔ་ ཨིན་མས། བློ་ཟེ་འདི་ཡང་ ཁོང་ཚུ་གིས་ གཅིག་གིས་གཅིག་ལུ་ མནོ་བསམ་དང་ཚོར་བ་འདི་ཚུ་ ག་དེ་འབད་ར་ཡོདཔ་ཨིན་ན་གྱི་སྐོར་ལས་ བརྡ་དོན་ སྤྲོད་ལེན་འབད་དོ་ཡོདཔ་ཨིན་མས། བླཽ་ཟེ་འདི་ རྩང་མོ་བཟམུ་འབད་  གདངས་འབད་ འཐེན་མེན་གོ་དོ་ཡོདཔ་ཨིན་མས། མངས་ཆེ་བ་ཅི་ ཤར་ཕྱོགས་ཁ་ཐུག་ལུ་ དར་ཁྱབ་སོང་འདི་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • རྣམ་རྒྱལ་སྒྲོལ་མ་
    ཤར་བ་ར་ཕར་ཀ་ཕརཝ་དྭངས་མས། །ཡར་དགེ་ལེགས་སར་ལུ་བསྐྱལ་དགོ་པས། །ཡན་ནོརཔ་བ་ར་བཏགས་ས་སྤོ་དགོ་པས། །ཡ་བ་ར་བཏགས་ས་བསྐྱལ་བ། །ཕར་ཡང་ས་ཆགས་གཏུམ་དྲགས། །
  • རྣམ་རྒྱལ་སྒྲོལ་མ་
    ཤར་དགེ་ལེགས་ཉི་ཤོ་གཡུས་ཀྱི་སྦུག། ཕགཔ་གཟིག་ལུ་བསྐྱལན་ཁྱོད་དྲག་པས། །ང་བདག་གི་ཡབ་ཆེན་ཨཔ། །ཕགཔ་གཟིག་ལུ་བསྐྱལ་བ་གནི་བསྐྱལ་ནི། །བཞག་བཞགཔ་མེད་པ་བསྐྱལ་ནི་མེད། །
  • རྣམ་རྒྱལ་སྒྲོལ་མ་
    གོན་ཤིང་རྒས་ཅིག་ཤིང་གི་རོབ་འབྱེལ། །གཙོ་བོ་ས་ལས་སྐྱེ་ཚེ་སྦུལ་འདྲ་བས། །ཤིང་རྡོག་མ་བཏགས་ཚེ་ནོརཔ་འདྲ་བས། །ནོརཔ་མགུ་མཇུག་ཨིནམ་མ་ཤེས།།
  • རྣམ་རྒྱལ་སྒྲོལ་མ་/Namgay Dem;
    ཨེ་མ་ཁྱུ་བྱུ་ལ་ག་ཨིན། །ལོམ་དོམ་པ་ལ་ག་ཨིན། །དྲོན་གོང་སྦྱེད་ནག་རྫོང་ལུ་ཨིན། །ཚེ་ད་རེས་འབགན་སྤོག་འབག། །དཔག་པ་དགའན་དཔག་ནི། །མཇུག་ཤུལ་མ་ཕྱད་པའི་སྨོད་ལམ་ཡོད། །
  • རྣམ་རྒྱལ་སྒྲོལ་མ་
    ཡར་གངས་ལུ་བཞེངས་པའི་མཆོད་རྟེན། །གངས་དང་ཁ་ཝ་བུ་ཡུག་བཞེངས། །གཟུངས་ཤིང་དཀོན་གྱི་དོང་ཅིག་བཙུགས། །བསྐོར་ར་དྭངས་གསལ་སྐར་མ་རྐྱབ། །ནང་གཟུངས་ཤིང་སྤོས་ཀྱིས་བཟའ་མ་ད། །ནུབ་ཕྱིའི་སྐུ་དཀར་ཆར་པའི་བཤལ་མ་བཅུག །
  • རྣམ་རྒྱལ་སྒྲོལ་མ་
    ང་ལས་དབང་ཅན་གྱི་ཡུམ་ཆེན། །ཕྱི་སྐུ་དཀར་ཆར་པའི་བཤལ་མ་བཤལ། །ནང་གཟུངས་ཤིང་སྤོས་ཀྱིས་བཟའ་མ་བཟའ། །ཚེ་ལན་ཅིག་རྐང་པ་བསྐོར་བལྟ་ཚེ། །
  • རྣམ་རྒྱལ་སྒྲོལ་མ་
    ནང་གཟུངས་ཤིང་སྤོས་ཀྱིས་བཟའ་ད་ནུག །ཕྱིའི་སྐུ་དཀར་ཆར་པའི་བཤལ་ད་ནུག །
  • རྣམ་རྒྱལ་སྒྲོལ་མ་
    རྒྱལ་སྒོ་བརྡུང་ཅིག་རྒྱལ་སྒོ་བརྡུང། །རྒྱལ་སྒོ་དགུང་ས་ཡེ་ལུ་བརྡུང། །དགུང་གསེར་སྒོ་དུང་སྒོ་ང་མི་སླབ། །ཁྲི་གདུགས་བརྩོན་ལུ་བཙུགས་ནུག །
  • རྣམ་རྒྱལ་སྒྲོལ་མ་
    བཏོན་ཚུགས་ཁྲི་གདུགས་དམག་ཨིན་པས། །བརྩོན་ལས་མཐོན་ཟེར་དག་མེད་མས། །རྒྱལ་སྒོ་བརྡུང་ཅིག་རྒྱལ་སྒོ་བརྡུང། །རྒྱལ་སྒོ་ནུབ་སྟོད་ཡེ་ལུ་བརྡུང། །
  • རྣམ་རྒྱལ་སྒྲོལ་མ་
    ནུབ་སྟོད་གསེར་སྒོ་དུང་སྒོ་ང་མི་སླབ། །ཞོ་ཞལ་བརྩོན་ལུ་བཙུགས་ད་ནུག །བརྩོན་ལས་མཐོན་མི་ཞོ་ཞལ་ཟླཝ་མས། །བརྩོན་ལས་མཐོན་ཟེར་དག་མེད་མས། །
  • རྣམ་རྒྱལ་སྒྲོལ་མ་
    རྒྱལ་སྒོ་བརྡུང་ཅིག་རྒྱལ་སྒོ་བརྡུང། །རྒྱལ་སྒོ་སྤང་ཤོས་ཡེ་ལུ་བརྡུང་། །སྤང་ཤོས་གསེར་སྒོ་དུང་སྒོ་ང་མི་སླབ། །ཤཝ་རྒས་བརྩོན་ལུ་བཙུགས་ད་ནུག། །
  • རྣམ་རྒྱལ་སྒྲོལ་མ་
    བཏོན་ཚུགསཔ་ཤཝ་རྒས་དམག་མས། །ཁྱོདགསེར་སྒོ་དུང་སྒོ་མཉམ་མེད?། །རྒྱལ་སྒོ་བརྡུང་ཅིག་རྒྱལ་སྒོ་བརྡུང་། །རྒྱལ་སྒོ་ནུབ་སྟོད་ཡེ་ལུ་བརྡུང་། །
  • རྣམ་རྒྱལ་སྒྲོལ་མ་
    རྒྱལ་སྒོ་མཚོ་སྟོད་ཡེ་ལུ་བརྡུང་། །མཚོ་སྟོད་གསེར་མེད་བཙུགས་ད་ནུག །གསེར་མེ་གསེར་སྒོ་དུང་སྒོ་ང་མི་སླབ། །གསེར་མེ་བརྩོན་ལས་མཐོན་མཐོན་ནམ་ཡང་མེད།།
  • རྣམ་རྒྱལ་སྒྲོལ་མ་
    རྒྱལ་སྒོ་བརྡུང་ཅིག་རྒྱལ་སྒོ་བརྡུང་། །རྒྱལ་སྒོ་དགོན་ས་ཡེ་ལུ་བརྡུང་། །དགོན་ས་ཚེས་སྒྲུབ་བླམ་མས། །མཚན་ལྡན་བརྩོན་ནང་བཙུགས་ད་ནུག །བརྩོན་ལས་མཐོན་མཐོན་ནམ་ཡང་མེད། །
  • རྣམ་རྒྱལ་སྒྲོལ་མ་
    རྒྱལ་སྒོ་བརྡུང་ཅིག་རྒྱལ་སྒོ་བརྡུང་། །རྒྱལ་སྒོ་རྫོང་ཆེན་ཡེ་ལུ་བརྡུང་། །རྫོང་ཆེན་གསེར་སྒོ་དུང་དགོ་ང་མི་སླབ། །དབང་ཆེན་བརྩོན་ལུ་བཙུགས་ད་ནུག །བརྩོན་ལས་བཏོན་ཚུགསཔ་་དབང་ཆེན་དཔོན་མས། །བརྩོན་ལས་མཐོན་ཚེ་ནམ་ཡང་མེད།།
  • རྣམ་རྒྱལ་སྒྲོལ་མ་
    བློ་ཟེ་ཟེར་ཚེ་བཏགམ་མས། །བཏགམ་སྤོག་པ་སྟ་ཅུང་དགོ །སྟ་ཅུང་མགར་བའི་ལོག་མས། །མགརཝ་ཞོང་མ་ཕགཔ་ཤ་དགོ། །ཕག་ཤ་ཕགཔ་པའི་ལོག་མས། །
  • རྣམ་རྒྱལ་སྒྲོལ་མ་
    ཕགམོ་གཞོ་པ་ཇོ་ཅུ་དགོ། །ཇོ་ཅུང་རྒྱ་ནག་གཏིང་ལུ་མས། །ཇོ་ཅུང་འབོ་ལ་ཁ་གནགཔོ་དགོ །ཁ་གནགཔོ་ལྐོལ་མི་གྱི་བ་མས། །
  • རྣམ་རྒྱལ་སྒྲོལ་མ་
    གསུང་ལྷན་མའི་ཁུ་བྱུག་རྒྱ་ལུ་ཐལ། །སྒྲོ་ལེགས་པའི་རྨ་བྱ་བོད་ལུ་ལུས། །ང་ནང་གི་ཐིཝ་ཅུང་རྒྱལམོ། །སེམས་དཀར་ལ་འབུཔ་པ་ཡོན། །ལུས་སྟག་ཤ་ཧུ་པ་འཐུས་པ་ལགས། །
  • རྣམ་རྒྱལ་སྒྲོལ་མ་
    ཨ་ཞེ་གདུང་གི་ཆོས་སྒྲོན། །ས་དལ་ཚེ་རྒྱལ་པའི་གདུང་རོ་ཅིག །ཁྱིམ་རྐྱབ་ཚེ་བླ་མའི་མཚམས་ཁང་རྐྱབ། །ཕར་ཚུ་དགྲ་དང་ཕྱདན། །ལྕགས་ཡང་རྡོ་ལུ་སྤྲུལ། །
  • རྣམ་རྒྱལ་སྒྲོལ་མ་
    ཚུ་ཚུར་་སྙན་དར་ཕུལན། །རྡོ་ཡང་དྲོད་ལུ་གནས། །ང་བདག་གི་ཡུམ་ཆེན་ཨམ། །རྡོ་དྲོན་གོང་བསྣདབ་བསྣད་ལོ་མེད། །ང་བདག་གི་ཡུམ་ཆེན་ཨམ། །ཚེ་འདི་ལས་རྒྱབ་ཐལ་བསྣད་གེ་གེ །ཟེར་ འ་ནཱི་ཡང་ དགྲ་ཨིན་ལགས།
  • རྣམ་རྒྱལ་སྒྲོལ་མ་
    ཡབ་ཆེན་ཨཔ་པའི་གྱང་ལྟག། །བཙུགས་ད་སྒ་དང་སྒོགཔ་བཙུགས། །བུམ་རང་ཡང་ཆང་དང་ཆ་ཆེཝ་ཨིན། །ཆང་པ་ལཱ་སྐལ་བཏགས་། །གཏམ་ལོ་རྒྱུས་ག་དེ་ཞུ་ནཱིམ་ལགས།།
  • རྣམ་རྒྱལ་སྒྲོལ་མ་
    ཡར་ཤར་བུམ་པ་ཧ་ལོ་མེ་ཏོག། །ཤར་ཚུགས་དགའ་བ་ལམ། །ཤར་ཤར་ཡེ་ལུ་ཤར། །ཤར་དགོ་རང་ཡང་མི་སླབ། །མདངས་ཞོ་ཞལ་ཟླ་བའི་གཡས་ལས། །ཚེ་ལན་ཅིག་ཤར་བ་མི་སླབ།།
  • རྣམ་རྒྱལ་སྒྲོལ་མ་
    མདངས་ཞོ་ཞལ་ཟླ་བའི་གཡོན་ལས། །ཤར་དགོ་རང་ཡང་མི་ལང། །ང་ལས་དབང་ཅན་གྱི་ཡུམ་ཆེན། །ཤར་བ་གནི་ཤར་ནི། །དག་བྱེད་མེད་པ་ཤར་ནི་མེད།།
  • རྣམ་རྒྱལ་སྒྲོལ་མ་
    ཤར་བུམ་པ་ཧ་ལོ་མེ་ཏོག་ཅིག། །ལྡུམ་ར་གསེར་ཤོག་མེ་ཏོག་གཉིས། །ཤར་དགེ་ཤིང་ལྡུམ་ར་མེ་ཏོག་གསུམ། །ཤར་སུ་རྒྱ་དང་སྟོང་ལུ་ཤར། །ནུབ་ཕྱོགས་ཡེ་ལུ་ཤར་འདི། །ཤར་དགོ་རང་ཡང་མི་ལང། །
  • རྣམ་རྒྱལ་སྒྲོལ་མ་
    སྐརམ་ལེགས་པའི་གླུ་གར་ཕྲངམོ། །ཤར་ཚུ་དགའ་བ་ལམ། །ཤར་ཕྱོགས་བོད་ལུ་ཡོད་པ། །ཤར་བ་རང་ཡང་མི་ལང། །མདངས་ཤར་ཤར་ཟླ་བའི་གཡས་ལས། །ཚེ་ལན་ཅིག་ཤར་བ་མི་སླབ། །
  • རྣམ་རྒྱལ་སྒྲོལ་མ་
    སྐརམ་སྨིན་དྲུག་རྒྱན་མི་གཡོན་ལས། །རྫོང་སྒོ་ར་ང་མི་ལང། །ལེན་ཅིག་སྨིན་དྲུག་རྒྱལམོ། །ཚེ་ལན་ཅིག་ཤརན་ཤརཝ་ར་ཨིན། །ཚེ་ལན་ཅིག་མ་ཤརན། །
  • རྣམ་རྒྱལ་སྒྲོལ་མ་
    གདང་རས་སྦུག་གི་ཡོ་ཅུ་(གླང་ཅུང)། །སྐད་གླང་སྐད་བ་སྐད་མ་རྐྱབ། །སྐེདཔ་ནཱི་ལས་རོཝ་ཡང་མི་ཐེག །སྐད་གླང་སྐད་བ་སྐད་མ་རྐྱབ་ལགས། །
  • རྣམ་རྒྱལ་སྒྲོལ་མ་
    ཡར་གངས་ཀྱི་ཁྲི་གདུགས་ཉིམ། །འཛུལ་ནི་འཛུལ་ནི་མིན་འདུག། །ང་བདག་གི་ཡབ་ཆེན་ཨཔ། །རྫོགས་ནི་རྫོགས་ནི་མིན་འདུག། །ང་བདག་གི་ཡུམ་ཆེན་ཨམ། །འབད་ན་རྫོགས་ནི་རྫོགས་ནི་མེད།།
  • རྣམ་རྒྱལ་སྒྲོལ་མ་
    ཟས་ཨ་རུ་བ་རུ་སྐྱུ་རུ་གསུམ། །བད་ཀན་ཁྲིགས་པའི་སྨན་ཨིན། །བཙོད་དང་རམ་ཚོས་ཁ་གསུམ། །རྫོང་ཚོས་ཁ་ལེགས་པའི་ཚུལ་ཨིན། །སྒ་དང་སྒོགཔ་འོད་སུ་གསུམ།
    །ཟས་གདངས་ཁ་འཇུག་པའི་ཟས་མས། །
  • རྣམ་རྒྱལ་སྒྲོལ་མ་
    གསུང་མ་རྒྱུག་མ་རྒྱུག་གསུང་མ་རྒྱུག །གསུང་མ་གིས་སྨན་ཆུང་འགོར་མི་འཐོབ། །རྡོ་མ་རྐྱབ་མ་རྐྱབ་རྡོ་མ་རྐྱབ། །རྡོ་བྱ་རྒོད་འགྱོ་ས་རྡོ་བ་རྐྱབ། ། རྡོ་གི་བྱ་རྒོད་འགོར་མི་འཐོབ། །
  • རྣམ་རྒྱལ་སྒྲོལ་མ་
    རྫིང་མ་འཁྱིལ་མ་འཁྱིལ་རྫིང་མ་འཁྱིལ། །ཆུམོ་རྐྱང་ཆ་འགྱོ་ས་རྫིང་མ་འགོར། །རྫིང་གིས་ཀྱང་ཆ་འགོར་མི་འཐོབ། །ཆུམ་རྐྱང་ཆ་རྒྱ་ལུ་ཐལ་རུང་། །
  • རྣམ་རྒྱལ་སྒྲོལ་མ་
    ཐལ་རུང་རྡོ་རུ་མནོ་མི་བཏང། །ཆུ་བ་དགའ་བའི་རྡར་རྡོ། །རྐ་གུ་ཡེ་ལུ་ཡོད་པའི། །ཨོམ་མ་་་་་་་་་་་་་བཙོ། །ཁམ་ཏོ་ཕྱེད་ཡང་མི་ལང། །
  • རྣམ་རྒྱལ་སྒྲོལ་མ་
    གཏོརམ་དཀར་གཏོར་མར་གྱི་བཞེངས་རུང། །མིག་གིས་ཟུར་ཡང་མི་བལྟ། །བརྫོབ་བརྫོབ་ཨོ་མ་བརྫབ་རུང། །ཁམ་ཏོ་ཕྱེད་ཡང་མི་ལང་། །
  • རྣམ་རྒྱལ་སྒྲོལ་མ་
    ཆུམ་རྐྱང་ཆ་མར་འགྲོ་ཡར་མི་ལོག །ལོག་རུ་ཆུ་མོའི་པད་བསྐོར་ཨིན། །རྒྱ་ཡུལ་བསྐོར་རུང་བསྐོར་གེ །དཀྱི་ར་རྒྱ་གི་དམར་ཁྲ། །ཚོས་ཁ་སྦྱོར་རུ་སྦྱོར་གེ །ཕར་དམར་ཁྲ་རལཔ་མ་འཁལ།
    །ད་ཀི་ཤིག་མེ་ཏོག་བཙུགས་ཆེའི་ལོ། །