Skip to main content Skip to search
06 Sep 2013
26 min 28 sec
Otto Wendekar
Video Overview
Creators: 
Unknown

Ngaklo, a Tibetan entrepreneur in Dartsedo, discusses his thoughts on the role of Tibetan culture in contemporary society.

 

Transcript search
No results found for this search
0 of 0
  • ངག་བློ། Anglou
    རང་གི་མྱོང་བ་དང་ངོས་ཟིན་བརྗོད་ན།
    To discuss about understanding and suggestions,
    >>昂洛:要说认识和建议,
  • >>ངས་བསམ་ན་བོད་ཀྱི་རིག་གནས་ཁྲོད་མིང་དུ་གྲགས་པའི་སྟོང་ཉིད་ཟེར་བ་ཞིག་ཡོད།
    >>There is a famous thing in Tibetan culture--it's Emptiness.
    >>我觉得藏文化里头一个著名的叫空性见,
  • >>སྟོང་ཉིད་རེད།
    >>Tongnyid.
    >>“侗尼”。/
  • >>འདི་ལ་དབྱིན་སྐད་ཀྱིས་
    >>It is called Emptiness in English.
    >>英语里面叫
  • >>སྟོང་ཉིད།
    >>Emptiness.
    >>空性见。
  • >>ཤེས་རབ་འདི་ལས་
    >>Based on this wisdom,
    >>根据这样的一个智慧,
  • >>ང་ཚོས་ཤེས་རྟོགས་བྱུང་བ་ནི།
    >>We will discover.
    >>我们就会发现。/
  • >>དོན་དངོས་ཐོག་ངའི་ལྟ་ཚུལ་དང་ངོས་འཛིན་དང་།
    >>Actually my insights and understanding,
    >>其实我的见解和认识,
  • >>ཁྱེད་ཀྱི་ལྟ་ཚུལ་དང་ངོས་འཛིན།
    >>Your insights and understanding,
    >>你的见解和认识,
  • >>མི་གཞན་གྱི་ལྟ་ཚུལ་དང་ངོས་འཛིན་སོགས་རྩ་བ་ནས་མི་འདྲ།
    >>Other's insights and understanding are not the same.
    >>其他人的见解和认识都会不一样。/
  • >>བྱ་དངོས་གཅིག་ལ་
    >>The same thing,
    >>同样的一个事情,
  • >>མི་རེ་རེར་ལྟ་སྟངས་མི་འདྲ་བ་རེ་འདུག
    >>everybody has a different idea.
    >>每个人都会有不同的看法。/
  • >>དེ་བས་དོན་དངོས་ཐོག
    >>Actually,
    >>所以实际上呢,
  • >>སུ་ཞིག་འགྲིག་ཡོད་པ་དང་སུ་ཞིག་ནོར་འདུག་པར་
    >>Who is right and who is wrong,
    >>你说谁是对谁是错,
  • >>དྲིས་ལན་ཚད་ལྡན་ཞིག་ཧ་ལམ་མེད།
    >>There is not a correct answer for that.
    >>可能没有一个正真的标准答案。/
  • >>དེ་བས་དར་མདོ་ནང་བཞིན་ཁོང་ཡངས་པའི་རིག་གནས་འདིར་མཚོན་ན།
    >>So the places like Kangding which have an inclusive culture,
    >>所以像康定这样文化比较包容的,
  • >>ངའི་བསམ་པར་
    >>I think,
    >>我觉得,
  • >>བསམ་བློ་གཏོང་སྟངས་འདི་དང་ལྟ་གྲུབ་འདི་དང་འབྲེལ་བ་ངེས་ཅན་འདུག་སྙམ།
    >>This kind of way of thinking is related to the origin of it.
    >>跟这样的一种思维方式和这种渊源是有一定关系的。
  • >>ཡིན་ཡང་།
    >>But,
    >>但是,
  • >>བོད་ཀྱི་རིག་གནས་ལ་ངོས་ཤེས་ངེས་ཅན་ཐོབ་པའི་བརྒྱུད་རིམ་ནི།
    >>it is the process of creasing the awareness of Tibetan culture.
    >>对藏文化的相对的提高认识的过程呢,
  • >>ང་རང་ཕྱི་རྒྱལ་དུ་ཡོད་དུས།
    >>When I was abroad,
    >>在国外的时候,
  • >>དབྱིན་ཇི་རུ་སྡོད་པའི་སྐབས་སུ་
    >>when I was in UK,
    >>我在英国的时候呢,
  • >>རིག་གཞུང་ལས་ཁུངས་གང་མང་ཞིག་ཏུ་
    >>many academic institutions
    >>有很多的学术机构
  • >>བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱས་མྱོང་།
    >>were doing research on Tibetan culture.
    >>在研究藏文化。/
  • >>རྗེས་ནས་ཨ་མེ་རི་ཁའི་
    >>Two times' visit to America afterward,
    >>后来两次到美国,
  • >>ཝེ་རྗི་ཉི་ཡ་སློབ་ཆེན་དུ་ཐེངས་གཉིས་ལ་བསྐྱོད་དེ།
    >>to the University of Virginia,
    >>弗吉尼亚大学。/
  • >>སློབ་ཆེན་དེའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་
    >>to their Tibet Center。
    >>他们的藏学研究中心。
  • >>མཁས་པ་འགའ་ལ་འབྲེལ་འདྲིས་བྱས་མྱོང་།
    >>[I] communicated with some experts and scholars.
    >>一些专家学者跟他们接触。/
  • >>དུས་མཚུངས་སུ།
    >>At the same time,
    >>同时呢,
  • >>དབྱིན་ཇིའི་གཏེར་མཛོད་ཁང་དང་
    >>including the British Museum,
    >>包括大英博物馆、
  • >>ལིན་ཊོན་མཆོད་རྟེན་འདབས་རོལ་ནའང་གཏེར་མཛོད་ཁང་ཞིག་འདུག
    >>including the museum under the tower of London,
    >>包括伦敦塔下面有个博物馆、
  • >>འཛམ་གླིང་སྟེང་གི་གཏེར་མཛོད་ཁང་ཆེ་གྲས་འགའ་ཤས།
    >>including other big museums in the world,
    >>包括世界上其他大型博物馆、
  • >>གཞན་ཝ་ཤིང་ཊོན་ནའང་
    >>including many others in Washington D.C.,
    >>包括华盛顿也有很多,
  • >>བོད་ཀྱི་རིག་གནས་དང་འབྲེལ་བའི་གཏེར་མཛོད་ཁང་མང་པོ་འདུག
    >>Tibetan culture related museums,
    >>有关藏文化的小型的博物馆,
  • >>དགེ་འདུན་ཆོས་འཕེལ་ཞེས་གཏེར་མཛོད་ཁང་ཆུང་ཆུང་ཞིག་འདུག
    >>another small museum named Gendün Chöpel,
    >>更邓曲派的一个专门的小的博物馆,
  • >>མི་སྣ་དང་གཏེར་མཛོད་ཁང་འདི་དག་དང་འབྲེལ་འདྲིས་བྱས་པ་བརྒྱུད།
    >>after communication with them,
    >>然后跟他们交流以后呢,
  • >>ང་ལ་ངོས་ཟིན་དང་ཤེས་རྟོགས་གཞན་ལས་ལྷག་པ་ཞིག་སྦྱིན་སོང་།
    >>you will have great understanding and discovery.
    >>会有非常吃惊的认识和发现。/
  • >>རྒྱུ་མཚན་ནི་ང་ཚོ་བོད་རང་ས་ནས་བསྡད་དེ་
    >>Because we are here in Tibet,
    >>因为我们现在坐在藏区,
  • >>བོད་མི་ཡིན་པའི་ངོས་ཐད་ནས་
    >>as a Tibetan,
    >>作为藏人,
  • >>བོད་ཀྱི་རིག་གནས་སྐོར་གླེང་སློང་བྱེད་པ་ནི་
    >>discussing Tibetan culture,
    >>谈论藏文化,
  • >>ཚོར་བ་ཙམ་ལས་མ་འདས།
    >>this is an experiment.
    >>这个是一种感觉。/
  • >>ཡིན་ཡང་ཁྱེད་རང་
    >>But, if you
    >>但是你是
  • >>ཨ་མེ་རི་ཁར་སོང་རྗེས།
    >>for example, arrived in US,
    >>比如到了美国,
  • >>ཕྱིར་འཁོར་ནས་བོད་ཀྱི་རིག་གནས་སམ་
    >>look back at Tibetan culture in US,
    >>然后从美国转过头再来看藏文化,
  • >>ཡང་ན་བོད་ཁུལ་ལ་ལྟ་དུས།
    >>or look at Tibetan area and you will discover.
    >>或藏区的时候你会发现。/
  • >>རྔམ་བརྗིད་ལྡན་པའི་ཧི་མ་ལ་ཡའི་འདབས་རོལ་དུ།
    >>at the foot of the majestic Himalayas,
    >>在雄伟的喜马拉雅山脚下,
  • >>མི་གྲངས་ས་ཡ་འགའ་ཡོད་པའི་མི་རིགས་ཤིག
    >>an ethnic group with a population of a few million,
    >>几百万人口的一个民族,
  • >>དཔལ་འབྱོར་འཕེལ་རྒྱས་ཐད་ཅུང་རྗེས་ལུས་ཡིན་མོད།
    >>relatively, economic development is lagging behind.
    >>经济方面发展相对比较迟后,
  • >>ཡིན་ཡང་ཁོ་ཚོའི་ཡ་མེས་རྣམས་ཀྱིས་
    >>But their ancestors,
    >>但是他们的前人,
  • >>ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་གངས་རིའི་ལྗོངས་འདིར་
    >>on the Tibetan Plateau for thousands of years,
    >>几千年来雪域高原上,
  • >>འཚར་སྡུག་འབར་བའི་རིག་གནས་འདི་སྐྲུན་པ་རེད།
    >>created this civilization.
    >>创造的这种文明,
  • >>ལག་རྗེས་འདི་ལྟ་བུ་འཛམ་གླིང་ཡོངས་ཀྱི་
    >>This kind of achievement in the world
    >>这种建树能够在全世界
  • >>རིག་གནས་སྣ་མང་གི་རྒྱབ་ལྗོངས་སུ་འོག་དང་།
    >>under the background of multiculturalism,
    >>多元文化的这种背景下,
  • >>འགྲན་རྩོད་རྒོད་པའི་གནས་ཚུལ་འོག
    >>under this competitive background,
    >>竞争非常激烈的这种背景下,
  • >>རྒྱུ་མཚན་གང་ཡིན་ཟེར་བ་མེད།
    >>There is no why.
    >>没有十万个为什么,
  • >>ཡང་དག་པའི་ལན་གསལ་པོ་གང་ཡང་མེད་པ་དང་
    >>This kind of correct answer
    >>这种满意答案
  • >>མིག་སྔར་ངོས་ལེན་བྱེད་ཐབས་མེད་པའི་གནས་ཚུལ་འོག
    >>was nearly impossible to identify this before.
    >>之前不可能认同的情况下,
  • >>བོད་ཀྱི་རིག་གནས་ལ་རྒྱལ་སྤྱིའི་སྟེང་
    >>Tibetan culture at the international level,
    >>藏文化在国际上,
  • >>མི་གང་མང་ཞིག་གིས་ཞིབ་འཇུག་བྱེད་པ་དང་།
    >>many people are doing research [on this].
    >>有很多人在钻研,
  • >>མི་གང་མང་ཞིག་གིས་སློབ་སྦྱོང་གནང་བཞིན་འདུག
    >>Many people are studying [it].
    >>有很多人在学习。/
  • >>དེ་བས།
    >>Therefore,
    >>所以呢,
  • >>ངོས་འཛིན་ནི་མཚམས་ལན་རེར་
    >>sometimes understanding is
    >>其实认识有时候也是
  • >>བྱ་དངོས་ལ་ཕྱོགས་གཞན་ཞིག་ནས་བལྟས་ཚེ།
    >>if the angle is changed on a topic,
    >>某些事可能转换一个角度,
  • >>ངོས་འཛིན་གསལ་བོ་ཐོབ་ངེས་པ་དང་།
    >>we can know more clearly.
    >>认识的更清楚一点。/
  • >>དེ་དུས་ཁྱེད་ཀྱིས་མ་གཞི་ད་དུང་འདི་འདྲ་ཡོད་དམ་སྙམ་འོངས།
    >>I thought there must be deeper things,
    >>当时觉得一定有很多很深的东西,
  • >>དེ་ནི་གཞས་གཏོང་བ་དང་བྲོ་འཁྲབ་པ་ཁོ་ན་ཙམ་མ་ཡིན།
    >>not just simply dancing and singing.
    >>不单单是唱歌跳舞这么简单。/
  • >>དེང་སྐབས་མི་གང་མང་ཞིག་གིས་བོད་ཀྱི་རིག་གནས་ངོ་སྤྲོད་བྱེད་དུས།
    >>Because now when people are introducing Tibetan culture,
    >>因为现在很多介绍藏文化的时候,
  • >>འགྲོ་ཤེས་པ་ཙམ་ནས་བྲོ་འཁྲབ་ཤེས་ལ།
    >>can dance when they can walk,
    >>什么会走路就会跳舞,
  • >>སྐད་ཆ་བཤད་ཤེས་པ་ཙམ་ནས་གཞས་གཏོང་ཤེས་ཞེས་ལབ་བཞིན་འདུག
    >>can sing when they can speak.
    >>会说话就会唱歌。/
  • >>གླུ་གར་ལ་མཁས་པ་དངོས་རེད།
    >>It is true that we are good at singing and dancing,
    >>当然能歌善舞,
  • >>འདི་ལ་ནོར་འཁྲུལ་གང་ཡང་མི་འདུག
    >>This is not wrong.
    >>这个没有什么错。/
  • >>དངོས་གནས་དེ་འདྲ་རེད།
    >>Truly like this.
    >>的确是这样子。/
  • >>ཡིན་ཡང་རིག་གནས་ཀྱི་ངོས་ཐད་ནས་གླེང་ན།
    >>But speaking from the cultural angle,
    >>但是从文化的角度来讲,
  • >>བོད་ཀྱི་གནས་ནི་དེ་འདྲ་ཁོ་ན་ཙམ་མིན།
    >>Tibetan culture is far more than these things.
    >>藏文化远远不止这些。/
  • >>སྔོན་ཏག་ཏག་ལ་ན་གཞོན་སློབ་མ་སྐོར་ཞིག་
    >>Recently, some young students
    >>就前段时间有些年轻的学生
  • >>ང་ཚོ་ནང་ལོགས་ས་ཁུལ་དུ་སློབ་གྲྭར་བསྐྱོད།
    >>studied in mainland.
    >>在咱们内地学习。/
  • >>མི་གཞན་གྱིས་ཁོ་ཚོ་བོད་པ་ཡིན་པ་ཤེས་རྗེས།
    >>Some people know they are Tibetan,
    >>有人知道他们是藏族,
  • >>བོད་ཀྱི་རིག་གནས་དང་འབྲེལ་བའི་དྲི་བ་སྣ་ཚོགས་ཤིག་དྲིས་པར།
    >>asked some questions about Tibetan culture.
    >>问一些藏文化方面的问题,
  • >>ཁོར་ཚོས་ལན་གསལ་པོ་ཞིག་འདེབས་མ་ཐུབ་པ་འདྲ།
    >>They don't know [it] well,
    >>他们不太清楚,
  • >>ཇི་ལྟར་བྱས་ན་འགྲིག་མིན་
    >>What to do?
    >>怎么办?
  • >>ང་ལ་དྲིས་བྱུང་།
    >>They asked me.
    >>他们就问我。/
  • >>ངས་ན་གཞོན་སློབ་མ་དེ་དག་ལ་
    >>I said,
    >>我就说,
  • >>རང་གིས་གོ་མྱོང་བའི་གནས་ཚུལ་དང་
    >>as far as I know,
    >>就我所了解的一点情况,
  • >>ཡང་ན་རྒྱུས་ལོན་ཡོད་པའི་ཤེས་བྱ་རྣམས་ཁོ་ཚོར་བརྗོད་པ་ཡིན།
    >>or some things that I know.
    >>或者我知道的一些东西。/
  • >>གཞན་ད་དུང་དཔེ་དེབ་གསུམ་ཁོ་ཚོར་
    >>I recommended three books to them,
    >>我跟他们推荐了三本书,
  • >>འོས་སྦྱོར་བྱས་པ་ཡིན།
    >>Let them read.
    >>我说让他们看一看。/
  • >>དཔེ་དེབ་གསུམ་ནི་གང་དག་ཡིན་ཞེ་ན།
    >>What are the three books?
    >>哪三本书呢?
  • >>གཅིག་ནི་《བར་མདོའི་ཐོས་འགྲོལ》ཡིན།
    >>One is named 《Liberation in the Intermediate State through Hearing》.
    >>一个叫《西藏度亡经》,
  • >>འདིའི་ཁ་བྱང་འདོགས་སྟངས་ཐད་རྣམ་མི་འདྲ་བ་ཁ་ཤས་འདུག
    >>Some people translated it as Tibetan Book of Life and Death.
    >>有些人翻译成叫西藏生死书。/
  • >>ཡིན་པ་ནི་
    >>Actually,
    >>实际上是,
  • >>《Tibetan Book of Living and Dying》ཞེས་པ་དེ་ཡིན།
    >>《Tibetan Book of Living and Dying》./
    >>就是《Tibetan Book of Living and Dying》.
  • >>《བར་མདོའི་ཐོས་འགྲོལ》གྱི་
    >>This 《Tibetan Book of Living and Dying》,
    >>《西藏度亡经》呢,
  • >>ཆེས་ངོ་མཚར་བའི་ཆ་དེ་ནི་
    >>one part that surprised me is,
    >>让我非常吃惊的一个地方是,
  • >>དཔེ་ཆ་དེ་ལས་མིའི་ཆགས་གྲུབ་ཐད་ཀྱི་ཞིབ་འཇུག་དང་
    >>its research on the form of human beings,
    >>它对人的这个形式的研究、
  • >>ནང་སེམས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་ནི་
    >>research in the spiritual field,
    >>精神领域的研究,
  • >>འཛམ་གླིང་གི་རྩེར་སོན་འདུག་ཅེས་བརྗོད་ཀྱང་མི་ཆོག་པ་མེད།
    >>we can say it went to the forefront of the world.
    >>可以说走到了世界的前列。/
  • >>ཅིའི་ཕྱིར་དེ་ལྟར་བརྗོད་དགོས་ཤེ་ན།
    >>Why we say that,
    >>为什么这么讲,
  • >>《བར་མདོའི་ཐོས་འགྲོལ》གྱི་
    >>In the 《Tibetan Book of Living and Dying》,
    >>《西藏度亡经》里头
  • >>འགོ་བརྗོད་ནི་
    >>introductory portion,
    >>书里头的一个序,
  • >>རོང་གར་གྱིས་བྲིས་འདུག
    >>written by Jung.
    >>是荣格写的。/
  • >>དེ་ན་རོང་གར་ནི་སུ་ཞིག་ཡིན་ནམ།
    >>Who is Jung?
    >>荣格是谁呢?
  • >>རོང་གར་ནི་ཧྥུ་ལུའོ་དབྱུ་ཏེའི་སློབ་མ་ཡིན།
    >>Jung is Freud's student.
    >>荣格是弗洛伊德的弟子。/
  • >>ཚོར་ཤེས་དང་སྔོན་དཔག་གི་ཐད་ནས་
    >>Even on the predictive prediction,
    >>甚至在预感预测这方面,
  • >>ཧྥུ་ལུའོ་དབྱུ་ཏེ་ལས་ཀྱང་འཕགས་པ་ཡིན།
    >>he has exceeded Freud himself.
    >>他超过了佛洛依德本人。/
  • >>ཁོང་རྣམ་པ་གཉིས་ནི་ནུབ་གླིང་གི་
    >>both of them in the west,
    >>他们两位是西方的
  • >>དེ་བས།
    >>Therefore,
    >>所以呢,
  • >>སེམས་ཁམས་རིག་པ་དང་།
    >>for example, psychology
    >>比如我们心理学和
  • >>སེམས་ཁམས་དབྱེ་ཞིབ་རིག་པའི་ཐད་ཀྱི་
    >>about psychoanalysis
    >>精神分析学方面的
  • >>སློབ་དཔོན་ལྟ་བུ་ཡིན།
    >>[he was a] true master.
    >>老师中的老师。/
  • Jung has written like this
    >>རོང་གར་གྱིས་འགོ་བརྗོད་ལས་འདི་ལྟར་བྲིས་འདུག
    >>荣格在这序里头这么讲,
  • >>ངའི་མི་ཚེ་ཁྲོད་ཀྱི་གསར་རྩོམ་གྱི་ཀུན་སློངདང་
    >>He said his inspiration in whole life
    >>他说我一生的创作灵感和
  • >>གྲུབ་འབྲས་གཙོ་བོ་དག་ནི་རླབས་ཆེ་བའི་དཔེ་ཆ་འདི་ལས་བྱུང་བ་ཡིན།
    >>main achievement is from this book.
    >>主要成就来自于这本伟大的书。/
  • >>དཔེ་ཆ་གང་ཟེར་བ་ཡིན་ནམ།
    >>Which majestic book?
    >>那一本伟大的书呢?
  • >>《བར་མདོའི་ཐོས་འགྲོལ》བརྗོད་པ་རེད།
    >>It is this《Tibetan Book of Living and Dying》.
    >>就是《西藏度亡经》。/
  • >>དེ་ན་《བར་མདོའི་ཐོས་འགྲོལ》གྱི་མཛད་པ་པོ་ནི་སུ་ཡིན་ནམ།
    >>So who is the author of this 《Tibetan Book of Living and Dying》?
    >>那么《西藏度亡经》的作者是谁呢?
  • >>ང་ཚོས་ཤེས་གསལ་ལྟར་
    >>We know,
    我们就知道,
  • >>གུ་རུ་རིན་པོ་ཆེའམ་
    >>Guru Rinpoche,
    >>叫咕汝仁波切,
  • >>སློབ་དཔོན་པདྨ་འབྱུང་གནས་རེད།
    >>Lotus Master.
    >>就是莲花生大师。/
  • >>དེ་བས་ང་ཚོས་ལན་རེར་བསམ་ཚེ།
    >>Sometimes,
    >>所以我们有时候,
  • >>ང་ཚོས་ནུབ་གླིང་གི་རིག་གནས་དང་དཔལ་ཡོན་སྐོར།
    >>we study about western culture and civilization,
    >>我们学习一些西方的文化、文明,
  • >>སྒོས་སུ་སེམས་དང་སེམས་ཁམས་དབྱེ་ཞིབ་སྐོར་ལ་སློབ་སྦྱོངབྱེད་བཞིན་ཡོད་ཀྱང་།
    >>especially the problem of psychoanalysis.
    >>尤其是心事和精神分析方面的问题。/
  • >>ནུབ་གླིང་བའི་དགེ་རྒན་གྱི་ཐོག་མའམ།
    >>But their master,
    >>可是他们的祖师,
  • >>ཡང་ན་རྩ་བའི་བླ་མ་ནི་
    >>or their most important teacher,
    >>或者是他们最重要的老师,
  • >>ང་ཚོ་གངས་ཅན་བོད་ནས་བྱུང་བ་རེད།
    >>probably is on the Tibetan Plateau.
    >>可能在雪域高原。/
  • >>ཡིན་ཡང་འདས་སོང་དོན་དག་ང་ཚོས་མང་པོ་ཤེས་མི་འདུག
    >>But we don't know in the past.
    >>但是我们过去不认识,
  • >>དེ་བས་ངས་ཁོ་ཚོར་དཔེ་དེབ་འདི་འོས་སྦྱོར་བྱས་པ་ཡིན།
    >>So this is one book I recommend,
    >>所以这是我推荐的一本书,
  • >>དཔེ་དེབ་འདི་དངོས་གནས་རང་ག་བ་ཞིག་མ་རེད།
    >>Great achievement in this field,
    >>这方面非常了不得的建树,
  • >>འཛམ་གླིང་སྟེང་ཆེས་ཕུལ་དུ་བྱུང་བ་རེད་ཅེས་བརྗོད་ཀྱང་འགལ་བ་ཆེར་མི་འདུག/
    >>we can say the highest end in the world.
    >>可是说全世界非常最高端的这么一个层面。
  • >>དཔེ་དེབ་གཞན་དེའི་
    >>Another book,
    >>另外一本书呢,
  • >>མིང་ལ་
    >>named
    >>是这个叫做
  • >>《The Diamond Cutter》ཟེར།
    >>named 《The Diamond Cutter》。/
    >>叫做《The Diamond Cutter》。
  • >>《སེར་མོ་བ་དང་རྡོ་རྗེ་ཕ་ལམ་གྱི་ལས་འབྲེལ》
    >>《The Diamond Cutter》.
    >>《当和尚遇到钻石》。
  • >>རྒྱ་ཡིག་ཏུ་བསྒྱུར་ན་འདི་རེད།
    >>Chinese translation.
    >>中文的翻译是。/
  • >>དཔེ་དེབ་དེ་ནི་
    >>This one,
    >>这个呢,
  • >>ང་ཡི་དགེ་རྒན་
    >>one of my teahers,
    >>也是我的一位老师,
  • >>དགེ་བཤེས་མར་ཁོ་ལགས་ཀྱིས་
    >>Geshe Michael,
    >>格西麦可,
  • >>བརྩམས་པའི་དཔེ་དེབ་ཅིག་རེད།
    >>his book.
    >>他写的一个著作。/
  • >>དགེ་བཤེས་མར་ཁོ་ནི་
    >>Geshe Michael,
    >>格西麦可呢,
  • >>ཐོག་དང་པོར་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ཀྱི་བསླབ་གནས་ཐོབ་པའི་ཕྱི་གླིང་བ་རེད།
    >>He is the first American to earn a Geshe degree.
    >>是第一个获得藏传佛教“格西”学位的美国人。
  • >>རྗེས་སུ་བླ་མ་དབྱིན་མཐའི་རེ་བ་ལྟར་
    >>Because of Lama Yingta's request,
    >>因为英塔上师的要求,
  • >>ཉི་ཡོར་གྲོང་ཁྱེར་དུ་ཚོང་ལས་གཉེར་འགོ་བརྩམས།
    >>[he] started a business in NewYork.
    >>在纽约开创生意,
  • >>ལོ་ངོ་བཅུ་བདུན་གྱི་དུས་ཚོད་ཐུང་ངུའི་ནང་དུ་
    >>used seventeen years,
    >>用了短短十七年的时间,
  • >>མ་རྐང་ཨ་སྒོར་ཁྲི་ལྔ་ལས་མེད་པའི་སྤྱི་གཉེར་ཁང་དེ།
    >>fifty thousand US dollar company,
    >>将一个五万美金的公司,
  • >>འཛམ་གླིང་སྟེང་ཆེས་ཆེ་བའི་
    >>made it the biggest company in the world,
    >>打造成了一个全世界最大的,
  • >>རྡོ་རྗེ་ཕ་ལམ་ཉོ་འཚོང་བྱེད་སའི་སྤྱི་གཉེར་ཁང་དུ་འཛུགས་སྐྲུན་གནངས།
    >>One of the diamond jewelry companies,
    >>钻石珠宝公司之一,
  • >>ད་ལྟའི་ཨན་དེ་སྤྱི་གཉེར་ཁང་རེད།
    >>Andy Company.
    >>安迪公司。/
  • >>ཨན་དེ་རྒྱལ་སྤྱིའི་སྤྱི་གཉེར་ཁང།
    >>Andy International Coorperation.
    >>安迪国际合作。/
  • >>སྡེ་ཚོགས་རང་བཞིན་གྱི་སྤྱི་གཉེར་ཁང་འདིའི་
    >>Such a Group Company,
    >>这样一个集团公司,
  • >>ལོ་རེའི་ལས་གཉེར་ཡོང་འབབ་ནི་ཨ་སྒོར་ས་ཡ་གཉིས་དང་གྲངས་ཆུང་ལྔ་ལ་སླེབས་ཡོད།
    >>Annual turnover may reach 250 million US dollars.
    >>年营业额可能达到2.5亿美金。/
  • >>ཐེངས་ཤིག་ང་རང་ཁོང་གི་སར་ཕྱིན་དུས།
    >>Afterward when I visited him,
    >>后来我去拜访他的时候,
  • >>ཁོས་ཚོང་ལས་གཉེར་ཀྱིན་མི་འདུག
    >>he was not doing business.
    >>他不在做生意了。/
  • >>ཨ་མེ་རི་ཁའི་ཡ་ལི་སིང་ནཱ་མངའ་སྡེ་རུ་
    >>In Arizona in US,
    >>在美国的亚利桑那,
  • >>སྡོད་གནས་ཤིག་ཉོས་ཏེ།
    >>he bought a mountain,
    >>专门买了一座山,
  • >>མུ་མཐུད་སློབ་སྦྱོང་བྱེད་བཞིན་འདུག
    >>and was continuously studying there,
    >>在那边继续学习,
  • >>བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྐོར་ལ་སློབ་སྦྱོང་གནང་བཞིན་འདུག
    >>[studying] traditional Tibetan cultural wisdom.
    >>藏文化里面的一些传统的智慧。/
  • >>དཔེ་དེབ་འདིའི་ཁྲོད་ཀྱི་
    >>In this book,
    >>那么这个书里头呢,
  • >>སྲོལ་རྒྱུན་རིག་གནས་བཀོལ་སྤྱོད་ངོ་སྤྲོད་ནི།
    >>use of traditional culture.
    >>利用对传统文化,
  • >>བོད་ཀྱི་རིག་གཞུང་ཁོ་ན་ཙམ་མ་ཡིན་པར།
    >>This is not just Tibetan culture,
    >>这个不单单是藏文化方面的,
  • >>འཛམ་གླིང་ཧྲིལ་པོའི་རིག་གཞུང་སྟེ།
    >>the whole world,
    >>就是说整个全世界,
  • >>རྒྱ་གར་ཡིན་ནའང་འདྲ།
    >>India,
    >>印度也好,
  • >>ཨེ་ཤ་ཡ་ཤར་མའི་ས་ཁུལ་ཡིན་ནའང་འདྲ།
    >>including other places in east Asia,
    >>包括东亚其他地方,
  • >>རང་རྒྱལ་གྱི་ནང་ལོགས་ས་ཁུལ་སོགས་ཀྱི་རིག་གཞུང་ཡང་འདུ།
    >>mainland China,
    >>咱们中国内地,
  • >>དཔེར་ན་རྡོ་རྗེ་གཅོད་པ་ནི་གཞུང་གྲགས་ཆེན་ཞིག་ཡིན་པ་དང་།
    >>For example, Diamond Sutra is a famous scripture book,
    >>比如金刚经是非常著名的一部经书,
  • >>གཞུང་དེའི་ཤེས་རབ་དང་བསམ་བློར་བརྟེན་ནས་
    >>using wisdom from Diamond Sutra,
    >>利用金刚经的一些智慧,
  • >>རང་ཉིད་ཀྱི་མི་ཚེ་དང་བྱ་བར་ལམ་སྟོན་བྱས་ཏེ།
    >>guide our life and job,
    >>来指导自己的人生和事业,
  • >>གྲུབ་འབྲས་རེག་པ་དང་།
    >>make great achievements,
    >>取得巨大的成就,
  • >>སྒོས་སུ་གང་ལ་གང་འཚམ་སྒོས་
    >>Especially according to the circumstances,
    >>尤其是量身定做,
  • >>ཚོང་ལས་གཉེར་མཁན་གྱི་ང་ཚོས་བལྟས་ན་
    >>show to the business people,
    >>给从事商业工作的人看,
  • >>ཕན་པ་རྒྱ་ཆེན་པོ་འདུག
    >>very good results.
    >>效果就非常的好。/
  • >>དེང་གི་དུས་འདི་ལ་
    >>So, right now,
    >>所以现代呢,
  • >>ང་ཚོས་ཚོང་རའི་དཔལ་འབྱོར་གྱི་དུས་སྐབས་ཞེས་འབོད་བཞིན་འདུག
    >>We call it market economy era,
    >>我们叫做市场经济时代,
  • >>ཚོང་ལས་གཉེར་མཁན་དང་སྒོར་མོ་འཚོལ་མཁན་ཀྱང་མང་པོ་འདུག
    >>many people are doing business or earning money,
    >>从事做生意和赚钱的人特别多,
  • >>ཡིན་ཡང་ང་ཚོས་ཐབས་ལམ་ཡང་དག་ཅིག་རྙེད་ཐུབ་མེད།
    >>But we don't know the proper techniques.
    >>但是呢我们不知道正真的方法。/
  • >>དེ་བས་དཔེ་དེབ་འདི་ནི་
    >>So, this book,
    >>所以这本书呢,
  • >>ངས་ཁེ་ལས་གཉེར་བཞིན་པའི་གྲོགས་པོ་དང་
    >>I strongly recommend to friends who are doing business,
    >>我力荐给很多做企业的朋友,
  • >>ལས་རིགས་གཞན་གྱི་གྲོགས་པོ་དག་ལ་འོས་སྦྱོར་བྱས་པ་ཡིན།
    >>including friends who are in other fields.
    >>包括我们其他行业的朋友。/
  • >>དཔེ་དེབ་འདི་རུ་སྲོལ་རྒྱུན་རིག་གནས་དང་
    >>Traditional culture is used in there,
    >>这个里头利用了传统文化,
  • >>དེང་རབས་ཀྱི་འགྲོས་མགྱོགས་པའི་འཚོ་བ།
    >>along with modern fast pace of life,
    >>与现代这么快的生活节奏,
  • >>ཚོང་རའི་དར་སྲོལ་སོགས་གཅིག་ལ་གཅིག་རྟེན་གྱིས་ངོ་སྤྲོད་གནངས་འདུག
    >>something related to business fashion.
    >>和商业时髦的一些很关联的东西。/
  • >>འདི་ནི་ངས་འོས་སྦྱོར་བྱས་པའི་དཔེ་དེབ་གཅིག་ཡིན།
    >>This is one of the books I recommended.
    >>这是我推荐的一本书。/
  • >>དཔེ་དེབ་གསུམ་པ་ནི་
    >>The third book,
    >>第三本呢,
  • >>ངའི་གྲོགས་པོ་ཞིག་གིས་ང་ལ་བྱིན་པ་ཡིན།
    >>One of my friends gave it to me.
    >>是我的一个朋友送给我的。/
  • >>《གངས་རིའི་མཚན་ཉིད་སྨྲ་བ་ཞིག་གི་རྟོག་དཔྱོད་ཀྱི་མེ་ཏོག》
    >>《Snowland Philosopher's Flower of Analysis》.
    >>《雪域哲人的思辨之花》。/
  • >>མཚོ་སྔོན་ཕྱོགས་ཀྱི་གྲོགས་པོ་ཞིག་གིས་བརྩམས་པ་རེད།
    >>One of my friends from Qinghai wrote it.
    >>是一个青海的朋友写的。/
  • >>དཔེ་དེབ་དེ་ལས་དཀར་མཛེས་ཁུལ་འབའ་ཐང་རྫོང་གི་
    >>It talked about Bathang County of Ganzi Prefecture
    >>它是讲甘孜州巴塘县的
  • >>སྐུ་ཞབས་ཕུན་ཚོགས་དབང་རྒྱལ་ལགས་བརྗོད་འདུག
    >>Mr. Phuntsok Wanggyal.
    >>平措汪杰先生。/
  • >>1965ལོའི་ཡས་མས་ཀྱི་
    >>Probably around 1965
    >>大概是在1965年左右时候的
  • >>དཔྱད་རྩོམ་ཞིག་ཏུ་དམ་པ་ཁོང་གིས་རྩོད་སྒྲུབ་རིག་པ་དང་
    >>A paper using new dialectics and
    >>一篇论文利用新辩证法和
  • >>བོད་ཀྱི་སྐར་རྩིས་ལ་བརྟེན་ནས་ཟླ་བའི་སྟེང་གཤེར་གཟུགས་འདུག་པར་བརྗོད།
    >>the Tibetan calendar estimation said there is water on the moon.
    >>藏族历算推测说月球上面有水的。/
  • >>སྐབས་དེར་འཛམ་གླིང་གི་ཚན་རིག་ཞིབ་འཇུག་དང་
    >>At that time, all the research results and
    >>当时全世界的所有科研结果和
  • >>ཆེད་མཁས་པ་ཚོས་ཀྱང་སྡོམ་ཚིག་གསལ་བོ་འགོད་ཐུབ་མེད།
    >>experts and scholars cannot clearly mention this.
    >>专家学者都不敢很明确的这样提出来。/
  • >>1969ལོར་ཨ་མེ་རི་ཁ་ཐོག་དང་པོར་ཟླ་བའི་སྟེང་སོང་རྗེས།
    >>In 1969, after the successful return of Apollo [spacecraft] in the US,
    >>1969年美国阿波罗号登月成功回来以后,
  • >>ཁོའི་ལྟ་བ་དེར་བདེན་དཔང་ར་སྤྲོད་གནང་བ་མ་ཟད།
    >>sure enough, it confirms his academic achievements.
    >>果然是印证了他的学术成果,
  • >>ཆེད་དུ་ལས་རྟགས་དང་
    >>The logo
    >>专门把一些徽标呀,
  • >>མཁའ་སྐྱོད་པའི་ལྭ་བ་སོགས་ཁོར་དྲན་རྟེན་དུ་གནང་སྟེ་
    >>and space suit were given to him to commemorate,
    >>宇航服呀这些送给他作纪念,
  • >>ཁོའི་བྱས་རྗེས་ལ་མོས་གུས་གནངས།
    >>and express respect for him.
    >>表示对他的尊敬。/
  • >>དེ་ལས་གཞན།
    >>So, sometimes,
    >>所以有时候,
  • >>ང་ཚོ་ཁམས་ཕྱོགས་ཀྱི་
    >>including our Kham area
    >>包括我们康区的
  • >>མི་ཕམ་རིན་པོ་ཆེའི་རྣམ་ཐར་དང་
    >>Mipham Rinpoche's biography.
    >>木帕仁波切的“那木铊”,
  • >>ཁོའི་གསུང་རྩོམ་གྱི་ཁྲོད་དུའང་
    >>In his biography,
    >>在他的传记里头也讲的说,
  • >>དེང་རབས་འཚོ་བའི་ཁྲོད་ཀྱི་དངོས་རྫས་གང་མང་ཞིག
    >>some modern things,
    >>比如说有些现代化的一些东西,
  • >>སྐབས་དེར་ཐོན་སྐྱེད་བྱས་མྱོང་བའི་
    >>when they are produced at that time,
    >>当时生产出来,
  • >>གནས་ཚུལ་བཀོད་འདུག
    >>there are these kind of records.
    >>都有这样的一些记载。/
  • >>དེའ་སྟབས་ཀྱིས་
    >>We say,
    >>那么我们说,
  • >>《གངས་རིའི་མཚན་ཉིད་སྨྲ་བ་ཞིག་གི་རྟོག་དཔྱོད་ཀྱི་མེ་ཏོག》ལ་
    >>《Snowland Philosopher's Flower of Analysis》?
    >>《雪域哲人的思辨之花》呢?
  • >>དེ་འདྲའི་སྙན་གྲགས་མེད་ནའང་།
    >>It is not very famous,
    >>虽然名气不是很大,
  • >>མ་མཐའ་ཡང་
    >>but at least,
    >>但是最起码,
  • >>དཔེ་དེབ་དེ་ལས་ངོ་སྤྲོད་གནང་བའི་
    >>the introduction said,
    >>有一个介绍就是说,
  • >>སྲོལ་རྒྱུན་རིག་གཞུང་གི་ལྟ་བ་འཚོ་བའི་ཁྲོད་བེད་སྤྱོད་གཏོང་ཐབས་འདིས།
    >>using some things in the traditional culture.
    >>利用传统文化里面的一些东西。/
  • >>དོན་དངོས་ཐོག
    >>Actually,
    >>实际上是,
  • >>རང་བྱུང་ཚན་རིག་དང་དེང་རབས་ཀྱི་སྐར་རྩིས་ཕྱོགས་སུ་
    >>some astronomical aspects of natural science and modernity,
    >>自然科学和现代的一些天文学方面,
  • >>ལག་རྗེས་མི་དམན་པ་ཞིག་བཞག་ཡོད།
    >>there are also certain achievements.
    >>也有一定的建树。/
  • >>དེ་བས་ངས་དཔེ་དེབ་འདི་གསུམ་ཁོ་ཚོར་འོས་སྦྱོར་བྱས་ཏེ།
    >>Therefore, I recommended these three books to the students.
    >>所以我把这三本书推荐给学生看,
  • >>ཁོ་ཚོས་བོད་ཀྱི་རིག་གཞུང་ཐད་དུ་ལྟ་བ་ཡང་དག་པ་ཞིག་ཆགས་པ་དང་།
    >>I hope they can have a relatively deeper impression of Tibetan culture,
    >>我就希望他们能够对藏文化有一个相对更客观、
  • >>སྔར་ལས་གཏིང་ཟབ་ངོས་འཛིན་ཞིག་ཐོབ་པར་རེ་བ་བཅངས་པ་ཡིན།
    >>and more understanding.
    >>更深入的认识。/
  • >>ང་རང་ལ་མཚོན་ན།
    >>Personally,
    >>我个人呢,
  • >>རིག་གནས་སློབ་སྦྱོང་དང་ཞིབ་འཇུག་ཐད་དུ་
    >>studying and doing research on culture,
    >>从事对文化学习和研究这方面,
  • >>ལག་ལེན་ངེས་ཅན་ཞིག་ལྡན།
    >>some experiments,
    >>有一些实践,
  • >>བརྒྱུད་རིམ་དེའི་ཁྲོད་དུ་ཤེས་རྟོགས་བྱུང་བ་ནི་
    >>we discover from this process;
    >>在这个过程当中我们发现,
  • >>ད་ལྟའི་མི་མང་པོ་ཞིག་གི་
    >>for many people right now,
    >>现在很多人呢,
  • >>སློབ་སྦྱོང་དང་རྒྱུས་ལོན་གྱི་ཚད་དེ་ད་དུང་དམའ་བ་རེད།
    >>one does not [have a strong] attitude to concentrate on learning.
    >>一个是潜心学习的态度不够。/
  • >>གཉིས་ནི།
    >>The second one,
    >>第二个呢,
  • >>ཚང་མས་ལོ་རྒྱུས་རྐྱང་རྐྱང་ལས་བསམ་བཞིན་མི་འདུག
    >>a focus on history.
    >>专注于历史。/
  • >>ཐེངས་ཤིག་ལ་ངས་འདི་ལྟར་
    >>Once, I jokingly said,
    >>有一次我开玩笑地说,
  • >>རང་གི་གྲོགས་པོ་དང་ཞིབ་འཇུག་པ་འགའ་ལ་ཀུ་རེ་བསླང་བ་ཡིན།
    >>some of my expert and scholar friends,
    >>我的几个专家学者和朋友,
  • >>ཁྱེད་ཅག་གི་ནམ་རྒྱུན་ཞིབ་འཇུག་བྱེད་བཞིན་པ་ནི་
    >>you are doing research all the time,
    >>你们老在研究,
  • >>སྲུང་བཙན་སྒམ་པོའི་ཡར་སྔོན་གྱི་ལོ་རྒྱུས་རྐྱང་རྐྱང་ལས་མི་འདུག
    >>things before king Songtsan,
    >>一直松赞干布以前的事情,
  • >>ཅིའི་ཕྱིར་ད་ལྟའི་བོད་མིའི་
    >>and nobody is doing research on modern Tibetans'
    >>怎么没有研究现代藏人的
  • >>འཚོ་བའི་གནས་སྟངས་དང་བསམ་བློའི་འཕེལ་ཕྱོགས།
    >>living and thinking,
    >>生活状况、思想情况、
  • >>འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་བ་བཅས་ལ་ཞིབ་འཇུག་མ་བྱས་པ་ཡིན།
    >>and some new development models?
    >>一些新的发展模式?
  • >>རྒྱུ་མཚན་ནི་འདས་པའི་དུས་སུ།
    >>Because in the past,
    >>因为过去呢,
  • >>མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་
    >>Probably Qinghai-Tibet Plateau and unique natural environment,
    >>可能青藏高原以及独特的自然环境,
  • >>རང་བྱུང་ཁོར་ཡུག་དབང་གིས་
    >>the Snow Land Plateau,
    >>雪域高原嘛,
  • >>མི་མང་པོ་ཞིག་གནས་འདིར་སླེབས་ཐུབ་མེད།
    >>it was not easy for many people to come in.
    >>很多人不太容易进来。/
  • >>ཡིན་ཡང་ད་ལྟའི་དུས་འདིར།
    >>But now,
    >>但是现在,
  • >>ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་འདུག
    >>there have been many changes in the external environment,
    >>外部环境发生了很多变化,
  • >>ཚང་མས་ཤེས་པ་བཞིན་
    >>we said,
    >>我们就讲到说,
  • >>བྱ་གླག་གི་གཤོག་ཤོག་ཏུ་མི་ཤོངས་པའི་རི་བོ་མེད་ལ།
    >>there is not a mountain where the condor cannot fly.
    >>没有神鹰飞不过的高山,
  • >>མེ་འཁོར་གྱིས་ཕྲེད་གཤག་གཏོང་མི་ནུས་པའི་རྩྭ་ཐང་ཡང་མེད།
    >>There is not a grassland that the dragon cannot cross.
    >>没有巨龙跨不过的草原了。/
  • >>མེ་འཁོར་ནང་གི་མི་རྣམས་ཀྱིས་ལག་ཏུ་ཁ་པར་དང་གློག་ཀླད་བཟུང་སྟེ།
    >>People on the train have phones and computers,
    >>火车里头的人拿着手机和电脑,
  • >>ཨ་མེ་རི་ཁའི་ཉི་ཡོར་གྱི་གནས་ཚུལ་ལ་བལྟ་བ་དང་།
    >>with New York in US,
    >>跟美国纽约,
  • >>ཉི་ཡོར་གྱི་མ་རྐང་ཚོང་རའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུས།
    >>Look at the New York stock market.
    >>看纽约股市的行情。/
  • >>མེ་འཁོར་ཕྱི་རོལ་གྱི་མི་ཡིས་
    >>Cars outside,
    >>车外头呢,
  • >>ལག་ཏུ་ཇ་མདོང་ཐོགས་ཤིང་།
    >>holding a tea churn and staring blankly,
    >>拿着酥油桶茫然地注视着,
  • >>མིག་གིས་མེ་འཁོར་ལ་ཅེ་རེར་ལྟ་བ་འདི་ངོ་མཚར་ཨང་།
    >>something like steel dragon.
    >>钢铁巨龙的这样一个状况。/
  • >>མེ་འཁོར་གྱི་ནང་རོལ་དང་ཕྱི་རོལ་གྱི་
    >>one is inside the car and one is outside the car,
    >>一个车里一个车外,
  • >>དུས་རབས་གཅིག་གི་ནང་དུ་
    >>At the same era,
    >>同一时代,
  • >>ཁྱད་པར་ནི་ཧ་ཅང་ཆེ་བ་རེད།
    >>their difference is quite big.
    >>他们的差距是非常非常的大。/
  • >>དེ་ན་ཁོར་ཡུག་དང་ལོ་རྒྱུས་ཀྱི་གནས་ཚུལ་འདི་ལྟ་བུ་ལ།
    >>In this kind of environment and stage of history,
    >>那么这样的一个环境和历史阶段,
  • >>མཁས་པ་དང་ཞིབ་འཇུག་པ་ཚོས་
    >>these experts and scholars should understand,
    >>这些专家学者应该是去了解、
  • >>ཞིབ་འཇུག་དང་དབྱེ་ཞིབ་བྱ་འོས།
    >>and discuss some modern fields.
    >>探讨现代的一些领域。/
  • >>དེང་གི་དུས་སུའང་བྱ་བ་འདིིའི་རིགས་སྒྲུབ་མཁན་མེད་པ་མིན་མོད།
    >>Certainly many people are doing these works,
    >>当然也有很多人在做这些工作,
  • >>ཡིན་ཡང་
    >>but we think,
    >>但是我们认为,
  • >>འདིའི་ཐད་ཀྱི་ངོས་འཛིན་དང་ཤུགས་ཚད་མི་འདང་བར་བསམ།
    >>awareness and depth need to be strengthened.
    >>认识和深度需要加强。/
  • >>དེའི་འཕྲོར།
    >>In addition
    >>其次,
  • >>སྲོལ་རྒྱུན་རིག་གནས་ཀྱི་ཐད་དུ་
    >>to traditional culture,
    >>对传统文化有时候呢,
  • >>ང་ཚོས་ད་དུང་རྒྱུས་ལོན་དང་སློབ་སྦྱོང་བྱས་པ་འདང་མེད་པ་འདྲ།
    >>probably there is not enough communication.
    >>可能我们就因为联系不够。/
  • >>དེ་བས་ང་ཚོས་སྲོལ་རྒྱུན་རིག་གནས་ཀྱི་ཡང་སྙིང་གསལ་བོར་རྟོགས་ཐུབ་ཀིན་མེད།
    >>So its finest things cannot be understood.
    >>所以他的一些精髓和好的东西了解不了,
  • >>དཔེར་ན་ང་ནི་ཁེ་ལས་གཉེར་མཁན་ཞིག་ཡིན།
    >>For example, I do business,
    >>比如我是做企业,
  • >>ང་ཚོས་ཁེ་ལས་སྒྲུབ་པའི་ཁ་ཕྱོགས་དེ་ཆེས་སྟབས་བདེ་ཡིན།
    >>we are very simple to do business.
    >>我们做企业的非常简单。/
  • >>ལོ་ངོ་བརྒྱ་ཡི་རིང་གི་ཁེ་ལས་གྲགས་ཅན་ཞིག་གཉེར་རྒྱུ་ནི་
    >>For example, if I had a hundred year old shop,
    >>我要是做一个比如说百年老店,
  • >>དེ་འདྲའི་དཔེ་སྲིད་པ་ཞིག་མིན།
    >>[it's] almost impossible.
    >>几乎是不太可能的。/
  • >>རྒྱལ་ཁབ་བཟོ་ཚོང་ཅུའུ་ཡི་སྡོམ་རྩིས་དཔྱད་ཡིག་ལྟར་ན།
    >>According to national industry and commerce statistics,
    >>根据国家工商的一些统计数据,
  • >>སྤྱིར་བཏང་གི་ཁེ་ལས་ཆུང་གྲས་ལས་
    >>general small business,
    >>一般的小型企业,
  • >>ལས་གཉེར་དུས་ཡུནལོ་ངོ་གསུམ་ཡན་འགོར་བ་ནི་
    >>those that survive the first three years
    >>它的存活年龄超过三年的
  • >>བརྒྱ་ཆའི་བཅུ་ལྷག་ལས་མི་འདུག
    >>are few in number, a low percentage.
    >>可能只有百分之几,
  • >>དེ་ན་བརྒྱ་ཆའི་དགུ་བཅུ་ལྷག་གི་ཁེ་ལས་ཏེ།
    >>That means ninety percent of the businesses,
    >>那意味着百分之九十的企业,
  • >>ཁེ་ལས་ཆུང་གྲས་རིགས་ཀྱི་
    >>small businesses,
    >>也就是说小型企业,
  • >>ལས་གཉེར་རྒྱུན་བསྲིང་གི་དུས་ཡུན་ནི་ལོ་གསུམ་ལས་མི་བརྒལ་བར་
    >>do not survive more than three years,
    >>就活不过三年,
  • >>མ་རྩ་རྡིབ་པའམ་
    >>either they fail,
    >>要么就倒闭,
  • >>ཡང་ན་ལས་གཉེར་མཚམས་འཇོག་བྱེད་པ།
    >>or they close,
    >>要么就关门,
  • >>ཡང་ན་ཁེ་ལས་གཞན་དང་མཉམ་སྡེབ་གཏོང་བའི་
    >>or they merge,
    >>要么就其他的兼并,
  • >>གནས་ཚུལ་འདི་ལྟ་བུ་རེད།
    >>just like this,
    >>就这么一种情况。/
  • >>ཡིན་ཡང་ང་ཚོས་ཤེས་གསལ་ལྟར།
    >>But what we are aware of is
    >>但是我们意识到的是,
  • >>བོད་ཁུལ་གྱི་དགོན་པ་ཞིག་ལ་མཚོན་ན།
    >>one monastery in Tibet,
    >>藏区的一个寺院,
  • >>དགོན་གང་ཞིག་ཡིན་ཡང་
    >>any monastery,
    >>几乎任何一个寺院,
  • >>ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་རེད།
    >>probably has more than a thousand years' history.
    >>可能都有上千年的历史。/
  • >>ཐ་ན་འདས་པའི་ལོ་ཟླའི་ཁྲོད་དུ་
    >>During this time,
    >>尽管这个中间呢,
  • >>སྐབས་བབ་ཀྱི་འགྱུར་ལྡོག་དངལོ་རྒྱུས་ཀྱི་གོད་ཆག
    >>[it] experienced many changes and vicissitudes,
    >>经历了很多变革和沧桑、
  • >>ཆག་འཇིག་གང་ཞིག་བྱུང་ཡང་།
    >>catastrophes, and so forth,
    >>浩劫等等,
  • >>དགོན་པའི་རྩ་བ་མ་ཞིག་པར་ད་ལྟའི་དུས་ལ་སླེབས་པ་རེད།
    >>but it still flourishing abundantly.
    >>但是它依然茂盛地生长着。/
  • >>དེ་བས་དགོན་པའི་ལས་གཉེར་དོ་དམ་གྱི་ཐབས་ལམ་འདི་ནི་
    >>Operating and managing method in this,
    >>那么它这个里头的经营管理的方式,
  • >>ང་རང་གིས་བསམ་ན་ཁེ་ལས་སུའང་སྤྱོད་ཆོག་པར་འདོད།
    >>I personally think business can learn from it.
    >>我个人认为企业是可以借鉴。/
  • >>དེའི་འཕྲོར།
    >>In addition,
    >>其次,
  • >>དེང་རབས་རིག་གནས་དང་དཔལ་ཡོན་གྱི་དུས་སྐབས་འདིར།
    >>modern culture and civilization,
    >>我们说现代的文化和文明,
  • >>ང་ཚོས་དངོས་པོའི་དཔལ་ཡོན་ལ་དོ་སྣང་བྱས་དྲགས་ཚེ།
    >>when we are concerned about material civilization,
    >>我们一心关注的这个物质文明的时候呢,
  • >>ནང་སེམས་ཀྱི་མྱོང་བ་དེ་སྣང་མེད་དུ་བསྐྱུར་སྲིད།
    >>one may ignore the spiritual aspects.
    >>可能会忽略了心灵和精神层面。/
  • >>ཡིན་ཡང་བོད་ཀྱི་རིག་གནས་ཀྱི་ལྟ་བ་ནི་དེ་ལྟར་མ་ཡིན།
    >>But Tibetan culture in this aspect,
    >>而藏文化在这方面呢,
  • >>ང་ཚོར་བོད་བརྒྱུད་ནང་བསྟན་དང་
    >>due to Tibetan Buddhism and
    >>我们都因为藏传佛教和
  • >>སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་
    >>traditional culture mentioned,
    >>传统文化里头一直强调
  • >>སྙིང་རྗེ་ཡེ་ཤེས་ཟུང་འཇུག་གི་ལྟ་བ་སྟེ།
    >>sad and intelligent,
    >>说悲智双运,
  • >>ཡེ་ཤེས་དགོས་ལ་
    >>not only have to have wisdom,
    >>既要有智慧,
  • >>སྙིང་རྗེ་ཀྱང་དགོས་པ་ཡིན།
    >>but also have to have compassion.
    >>又要有慈悲。/
  • >>དེ་ལྟར་སྒྲུབ་ཚེ་
    >>In reality,
    >>那么这样会正真意义上说,
  • >>མིའི་ནང་སེམས་ཀྱི་འདོད་བློ་དེ་བསྐང་ཐུབ་པ་དང་།
    >>can satisfy some people's needs,
    >>能够更满足人情的一些需求,
  • >>གསོན་པའི་རིན་ཐང་དང་ཡང་སྙིང་ཁྱང་འཚོལ་ཐུབ།
    >>more wise, live more valuable.
    >>更明智、活得更有价值。/
  • >>དེ་བས་རིན་ཐང་དང་དོན་སྙིང་འདི་ནི་
    >>So this value and meaning,
    >>所以这种价值和意义呢,
  • >>མི་རིགས་གཞན་དང་མི་གཞན་དག་སུས་ཀྱང་ལོངས་སུ་སྤྱོད་ཆོག
    >>can be shared with many other people.
    >>可以跟其他的民族和更多的人进行分享。/
  • >>ང་ཚོས་བོད་ཀྱི་རིག་གནས་ཐད་དུ་ཞིབ་འཇུག་བྱས་པ་ནས་བཟུང་།
    >>We do research about Tibetan culture,
    >>我们从事藏文化这方面的研究,
  • >>བསམ་གཞིག་གང་མང་ཞིག་བཏང་སྟེ།
    >>we will think more,
    >>我们会更多地去考虑,
  • >>གཞན་ལ་ངོ་སྤྲོད་བྱེད་ཆོག་པའི་བྱ་བ་ག་རེ་ཡོད་མེད་འཚོལ་བཞིན་ཡོད།
    >>share good things with other people.
    >>有什么好的东西与他人分享。/
  • >>དེའི་འབྲས་བུ་ལས་
    >>This kind of result,
    >>这样的一个结果里头呢,
  • >>ང་ཚོས་ཤེས་རྟོགས་བྱུང་བ་ནི་
    >>we will realize,
    >>我们会发现,
  • >>བོད་ཀྱི་རིག་གནས་ལ་གཞན་ལས་ལྷག་པའི་རིན་ཐང་ལྡན་པ་རེད།
    >>it has many amazing effects.
    >>它有很多了不起的效果。/
  • >>དེའི་འཕྲོར།
    >>In addition,
    >>其次,
  • >>བོད་ཀྱི་རིག་གནས་ཀྱིས་ང་ལ་བསམ་གཞིག་ཅིག་གནང་པ་ནི།
    >>Tibetan culture makes us reflect
    >>藏文化让我们反省
  • >>ངཚོས་ཡང་དག་པར་བསམ་པའི་དོན་དག་གང་མང་ཞིག
    >>many things that we think are correct,
    >>很多我们认为是对的,
  • >>དོན་དངོས་ཐོག་ཡང་དག་པའི་ངེས་པ་མ་མཆིས།
    >>but are not necessarily correct.
    >>但是实际上不一定正确的,
  • >>དཔེར་ན་ང་ཚོས་ནམ་རྒྱུན་གླེང་བཞིན་པའི་ལས་མརྩོན་ཕྱུག་འགྱུར་ལྟ་བུ།
    >>For example, we usually say work hard and get rich,
    >>比如我们平常讲的勤劳致富,
  • >>ལས་ལ་བརྩོན་པ་ནི་དོན་དག་བཟང་པོ་ཞིག་ཡིན་ནམ།
    >>is being hardworking good?
    >>那么勤劳好不好?
  • >>ལས་ལ་བརྩོན་པ་ནི་དངོས་གནས་དོན་དག་བཟང་པོ་ཞིག་རེད།
    >>Of course hardworking is good,
    >>勤劳当然好,
  • >>དེ་ནི་སྤྱོད་བཟང་དཔེ་མེད་ཅིག་རེད།
    >>hardworking is a virtue,
    >>勤劳是一个美德,
  • >>ཡིན་ཡང་ཕྱུག་འགྱུར་བྱུང་དགོས་ན་ལས་ལ་བརྩོན་པ་ཁོ་ནས་ཆོག་གམ།
    >>But hardworking is not enough for getting rich.
    >>但是要发财致富光有勤劳够不够。
  • >>ཕལ་ཆེར་ཆོག་རྒྱུ་མ་རེད།
    >>Certainly not necessarily enough.
    >>肯定不一定够。/
  • >>ཅིའི་ཕྱིར་ཞེ་ན།
    >>Why is that,
    >>为什么这么讲,
  • >>ཕ་ཡུལ་གྱི་ཡུལ་མི་རྣམས་ཡང་མིན་ཚེ་རི་བོའི་སྒང་དང་
    >>our hometown mates are on the mountain,
    >>咱们的父老乡亲要么在山上,
  • >>ཡང་མིན་ཚེ་ཞིང་ཁ་རུ་ལས་ལ་བརྩོན་བཞིན་ཡོད།
    >>either in the field,
    >>要么在地里,
  • >>ཀྲུང་གོའི་མི་སེར་དཀྱུས་མ་རྣམས་
    >>Chinese people,
    >>中国的老百姓,
  • >>ལོ་ཧྲོལ་པོར་རང་རང་གི་ལས་ལ་བྲེལ་བཞིན་འདུག
    >>three hundred sixty five days in a year,
    >>一年三百六十五天,
  • >>ཆེས་དཀའ་སྡུག་ཆེ་བ་ནི་ཁོ་ཚོ་ཡིན་ལ།
    >>these are probably the hardest working people,
    >>那最辛苦的可能就是他们了,
  • >>ཆེས་ལས་ལ་བརྩོན་པ་དེའང་ཁོ་ཚོ་རེད།
    >>they are the most hardworking people.
    >>最勤劳的就是他们。/
  • >>ཡིན་ཡང་ཁོ་ཚོའི་འཚོ་བར་འབྱོར་ཕྱུག་ལྡན་ནམ།
    >>But are they the richest people?
    >>但是他们是不是最富裕?
  • >>འབྱོར་བ་དེ་འདྲ་མི་ལྡན།
    >>Obviously not.
    >>显然不是。/
  • >>ཡང་མི་ལ་ལས་གྲོན་ཆུང་དགོས་པར་སྐུལ་སློང་བྱེད་པ་དང་
    >>Some people emphasize saving.
    >>有些人强调节俭。/
  • >>གྲོན་ཆུང་གི་དགོས་ངེས་དང་བཟང་སོགས་བརྗོད་པ་རེད།
    >>Saving is,
    >>说节约怎么怎么样,
  • >>ང་ཚོ་བོད་ཀྱི་ཁ་དཔེ་ལའང་
    >>there is also a saying in Tibetan,
    >>我们藏语里也说,
  • >>ཁབ་གསོག་ནས་འབིག་གྲུབ་ལ་སོགས་
    >>save needle and make pierce
    >>“凑齐小针才成锥”
  • >>ཡུན་གྱིས་ཆུང་བསགས་ཏེ་ཆེན་པོ་འགྲུབ་པའི་གནས་ལུགས་འདུག
    >>walk step by step.
    >>一点一点怎么样走。/
  • >>དོན་དངོས་ཐོག་གྲོན་ཆུང་དང་ལས་བརྩོན་སོགས་ནི་
    >>Actually, these savings and hard work,
    >>实际上这些节俭和勤劳,
  • >>སྤྱོད་བཟང་དཔེ་མེད་ཅིག་རེད།
    >>these are both virtues.
    >>这些都是美德,
  • >>ཡིན་ཡང་ད་ལྟའི་སྤྱི་ཚོགས་ནི་
    >>But in this modern society,
    >>但是现代的这个社会里,
  • >>ཤེས་རབ་ལ་བརྟེན་པའི་སྤྱི་ཚོགས་ཤིག་ཡིན་པས་དེ་ཙམ་གྱིས་མི་ཆོག
    >>it is still far not enough if we speak from the wisdom angle.
    >>正真用智慧的角度来讲还远远不够。/
  • >>དེ་བས་ང་ཚོས་བསམ་གཞིག་བྱེད་དགོས་པ་དེ་གང་ཡིན་ནམ།
    >>So what are we concerned about?
    >>所以我们一心考虑的什么?
  • >>ཁྱེད་ཀྱིས་ཐོན་རྫས་ག་འདྲ་ཞིག་འདོན་སྤྲོད་བྱས་ཀྱང་རུང་སྟེ།
    >>Whatever product you provide,
    >>无论你提供什么样的一个产品,
  • >>གཏན་འཇགས་ཀྱི་ཐོན་རྫས་དང་
    >>a stable product,
    >>固定的一个产品,
  • >>ཡང་ན་གཟུགས་མེད་ཀྱི་ཞབས་ཞུའམ་
    >>or a software service,
    >>还是软件的一个服务,
  • >>རྣམ་པ་བརྗེ་བའི་ཞབས་ཞུ་སོགས་གང་ཞིག་འདོན་སྤྲོད་བྱས་ཀྱང་།
    >>a service for transformation,
    >>转型的一个服务,
  • >>ངེས་པར་དུ་ཕ་རོལ་མགུ་བར་བྱ་དགོས་པ་དང་
    >>must find a way to make the other side satisfied,
    >>一定要想方设法的让对方满意,
  • >>འཛད་སྤྱོད་པའི་བློ་ཡིད་བཀང་བར་བྱ་དགོས།
    >>make your customers satisfied.
    >>让你的客户满意。/
  • >>འདི་ནི་བོད་ཀྱི་རིག་གནས་ལྟ་གྲུབ་ཁྲོད་ཀྱི་གཙོ་བོ་ཞིག་ཡིན།
    >>This is an important part in the Tibetan culture,
    >>这是藏文化里头非常重要的一点,
  • >>ལྟ་གྲུབ་འདི་ང་ཚོའི་ཚོང་ལས་ཁྲོད་བེད་སྤྱོད་ཐུབ་ཚེ།
    >>If we used this concept in our business,
    >>这个观念运用到咱们商业里头来的话,
  • >>ངས་བསམ་ན་དུས་ཚོད་ཐུང་ངུའི་ནང་དུ་
    >>I believe in a short period of time,
    >>我相信在短时间内,
  • >>ཕན་འབྲས་ཆེན་པོ་རེག་མ་ཐུབ་ཀྱང་།
    >>probably you will not have any profit,
    >>你可能没有什么甜头,/
  • >>དུས་ཚོད་རིང་པོ་ཞིག་ཕྱིན་ཚེ།
    >>but after a longer time,
    >>但是时间长了以后,
  • >>ཁྱེད་ནི་ལས་བསོད་ཅན་གྱི་མི་ཞིག་ཏུ་འགྱུར་ངེས།
    >>this person is lucky,
    >>这个人运气好,
  • >>ཁྱེད་ཀྱིས་ལས་གང་སྒྲུབ་ཀྱང་འགྲུབ་སླ་བ་ཡིན།
    >>easy to succeed when you do things,
    >>你做事容易成功,
  • >>རང་རྒྱུད་ལས་བྱུང་བའི་ཚོར་ཤེས་འདི་
    >>these are some kind of feelings,
    >>这是一些感悟,
  • >>བློ་མཐུན་དང་ན་གཞོན་གྲོགས་པོ་ཚོར་འདིའི་ཕྱོགས་ཀྱི་གནད་དོན་ལ་བསམ་གཞིག་གཏོང་བར་ཕུལ་བ་ཡིན།
    >>These are for colleagues and young friends' consideration,
    >>供其他的同仁和年轻朋友考虑考虑,
  • >>རྒྱུས་ལོན་བྱ་རྒྱུ་ཤིན་ཏུ་གལ་ཆེ།
    >>Understand more things about this.
    >>都了解一下这方面的情况。/
  • >>གོང་ནས་བརྗོད་ཟིན་པའི་
    >>Including 《The Diamond Cutter》
    >>包括我讲的《当和尚遇到钻石》
  • >>སེར་མོ་བ་དང་རྡོ་རྗེ་ཕ་ལམ་གྱི་ལས་འབྲེལ་ལས་ཀྱང་
    >>there are some details in there,
    >>里面也有一些详细的,
  • >>འདིའི་སྐོར་གསལ་བོར་བརྗོད་འདུག
    >>some explanations in this regard.
    >>这方面原理的一些阐述。/
  • >>དུས་མཚུངས་སུ།
    >>At the same time,
    >>同时呢,
  • >>སྔོན་ཏག་ཏག་ཅིག་ལ་གསར་འགོད་པས་ང་ལ་འདྲི་རྒྱུར།
    >>a reporter friend asked me sometime ago,
    >>前一段时间有记者朋友问到我说,
  • >>ཁྱེད་ཀྱི་ལྷ་མོ་རྩེ་ནི་ག་རེ་ག་ག་རེ་ཡིན་པ་ལ་སོགས་དྲིས་བྱུང་།
    >>'You Paomashang is such and such,'
    >>您的跑马山怎么怎么样,
  • >>ངས་ཁོའི་སྐད་ཆ་མཚམས་བཅད་པ་ཡིན།
    >>I told him to stop.
    >>我就说打住。/
  • >>འདི་ནི་ངའི་ལྷ་མོ་རྩེ་མ་རེད།
    >>This is not my Paomashang,
    >>这不是我的跑马山,
  • >>དེ་འདྲ་རྩ་བ་ནས་མིན།
    >>Not like that at all.
    >>没有、没有我的。/
  • >>བོད་སྐད་ཁྲོད་དུ་རང་གི་ཕུང་བོར་ལུས་པོ་ཞེས་འབོད་པ་རེད།
    >>Lupo is means 'body' in Tibetan language,
    >>因为藏语里身体叫“吕博”,
  • >>ལུས་པོ་ཀྱང་མཐའ་མར་རང་ལ་མི་དབང་བས།
    >>Even body is not left behind,
    >>身体都未遗留下来,
  • >>རི་བོ་ཞིག་དང་ཡང་ན་སྤྱི་གཉེར་ཁང་ཞིག
    >>not to mention a mountain or a company,
    >>更别说一座山或者一个公司,
  • >>འཛུགས་སྐྲུན་བཟོ་བཀོད་ཅིག་རང་ལ་ཇི་ལྟར་དབང་བར་འགྱུར།
    >>This architecture is mine.
    >>一个建筑是我的。/
  • >>དེ་འདྲ་རྩ་བ་ནས་མ་རེད།
    >>Of course not like this.
    >>当然不是这样。/
  • >>ངས་བློ་རིག་གསལ་བོའི་སྒོ་ནས་ངོས་ཤེས་ཤིག་རྙེད་པ་ནི་
    >>What I clearly recognized is,
    >>我是清醒而认识到,
  • >>ང་ཚོས་དུས་ཚོད་ཐུང་ངུ་འདིའི་ནང་དུ་
    >>in this short time,
    >>我们在这个短一段时间内,
  • >>ལྷ་མོ་རྩེའི་རིག་གནས་རྒྱུན་འཛིན་དང་།
    >>inherit it well,
    >>要把他继承好,
  • >>སྲུང་སྐྱོབ་ཡག་པོ་ཞིག་བྱས་ཏེ།
    >>protect it well,
    >>保护好,
  • >>ནུས་ཚོད་ཀྱི་ལྷ་མོ་རྩེ་འཕེལ་རྒྱས་སུ་གཏོང་བ་ནི་
    >>develop as much as possible,
    >>尽可能地发展好,
  • >>ང་ཡི་རྩ་བའི་རིན་ཐང་ལྟ་གྲུབ་ཡིན།
    >>these are my basic values.
    >>这是我的一个基本的价值观。/
  • >>དེ་བས་ཐོབ་ཆོག་པ་རྣམས་ཐོབ་པར་འགྱུར་ལ།
    >>Things come if they should come,
    >>所以该来的来,
  • >>ཤོར་འོས་པ་དེ་ཡང་ཤོར་བར་འགྱུར་བས་
    >>it goes if it should go;
    >>该去的去,
  • >>ཡོད་ཚད་ཐོབ་འདོད་ཀྱི་བློ་རྩ་བ་ནས་མེད།
    >>no special attachment.
    >>没有特别的执着。/
  • >>དེའི་འཕྲོར།
    >>In addition,
    >>其次,
  • >>ཁེ་ལས་དང་སྤྱི་གཉེར་ཁང་གཉེར་དུས་
    >>Do business or run a company,
    >>做企业、做公司,
  • >>དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་པ་
    >>pursue economic benefits,
    >>追求经济效益,
  • >>འདི་ཡང་ལུགས་དང་མཐུན་པ་ཞིག་རེད།
    >>this is understandable.
    >>这是无可厚非的。/
  • >>ཡིན་ཡང་རྩ་བའི་སྟེང་ངའི་དགེ་རྒན་གྱིས་བཏོན་པའི་
    >>But basically, according to my teacher's suggestion,
    >>但是基本的按照我的老师所提倡的
  • pay attention to three standards
    >>ཚད་གཞི་གསུམ་ཡིད་ལ་ངེས་དགོས།
    >>要注意的三个标准,
  • >>ཁྱེད་ཀྱི་རྒྱུ་ནོར་གྱི་ཡོང་ཁུངས་གཙང་ངམ།
    >>Is your money coming from a clean source?
    >>你的钱来源干净吗?
  • >>གཉིས་པ་ནི་ཐོབ་པའི་རྒྱུ་ནོར་ལ་སེམས་འཁྲེང་སྲིད་དམ།
    >>Secondly, are you attached to it when it comes?
    >>第二来了以后呢你对它执着吗?
  • >>གསུམ་ནི་རྒྱུ་ནོར་དེ་དག་གང་ལ་སྤྱོད་དམ།
    >>Thirdly, where did you spend it?
    >>第三你把它花到什么地方去?
  • >>ཚད་གཞི་འདི་གསུམ་ངེས་པར་དུ་སེམས་ལ་འཛིན་དགོས།
    >>Must pass these three questions,
    >>这三个考题一定要通过,
  • >>དེ་ལྟར་གནང་ཚེ་མི་ཚེའི་རིན་ཐང་དང་ཚོང་ལས་ཀྱི་ཕུགས་བསམ་གཉིས་མངོན་འགྱུར་བཟང་པོ་བྱ་ཐུབ།
    >>This way, both good life and good business can come true.
    >>这样可能人生价值和商业很好地实现。
  • >>གནས་ལུགས་འདི་དག་ནི་
    >>These [three] ideas,
    >>所以这一类的东西我们说,
  • >>བལྟས་ཚོད་ཀྱིས་ཆེས་སྤྱིར་བཏང་དང་།
    >>look like simple thinking,
    >>看似跟普通的一些思想,
  • >>ཆེས་བློ་མ་སྨིན་པ།
    >>looks like naive thinking,
    >>看似很天真的一些想法,
  • >>ཐ་ན་ལྟ་བ་གསར་བ་ཞིག་ཏུ་འདོད་པ་དང་ཁྱད་མེད་མོད།
    >>looks even more of a new idea.
    >>看似甚至是一种所谓维新的想法。/
  • >>དངོས་ཡོད་འཚོ་བའི་ཁྲོད་དུ་
    >>But in real life,
    >>但是在现实生活当中,
  • >>སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གནང་ཚེ།
    >>if we do study well and experiment,
    >>只要邵佳的学习和实践,
  • >>ད་གཟོད་ང་ཚོར་གོ་རྟོགས་གསར་བ་ཞིག་འབྱུང་ངེས།
    >>we will really feel it.
    >>我们会真切的感受到,
  • >>མེས་པོ་ཚོས་གནང་བའི་ཤུལ་བཞག་རིག་གནས་འདིས་
    >>This great culture and civilization [from our] ancestors,
    >>这个祖先伟大的文化、文明,
  • >>ང་ཚོར་གནང་བ་ནི་
    >>brought for us, is
    >>能够给我们带来的
  • >>ནམ་ཡང་ང་ཚོའི་བློ་ཡིད་ལས་བརྒལ་བ་ཡིན།
    >>far more than our imagination.
    >>远远超过了我们的想象。/
  • >>འདི་ནི་ཆེས་རྩ་བའི་བསམ་གཞིག་ཅིག་དང་
    >>This is a basic thinking,
    >>这是一个基本的思考,
  • >>ཡང་ན་རང་གི་ཚོར་ཤེས་ཤིག་ཡིན།
    >>or some feeling.
    >>或者说一些感悟。/
  • >>འདི་འདྲ་རེད།
    >>Like this,
    >>就是这样,
  • >>ཆེད་དོན་བརྗོད་གཞི་ལ་ལ་ཞིག་ནི་
    >>because some special topics are
    >>因为有些专题呢,
  • >>ཁེར་ཚུགས་སྒོས་ལོགས་སུ་བརྗོད་དགོས་པར་འདུག
    >>probably will talk about seperately.
    >>可能会单独展开来讲。/
  • >>དེ་བས་བོད་ཀྱི་རིག་གནས་ལ་བློ་ཞིབ་མོས་སློབ་སྦྱོང་བྱས་ཏེ་
    >>so it needs careful study and training
    >>所以需要细心的学习、研修,
  • >>ཡང་དག་པར་རྒྱུས་ལོན་བྱ་རྒྱུ་ནི་གལ་ཆེ།
    >>to completely understand,
    >>正真了解,
  • >>རྒྱུ་མཚན་ནི་ངའི་བསམ་པར
    >>because sometimes I think,
    >>因为有时候我觉得,
  • >>ཡང་སྙིང་བོད་ཀྱི་རིག་གནས་རྟོགས་མཁན་གྱི་བོད་པ་ནི་མང་པོ་མི་འདུག
    >>Tibetans don't actually understand Tibetan culture.
    >>藏人实际上不了解藏文化,
  • >>རྟོགས་ཀྱང་ཕྱི་ངོས་ཀྱི་རྣམ་པ་ཙམ་ཡིན།
    >>Probably they only know some surface things.
    >>可能会了解的也是一些表面的东西。/
  • >>ཁྱེད་ཀྱི་འཇོན་ནུས་དེ་གང་ན་ཡོད་པ་དང་
    >>Where is your real advantage?
    >>你真正的优势在哪里?
  • >>ཁྱེད་ཀྱི་འགྲན་རྩོད་ཀྱི་སྟོབས་ཤུགས་དེ་གང་ན་ཡོད་པ།
    >>Where is your main competitiveness?
    >>你真正核心竞争力在哪里?
  • >>ཁྱེད་ཀྱིས་ཡོད་ཚད་ལ་བྱས་རྗེས་འཇོག་པའི་སྟོབས་ཤུགས་དེ་གང་ན་ཡོད་པ།
    >>Where is your ability to contribute to all human beings?
    >>你给全人类做出贡献的能力在哪里?
  • >>འདི་དག་ནི་ང་ཚོས་ངེས་དགོས་པའི་དོན་དག་གལ་ཆེན་ཞིག་རེད།
    >>[One] has to know the key points.
    >>这是需要了解的一个重点。/
  • >>དེ་བས།
    >>Therefore,
    >>所以
  • >>ངའི་བསམ་ཚུལ་ནི་མདོར་བསྡུས་ན་འདི་ཙམ་ཡིན།
    >>[my] main thoughts are these.
    >>基本的想法也是这样的一些想法。/
  • >>ངའི་མི་ཚེའི་ཉམས་མྱོང་བརྗོད་ན།
    >>My own experience,
    >>我个人的经验呢,
  • >>སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་
    >>something in traditional culture
    >>传统文化里有
  • >>འཛད་ཐབས་མེད་པའི་བློ་གྲོས་འདི་དག
    >>is inexhaustible wisdom.
    >>取之不尽用之不竭的智慧。/
  • >>གནའ་རབས་ཀྱི་བསམ་བློ་དང་བློ་གྲོས་པ་རྙིང་པ་མ་རེད།
    >>This wisdom is not ancient wisdom;
    >>这个智慧不是古代的智慧,
  • >>འདི་ནི་གནའ་ནས་ད་ལྟའི་བར་དུ་
    >>it is from ancient times and extends into the future,
    >>它是从古至今到将来,
  • >>ལག་ལེན་བྱེད་ཆོག་ལ་
    >>all those experience it,
    >>都可以实践,
  • >>བེད་སྤྱོད་ཀྱང་གནང་ཆོག
    >>all can use it,
    >>都可以运用,
  • >>འདི་ནི་ཕན་འབྲས་མངོན་གསལ་ཡིན་པའི་བློ་གྲོས་ཀྱི་དྭངས་མ་ཞིག་རེད།
    >>all can use it and there are good results from this wisdom.
    >>都可以用着显著效果的一种智慧。/
  • >>གནད་འགག་གཙོ་བོ་ནི་མི་རང་ཉིད་ལ་རག་ལས་ཡོད།
    >>It depends on ourselves,
    >>主要是看我们自己,
  • >>བློ་གྲོས་དེ་དག་ཇི་ལྟར་སྔོག་འདོན་དང་
    >>how do we dig it,
    >>怎样去挖掘,
  • >>འཚོལ་ཞིབ།
    >>discover it,
    >>去发现,
  • >>སློབ་སྦྱོང་།
    >>train [ourselves] and study it,
    >>去潜修学习,
  • >>དངོས་ཡོད་འཚོ་བའི་ཁྲོད་དུ་བེད་སྤྱོད་བྱེད་མིན་ལ་ཐུག་འདུག
    >> and use it in our real life.
    >>去运用到现实生活当中。/
  • >>མྱོང་བ་དང་ངོས་འཛིན་བརྗོད་ན་འདི་འདྲ་རེད།
    >>It is this kind of understanding.
    >>主要是这样的理解和认识。/
  • >>ང་རང་ཉིད་ནི་
    >>So I believe,
    >>那么我相信,
  • >>མ་འོངས་པ་ལ་རེ་ལྟོས་ཆེན་པོ་ཡོད།
    >>many things may happen,
    >>有很多事情会发生,
  • >>ཡིད་ཆེས་ཀྱང་ཆེན་པོ་འདུག
    >>good changes,
    >>好的变化。/
  • >>མ་འོངས་པའི་
    >>for the future,
    >>对未来,
  • >>བྱ་བ་དང་
    >>in terms of jobs,
    >>对工作,
  • >>ལས་དོན་གང་ཐད་དུ་
    >>career,
    >>对事业,
  • >>རང་ཉིད་ལ་ཡིད་ཆེས་བརྟན་པོ་འདུག
    >>I am full of confidence.
    >>我个人一直充满信心。/
  • >>སྲོལ་རྒྱུན་རིག་གནས་ལས་སྔར་ནས་བརྗོད་བཞིན་པ་རེད།
    >>because traditional wisdom is also saying
    >>因为传统智慧里也一直讲的是,
  • >>ང་ཚོས་རང་ཉིད་ཀྱི་བསམ་པ་དེ་
    >>actually we are also
    >>其实我们也思维上
  • >>སྒྲོག་ཏུ་བཅུག་པ་རང་རེད།
    >>limited ourselves.
    >>局限了我们自己。/
  • >>གལ་ཏེ་ཁྱེད་ཀྱིས་དཀའ་བ་ཐ་དག་རང་གི་མགོན་དང་
    >>When you take all the difficulties and problems as
    >>当你把困难和问题作为培养你,
  • >>རང་ཉིད་སྦྱོང་བརྡར་བྱེད་པའི་དགེ་རྒན་ལྟ་བུར་འདོད་ཚེ།
    >>trainings and teachers,
    >>锻炼你的老师的时候,
  • >>སྡུག་བསྔལ་མཐོང་ཡང་སྐྲག་པ་གང་ཡང་མེད།
    >>you take difficulties as happiness.
    >>你真正为以苦为乐。/
  • >>སྙིང་བོ་འདིའི་སྟེང་ནས་བརྗོད་ན་
    >>On this end,
    >>那么这个意义上来讲,
  • >>ང་ཚོའི་མིག་མདུན་གྱི་དཀའ་ཁག་ཡོད་ཚད་ནི་
    >>all of our problems and difficulties are
    >>我们所有的问题和困难都是
  • >>རང་གི་དགེ་རྒན་བཟང་པོ་ལས་མ་འདས།
    >>our best school and teacher.
    >>我们最好的学校和老师。/
  • >>བསམ་པ་འདི་ལྟ་བུའི་སྒོ་ནས་ལས་དོན་སྒྲུབ་ཚེ་
    >>You work with this kind of feeling,
    >>你这样一个心态下去工作,
  • >>གྲུབ་འབྲས་བཟང་པོ་ཞིག་རེག་ངེས་རེད།
    >>there will be good result.
    >>会有好的结果。/
  • >>ང་ལ་མཚོན་ན་ངོས་ཟིན་འདི་འདྲ་འདུག
    >>Some basic understanding.
    >>就是一些基本的认识。/
  • >>སྤྱིར་ཡིན་ན་བོད་རིགས་ཡིན་ཚེ་བོད་སྐད་བཤད་ན་ཡག་པོ་རེད།
    >>probably it would be nice if I speak in Tibetan,
    >>本来用藏语来讲好一些,
  • >>ཡིན་ཡང་ད་ཐེངས་ཉན་མཁན་མང་པོ་ཞིག་ནི་རྒྱ་ཡིག་རྒྱ་སྐད་སྤྱོད་མཁན་རེད།
    >>but there are more people who speak Chinese here,
    >>但是用汉语的听众朋友多一些,
  • >>དེ་བས་རྒྱ་སྐད་མ་བཤད་ན་མི་མང་པོས་ཧ་གོ་རྒྱུ་མ་རེད།
    >>So I speak in Chinese.
    >>所以我用了汉语。/
  • >>རྗེས་ཕྱོགས་འཆར་གཞི་ག་འདྲ་འདུག་ཅེ་ན།
    >>If I talk about future plans,
    >>要说将来的计划呢,
  • >>ང་ཚོས་བཤམས་སྟོན་ཁང་དུ་ཚོགས་པ་དང་འཛིན་གྲྭ་བསྡུས་ཏེ།
    >>we organize people in the museum,
    >>我们在博物馆里组织人员,
  • >>བོད་ཀྱི་རིག་གནས་དང་ཤེས་རབ་སོགས་ཕྱི་ཕྱོགས་སུ་ངོ་སྤྲོད་བྱ་རྒྱུ་ཡིན།
    >>introduce Tibetan culture and its wisdom to outside.
    >>藏文化和它的智慧介绍到外面世界。/
  • >>ང་ཚོའི་འཚོ་བ་འཕེལ་རྒྱས་སུ་འགྲོ་དགོས་ན།
    >>Our living has to be developed,
    >>我们的生活要发展,
  • >>ཤེས་རབ་ལ་བརྟེན་ནས་རྗེས་ལུས་དང་ལེ་ལོ་དོར་དགོས་པར།
    >>change lagged behind and laziness with wisdom.
    >>用智慧来改造那些落后及懒散的情况。/
  • >>ཁ་བརྡ་དང་གྲོས་འདོན་པ།
    >>communicate and suggest,
    >>要沟通、提议、
  • >>ཞིབ་བརྗོད་བཅས་བྱས་ན་དཔེ་ཡག་པོ་རེད།
    >>detailed instructions are all good methods.
    >>详细说明都是好的方法。/
  • >>ང་རང་ལ་མཚོན་ན་བོད་ཀྱི་འགྲོ་ལུགས་དང་ལས་ཀ་ཡིན་ན་འདྲ།
    >>Working on Tibetan related work or
    >>我是从事做藏族有关的事业也好、
  • >>ཡུལ་སྐོར་དང་རིག་གནས་ཀྱི་ལས་ཀ་གཉེར་མཁན་རེད།
    >>working on tourism,
    >>做旅游文化方面而已,
  • >>དངོས་གནས་བཤད་ན་ཚོང་བ་ཆེན་པོ་དེ་འདྲ་མ་རེད།
    >>I am not a big business man.
    >>不是什么大商业家。/
  • >>ཚོང་ལས་དང་ཡུལ་སྐོར་རིག་གནས་ལ་འབྲེལ་འདྲིས་བྱས།
    >>but I have some contact with tourism work.
    >>不过旅游文化方面有过接触。/
  • >>ལས་རིགས་གཅིག་པ་གཅིག་རྐྱང་གཉེར་མཁན་རེད།
    >>the same work,
    >>一样的事业,
  • >>ལས་ཀ་ཡང་མང་པོ་ཡོད་པ་རེད།
    >>many jobs,
    >>工作挺多,
  • >>མི་སུ་ལའང་ཐུག་འཕྲད་བྱེད་དགོས།
    >>many people talk about it.
    >>需要很多人交流。/
  • >>དེའི་སྐབས་སུ་རང་གི་སེམས་བསམ་པའི་ནང་དུ་
    >>with your heart
    >>这时用自己内心
  • >>ལས་རིགས་དང་འགྲོ་ལུགས་དེ།
    >>face this work.
    >>对待那些事业。/
  • >>རྩ་འཛུགས་དང་སྟོབས་ཤུགས་ཡོད་ན་སྟོབས་བརྒྱབ།
    >>Some people put effort,
    >>该组织或出力的出力,
  • >>བརྩོན་འགྲུས་དགོས་དུས་བརྩོན་འགྲུས་བྱས།
    >>some people work hard,
    >>该勤劳刻苦的刻苦,
  • >>ཁྲིམས་རྩོད་བྱེད་ཤེས་ན་ཁྲིམས་རྩོད་གནང་ཆོག
    >>some people use methods.
    >>该用法的用法。/
  • >>དེ་ནས་དཀའ་ངལ་དང་འཕྲད་དུ་བསམ་གཏན་དགོས་པ་རེད།
    >>Come down when you face difficulties.
    >>然后遇到困难时要冷静。/
  • >>དེའི་མི་ཚད་ད་དུང་མི་རིགས་དང་མི་རིགས་བར།
    >>also the relationships between ethnic groups,
    >>还有民族与民族之间,
  • >>རྒྱལ་ཁབ་དང་རྒྱལ་ཁབ་བར།
    >>between countries,
    >>国与国之间,
  • >>མི་དང་སེམས་ཅན།
    >>between people,
    >>人与众生,
  • >>མི་དང་རྩྭ་རྩི་ཤིང་།
    >>between people and plants,
    >>人与植物,
  • >>ཚང་མ་གཅིག་ཡིན་པའི་བྱང་ཆུབ་ཀྱི་སེམས་པ་ལྡན་ཚེ།
    >>for the purpose of compassion
    >>都为同等的慈悲之心
  • >>ལས་ཀྱང་ཡག་པོར་འགྲུབ་པ་དང་
    >>so everything will go smoothly,
    >>才能万事一顺,
  • >>སེམས་པ་ཡང་སྐྱིད་པོ་ཡོང་བ།
    >>The joyful intention comes again.
    >>心境自然。/
  • >>གཞན་ལ་ཕན་པ་འབྱུང་བ་དེ་འདྲ་ཞིག་ཡིན་ན།
    >>The idea of considering other [means]
    >>这样为他人而想的理念
  • >>བོད་ཀྱི་རིག་གནས་ཡིན་པ་ཤེས་ནི་རེད།
    >>that will display the beauty of unique Tibetan culture.
    >>才能展现出藏族文化的独特魅力。/
  • >>དེ་ནས་ང་ཚོའི་ད་ལྟའི་དུས་ཚོད་འདི་ལ་
    >>In modern society,
    >>当时的现代社会里,
  • >>ལས་རིགས་ཤིག་ཡིན་ན་འདྲ་ལ་བལྟ་ས་ཞིག་ཡིན་ནའང་འདྲ།
    >>do something or travel,
    >>做一个事情也好或者游览也好,
  • >>དེ་ནི་ལུས་ཀྱི་ལས་ཀ་དང་།
    >>use body,
    >>要用“身”、
  • >>ཁ་ཡིས་བཤད་རྒྱུའི་ངག
    >>language,
    >>“言”、
  • >>བསམ་བློ་གཏོང་རྒྱུའི་ཡིད་རེད།
    >>heart,
    >>“心”,
  • >>ལུས་ངག་ཡིད་གསུམ་ནི་དོན་དག་ཅིག་སྒྲུབ་པར་
    >>Dharma calls it the Three Doors,
    >>佛法叫“三门”,
  • >>གང་ལ་གང་འཚམ་གྱིས་བསྟུན་དགོས་པ་རེད།
    >>everything single thing is important.
    >>做任何一个事情都重要。/
  • >>ཤེས་རབ་ནི་ག་རེ་རེད་ཟེར་ན།
    >>So what is wisdom?
    >>然后什么是智慧呢?
  • >>ང་ལ་བྱིན་ཁྱེད་ལ་ཡོད་པ་མ་རེད་ལྟ་བུའི་
    >>The belief of all the things belong to me,
    >>所有的事物都归我的理念,
  • >>མང་ཚོགས་ཀྱིས་བརྗོད་པའི་རྒྱུ་འབྲས་ཟེར་བ་དེ་རེད།
    >>or cause and effect.
    >>也就是说因果报应。/
  • >>བོད་ཀྱི་རིག་གནས་ཁྲོད་དུ་སློབ་གསོ་ཡིན་ན་འདྲ།
    >>Lessons from Tibetan culture or
    >>藏文化里的教训也好、
  • >>ང་རང་གི་ཉམས་མྱོང་ཡིན་ནའང་འདྲ།
    >>personal experience,
    >>个人的经验也好,
  • >>ཏག་ཏག་རྒྱུ་འབྲས་སྲུང་རྒྱུ་དེ་ཨང་དང་པོ་ཡིན་པར་བསམ།
    >>belief in cause and effect is very important.
    >>相信因果是最重要。/
  • >>རྒྱུ་འབྲས་སྲུང་ན།
    >>Do things based on the belief of cause and effect,
    >>相信因果报应做事,
  • >>བྱ་བ་ལེགས་འགྲུབ་འབྱུང་བ་བརྒྱ་ཆའི་བརྒྱ་ཡིན་རྒྱུ་རེད།
    >>Everything will go smoothly,
    >>肯定会万事一顺,
  • >>གལ་ཏེ་རྒྱུ་འབྲས་མ་སྲུང་ཚེ།
    >>If [you] ignore cause and effect,
    >>如忽略因果报应,
  • >>དུས་ཚོད་ཐུང་ངུའི་ནང་དུ་ཕྱུག་པོར་འགྱུར་སྲིད་ཀྱང་།
    >>while you can get a short term advantage,
    >>能都到暂短的利益,
  • >>དུས་ཚོད་རིང་པོ་ཕྱིན་ན་དཀའ་ངལ་འཕྲད་སྲིད་པ་བརྒྱ་ཆའི་བརྒྱ་ཡིན།
    >>you cannot get long term happiness.
    >>也得不到永久的幸福。/
  • >>འདི་ནི་ངའི་ཉམས་མྱོང་ལས་བསགས་པའི་སྐད་ཆ་ཡིན།
    >>This is my experience.
    >>这就是我的经验之谈。/
  • >>ཁྱེད་རྣམ་པ་ཐུགས་རྗེ་ཆེ།
    >>Thank you!
    >>谢谢你们!
  • >>རྒན་ཁྱེད་རང་ཐུགས་རྗེ་ཆེ།
    >>Thank you!
    >>感谢您!
  • >>ཐུགས་རྗེ་ཆེ།
    >>Thanks!
    >>谢谢!/