Skip to main content Skip to search
24 Aug 2012
20 min 50 sec
Otto Wendekar
Video Overview
Creators: 
Washu Tsehua

Ngaklo (Chi. Anglou), a Tibetan entrepreneur in Dartsedo, describes his business and his background.

དར་རྩེ་མདོའི་བོད་ཀྱི་ཁེ་ལས་པ་ངག་བློས་ཁོང་གི་རྒྱབ་ལྗོངས་དང་ཁེ་ལས་ཉམ་མྱོང་གླེང་བ།

Transcript search
No results found for this search
0 of 0
  • ངག་བློ། Anglou
    ང་མི་སྒེར་ལ་མཚོན་ན།
    Personally,
    >>昂洛:我个人呢,
  • >>ནར་སོན་པའི་བརྒྱུད་རིམ་དེ་
    >>My growth,
    >>成长过程,
  • >>བོད་ཁུལ་གྱི་མི་མང་པོ་ཞིག་དང་འདྲ་བའི་ཆ་ཡོད་ལ།
    >>is similar to many people in Tibetan areas.
    >>跟很多藏区的人有一样的地方,
  • >>ཡང་མི་འདྲ་བའི་ཆ་ཡང་འདུག
    >>There are also differences.
    >>也有不一样的地方。
  • >>བྱིས་པའི་དུས་ལ་མཚོན་ན།
    >>When I was young,
    >>比如小时候。
  • >>ངའི་ཕ་ཡུལ་ནི་
    >>my hometown,
    >>我的老家是在,
  • >>སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་གསུམ་གྱི་འདྲེས་མཚམས་སུ་ཡོད།
    >>was at the boarder of Sichuan, Qinghai, and TAR.
    >>应该说是在四川、青海,和西藏交界的地方。
  • >>ད་ལྟའི་སེར་ཤུལ་རྫོང་ཡིན།
    >>Modern Sershul County.
    >>现在的是石渠县。
  • >>དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཡིན།
    >>Sershul County in Kandze Tibetan Autonomous Prefecture.
    >>甘孜藏族自治州石渠县。
  • >>སྔོན་ཆད་རྫོང་འདི་ལ་འདན་ཁོག་རྫོང་ཟེར།
    >>This county used to be named Dengke County.
    >>以前叫做邓柯县,/
  • >>འབྲི་ཆུའི་འགྲམ་ངོགས་སུ་ཆགས་པའི་
    >>Just next to Jinsha River,
    >>就在金沙江河边,/
  • >>རོང་མ་འབྲོག་གི་ས་ཆ་ཞིག་ཡིན།
    >>it is a semi-nomadic place.
    >>是个半农半牧的地区。
  • >>དེ་བས་བྱིས་པའི་དུས་སུ་
    >>So when I was young,
    >>所以小时候呢,/
  • >>ཕྱུགས་རྫི་སོགས་བྱས་མྱོང་།
    >>I had some herding experience.
    >>有放牧的一些经历。
  • >>རྗེས་སུ་
    >>Afterward,
    >>后来呢,/
  • >>གོ་སྐབས་ལེགས་པོ་ཞིག་དང་འཕྲད་དེ།
    >>because of this kind of experience,
    >>因为有这样的机缘,/
  • >>སློབ་གྲྭ་འགྲིམ་ཐུབ་པ་བྱུང་བ་དང་།
    >>I went to study.
    >>出来学习,/
  • >>སློབ་ཆེན་བདེ་བླགས་ངང་སློབ་མཐར་ཕྱིན།
    >>I finished my college [studies].
    >>完成了大学的学业。
  • >>ངའི་ཆེད་ལས་ནི་དབྱིན་ཡིག་ཡིན།
    >>My major is English.
    >>我学的专业是学英语。
  • >>དེའི་རྗེས་ནས་བྱ་བའི་ལས་རྐང་དུ་ཞུགས།
    >>I started work afterward,
    >>后来参加工作,/
  • >>ཡང་གཅིག་བཤད་ན་དེང་སང་ཀུན་གྱིས་ཡིད་སྨོན་བྱེད་བཞིན་པའི་
    >>it is kind of people's favorite at the moment,
    >>算是现在大家热衷的,/
  • >>གཞུང་ཞབས་པའི་ལས་གནས་རེད།
    >>as a government official.
    >>公务员的这个队伍里头的一员。
  • >>ཆེད་ལས་དབྱིན་ཡིག་ཡིན་པའི་སྟབས་ཀྱིས་
    >>Because of my English major,
    >>因为学英语专业嘛,/
  • >>ཕྱི་གླིང་བའི་གྲོགས་པོ་མང་པོ་ཞིག་དང་འབྲེལ་འདྲིས་བྱེད་ཐུབ་པ་བྱུང་།
    >>there were many opportunities to communicate with foreign friends.
    >>有很多的机会接触外国朋友。
  • >>དེའི་རྗེས་ནས་དབྱིན་ཇིའི་ལ་ཧྥུ་བྷོ་རོའུ་སློབ་ཆེན་དུ་ཟབ་སྦྱོང་བྱ་རྒྱུའི་གོ་སྐབས་འཕྲོད།
    >>Later I was accepted to Loughborough University to study,
    >>后来应邀到英国拉夫堡大学进修,/
  • >>སློབ་ཆེན་དེ་རུ་ལོ་ངོ་གཉིས་ཀྱི་རིང་ལ་ཟབ་སྦྱོང་བྱས།
    >>I studied there for two years.
    >>进修了两年多时间。
  • >>ཕྱིར་རྒྱལ་ནང་དུ་ལོག་རྗེས།
    >>When I came back after that,
    >>再后来回来以后呢,/
  • >>ལས་གནས་བསྐྱུར་ཏེ་ཚོང་ལས་དང་།
    >>I worked on my own,
    >>自己下海,/
  • >>ལས་རིགས་གསར་སྤེལ།
    >>started a business,
    >>创业,/
  • >>སྤྱི་གཉེར་ཁང་སོགས་འཛུགས་གཉེར་བྱས་པ་ཡིན།
    >>registered a company by myself and did something,
    >>自己办公司、做实体,/
  • >>ངའི་ནར་སོན་པའི་གོ་རིམ་དང་
    >>It is this kind of growth,
    >>是这么一个成长的,
  • >>རྩ་བའི་བཞུད་ལམ་ནི་འདི་འདྲ་ཡིན།
    >>basic growth is like this,
    >>基本的一个轨迹是这样子,/
  • >>ད་ལྟའི་བར་དུ་འདི་ལྟར་ཡོང་བ་ཡིན།
    >>that has continued until today.
    >>一直走到今天。
  • >>མྱོང་བ་འདི་དག་ནི་
    >>These experiences,
    >>这个经历呢,/
  • >>ངས་རང་གི་རྒྱུ་ནོར་གལ་ཆེན་ཞིག་ཏུ་བསམ་ཡོད།
    >>I think these are rich wealth,
    >>我认为它是一笔丰厚的财富,/
  • >>རྒྱུ་མཚན་ནི་མྱོང་བ་དེ་དག་ལས་ངས་ད་གཟོད་
    >>one is that I know clearly,
    >>一个呢我深切地了解,
  • >>བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཆེས་དཀའ་སྡུག་ཆེ་ལ།
    >>the difficulties of people in Tibetan area,
    >>我们藏区的老百姓最艰苦的,
  • >>ཆེས་གཞི་རིམ་གྱི་འཚོ་བར་རྒྱུས་ལོན་བྱེད་ཐུབ་པ་བྱུང་།
    >>basic living.
    >>最基层的生活。
  • >>གཞན་ཁོ་ཚོའི་ནང་སེམས་ཀྱི་བསམ་ཚུལ་དེའང་ཤེས་རྟོགས་བྱུང་།
    >>I understand their thinking and perspective.
    >>也了解他们内心深处的想法,/
  • >>དུས་མཚུངས་སུ།
    >>At the same time,
    >>同时,/
  • >>ངས་དེང་རབས་སློབ་གསོ་མྱངས་པ་བརྒྱུད་དེ།
    >>accept current education,
    >>接受现代的教育,/
  • >>ད་ལྟའི་སློབ་གསོའི་སྒྲིག་གཞི་འོག་ཏུ་
    >>under the current education system,
    >>我也知道现在的教育体制下,/
  • >>ང་ཚོས་ཡང་སྙིང་སློབ་གསོ་ག་འདྲ་ཞིག་མྱངས་ཡོད་པ་དང་།
    >>what kind of education we receive.
    >>我们接受了什么样的一些教育,/
  • >>ང་ཚོའི་སློབ་གསོའི་དགེ་མཚན་གང་ཡིན་པ།
    >>Where are the advantages of our education?
    >>我们教育的优势在哪里?
  • >>དེའི་མི་འདང་ས་གང་ཡིན་པ་རྟོགས་བྱུང་།
    >>Where are some of its defects?
    >>它的一些缺陷在哪里?
  • >>འདིའི་ཕྱོགས་ནས་ང་ལ་མྱོང་བ་ཟབ་མོ་ཞིག་འདུག
    >>I have certain feelings about this.
    >>这个有一定的感受。
  • >>དེའི་འཕྲོར།
    >>After that,
    >>然后呢,/
  • >>བྱ་བའི་སྟེང་ཞུགས་རྗེས།
    >>I attended my job,
    >>又参加工作,/
  • >>ལས་གནས་སྟེང་གི་སྲིད་འཛིན་གྱི་ལས་དོན་དང་།
    >>to the administrative work,
    >>对于我们的行政工作,/
  • >>སྲིད་གཞུང་གི་ལས་དོན་ཐད་
    >>the government work,
    >>政府工作,/
  • >>རྒྱུས་ལོན་དང་ལག་ལེན་ངེས་ཅན་ཞིག་ཐོབ།
    >>[I] had certain understandings and experience.
    >>有了一定的了解和实践。
  • >>གཞན་
    >>In addition,
    >>其次,/
  • >>ཡོ་རོབ་སོགས་ཕྱིའི་རྒྱལ་ཁབ་འགྲིམ་ཐུབ་པ་བྱུང་།
    >>I went to abroad to Europe and America.
    >>到国外、欧美。
  • >>ལོ་རེར་ཐེངས་རེར་ཕྱི་རྒྱལ་དུ་བསྐྱོད་དེ།
    >>because I go to abroad once a year afterward.
    >>因为后来我每年都出国一次。
  • >>ས་ཆ་མི་འདྲ་བ་ནས་སློབ་སྦྱོང་དང་།
    >>study in different places,
    >>不同的地方去学习、
  • >>རྟོག་ཞིབ། རྒྱུས་ལོན་སོགས་བྱས་པ་ཡིན།
    >>to research and understand
    >>考察、了解。
  • >>དེ་ན་ནུབ་གླིང་གི་དེང་རབས་རིག་གནས་དང་།
    >>the modern civilization of the west,
    >>那么西方的现代文明,/
  • >>ནུབ་གླིང་གི་བསམ་བློའི་མ་ལག་འགའ་ཤས།
    >>some western ideology,
    >>西方的一些思想体系,/
  • >>ཐ་ན་ནུབ་གླིང་གི་དམངས་ཁྲོད་ཀྱི་འཚོ་བ་བཅས་ལ་
    >>even some western people's lives,
    >>甚至西方民间的老百姓生活,/
  • >>རྒྱུས་ལོན་དང་སློབ་སྦྱོང་ངེས་ཅན་ཞིག་ཐོབ།
    >>I had some understanding.
    >>也有一定的了解。
  • >>དེའི་འཕྲོར།
    >>In addition,
    其次呢,/
  • >>རང་ལ་ཉམས་མྱོང་ཆེས་མང་པོ་སྐྲུན་བྱེད་ནི་ཁེ་ལས་དང་།
    >>the most testing thing is do business by yourself,
    >>最考验人的还是自己做企业,/
  • >>སྤྱི་གཉེར་ཁང་གཉེར་བའི་ལས་ཀ་རེད།
    >>running a company.
    >>做公司。
  • >>འདི་ལྟར་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་
    >>Just like a child,
    >>就是像一个小孩一样。
  • >>རིམ་བཞིན་ནར་སོན་པའི་
    >>from a child to adult,
    >>从小到大。
  • >>གོ་རིམ་འདིའི་ཁྲོད་དུའང་དཀའ་ཁག་དང་
    >>I experienced many things during this time,
    >>这中间也经历了很多坎坷,/
  • >>ད་ལྟའི་བར་དུ་རྒྱུན་འཁྱོངས་བྱེད་ཐུབ་པ་འདི་ཡང་སླ་མོ་ཞིག་མ་རེད།
    >>It is not easy to be done today.
    >>能做到今天也不容易。
  • >>སྦྱོང་བརྡར་གང་མང་ཞིག་བརྒྱུད་མྱོང་།
    >>and many difficulties.
    >>和磨砺,/
  • >>དེ་རིང་གི་ཁ་བརྡ་འདི་ཡང་
    >>Certainly in our discussion today,
    >>当然今天我们谈话的,/
  • >>ངས་གྲུབ་འབྲས་རེག་མཁན་ཞིག་གི་ངོས་ཐད་ནས་
    >>I am not talking as a successful person,
    >>我也不是用成功者的身份,/
  • >>བཅར་འདྲི་དང་ལེན་བྱེད་པ་ནི་གཏན་གནས་མིན།
    >>accept the interview.
    >>来接受采访。
  • >>རང་རེའི་ཀྲུང་གོའི་
    >>I remember China had a
    >>我记得咱么中国有一个,/
  • >>མིང་དུ་གྲགས་པའི་འཁྲབ་སྟོན་པ་ཆེན་མོ་ཀྲོའུ་རོང་ཧྥ།
    >>One famous actor named Zhou Runfa.
    >>非常著名的电影演员叫周荣发,/
  • >>ཚོང་འཕྲིན་བརྡ་ཁྱབ་ཅིག་འཁྲབ་འདུག་ལ།
    >>He made an advertisement before.
    >>他曾经做过一部广告。
  • >>བརྡ་ཁྱབ་དེའི་ནང་དུ་
    >>There is a sentence in that advertisement,
    >>广告里头有一句广告词,/
  • >>ལམ་དུ་སྐྱོད་བཞིན་པའི་སྒང་ཡིན་ཞེས་པའི་འཁྲབ་ཚིག་ཅིག་འདུག
    >>on the way,
    >>正在路上,/
  • >>ང་རང་ཉིད་ལ་མཚོན་ན་དངོས་གནས་ལམ་དུ་སྐྱོད་བཞིན་པའི་སྒང་ཡིན།
    >>I too am also on the way.
    >>我自己呢还是正在路上。
  • >>དེ་བས་ང་ལ་ཚང་མར་སློབ་སྟོན་བྱེད་པའི་ཐོབ་ཐང་གང་ཡང་མེད།
    >>So I don't have any right to teach something.
    >>所以没资格怎样传授什么东西,/
  • >>ཀུན་སློང་དེ་ལྟ་བུ་ཡང་རྩ་བ་ནས་མེད།
    >>It is not like that.
    >>不是这样的一个情况。
  • >>ཡིན་ཡང་།
    >>But,
    >>但是,/
  • >>ལས་རིགས་མི་འདྲ་བ་སྣ་ཚོགས་དང་།
    >>I have experienced these different jobs,
    >>经过这些不同的行业,/
  • >>ས་ཁུལ་མི་འདྲ་བ།
    >>different places,
    >>不同的地区,/
  • >>རྒྱལ་ཁོངས་མི་འདྲ་བ།
    >>different countries,
    >>不同的国度,/
  • >>རིག་གནས་མི་འདྲ་བ་མང་པོར་འབྲེལ་འདྲིས་དང་།
    >>had contact with different civilizations,
    >>接触到不同的文明,/
  • >>ལས་རིགས་སྣ་མང་བརྒྱུད་པ་ལས་བྱུང་བའི་
    >>and worked on many things,
    >>从事做了那么多不同工作,/
  • >>རྟོགས་པ་ཞིག་དང་
    >>some sentiments,
    >>一些感悟,/
  • >>ཉམས་མྱོང་ཞིག
    >>some experiences,
    >>一些经验,/
  • >>བསླབ་བྱ་སོགས་
    >>some teachings,
    >>一些教训,/
  • >>ཁྱེད་ཅག་ན་གཞོན་ཚོ་དང་།
    >>to young people like you,
    >>跟你们这些年轻朋友,/
  • >>ཉན་འདོད་ཡོད་པའི་བློ་ལྡན་དག་ལ་
    >>to people who would like to listen,
    >>跟愿意听的那些首宗,/
  • >>ངོ་སྤྲོད་རེ་བྱས་ཏེ།
    >>[And what I] introduce to them,
    >>进行一些沟通,/
  • >>ཁོ་ཚོར་ཕན་ཐོགས་རེ་ཨེ་ཡོང་བསམ་པ་ཡིན།
    >>could be helpful to them in any ways.
    >>多多少少对他们有些帮助。
  • >>འདི་ནི་ང་རང་གི་བསམ་འདུན་ཙམ་ཡིན།
    >>This is one of my hopes.
    >>这就是我的一个心愿,/
  • >>ངས་བསམ་ན་འདི་ནི་
    >>I think this is also
    >>我觉得这也是,/
  • >>བོད་ཀྱི་རིག་གནས་ཁྲོད་ཀྱི་ལྟ་གྲུབ་གཙོ་བོ་ཞིག་ཀྱང་རེད།
    >>one very important thing in Tibetan culture,
    >>藏文化里的非常重要的一点,/
  • >>གཞན་གྱི་མི་ཚེའི་མྱོང་བ་དཔེ་རུ་བླངས་ནས་
    >>is to take others' experiences as lessons.
    >>就是把别人的经验作为一种借鉴,/
  • >>རང་ཉིད་ཀྱི་མྱོང་བ་ཐ་དག་ཀྱང་གཞན་ལ་བརྗོད་དེ།
    >>Can tell your experiences to others.
    >>能够把自己走的弯路指给其他人。
  • >>གཞན་གྱི་མི་ཚེའི་ལམ་ཁར་ནོར་འཛོལ་མི་འབྱུང་བར་བྱེད་པ་དང་།
    >>so that other people will have fewer difficulties,
    >>让其他人不要再走这么多弯路,/
  • >>ཡང་ན་ཐབས་ལམ་གསར་བ་དང་
    >>or some other methods,
    >>或者是有什么捷径,/
  • >>བྱེད་ཐབས་གསར་བ་མི་གཞན་ལ་ངོ་སྤྲོད་བྱེད་པ་འདི་ཡང་།
    >>there are some good methods that can be introduced to other people.
    >>有一些好的方式介绍给别人。
  • >>ང་ཚོས་སྒྲུབ་འོས་པའི་བྱ་བ་ཉག་ཅིག་རེད།
    >>This is also one of the things that we should do.
    >>这也是我们应该做的一件事情。
  • >>དེ་བས།
    >>Therefore,
    >>所以,/
  • >>རྩ་བའི་སྟེང་ནས་འདི་ལྟར་ཡོང་བ་ཡིན།
    >>basically I have came through this experience.
    >>基本就是这样的一个过程过来的。
  • >>དེའི་འཕྲོར།
    >>After that,
    >>然后呢,
  • >>ངའི་གཤིས་ཀར་མཚོན་ན་གཞན་དང་མིའ་དྲ་ས་ཞིག་འདུག་པ་ནི།
    >>my personality was different from others even in my youth,
    >>性格上从小就有与众不同,/
  • >>སྒྲུབ་འདོད་པའི་བྱ་བ་དེ་་མཐའ་འཁྱོལ་བར་བྱེད་པ་དེ་ཡིན།
    >>I have been able to keep my thoughts persistent since I was young;
    >>从小就自己的想法能够坚持做的,/
  • >>འདི་ཡང་ངའི་གཤིས་ཀ་རེད།
    >>this kind of personality.
    >>这样的一种性格。
  • >>ང་རང་མཐོ་འབྲིང་སྐབས་སུ་རྩོམ་ཡིག་འབྲི་རྒྱུ་དགའ་ལ།
    >>I liked writing when I was in high school,
    >>我在读高中的时候喜欢写文章,/
  • >>མ་འོངས་པར་རྩོམ་པ་པོ་ཞིག་བྱེད་འདོད་ཡོད།
    >>I would have liked to be a writer.
    >>喜欢当作家。
  • >>དེའི་ཆེད་དུ་ལོ་གཅིག་ལ་སློབ་མཚམས་བཞག་ཏེ་
    >>Later, I took a year off from the school,
    >>然后有一年专门休学,/
  • >>རྩོམ་ཡིག་འབྲི་སྦྱོང་ཕྱོགས་ལ་སློབ་སྦྱོང་བྱས་པ་ཡིན།
    >>and went to study writing.
    >>去学习写作。
  • >>རྗེས་སུ།
    >>Afterward,
    >>后来,/
  • >>སློབ་གྲྭའི་སློབ་སྦྱོང་གལ་ཆེ་བ་མཐོང་ནས་ཕྱིར་ལོག་པ་ཡིན།
    >>because I had to go to back to school.
    >>因为这个还是需要回来学习。
  • >>སྐབས་དེར་ཁྱིམ་ཚང་དང་སློབ་གྲྭ།
    >>at home or at school during that time,
    >>那时候家里头呀、学校呀、
  • >>དགེ་རྒན་ཚང་མས་ངའི་བྱེད་སྟངས་ལ་རྒྱབ་སྐྱོར་མི་འདུག
    >>teachers opposed this idea [to be an author].
    >>老师都可能反对这样做。
  • >>ཡིན་ཡང་ཕྱིར་འདང་རེ་བྱས་ཚེ།
    >>But when I think about it now,
    >>但是我觉得现在想起来,/
  • >>ལོ་དེར་ང་ལ་སྦྱོང་བརྡར་ཆེན་པོ་ཞིག་ཐོབ་སོང་།
    >>there were many exercises for me that year.
    >>那一年对自己的锻炼非常多。
  • >>ཁྱེད་ཀྱིས་བཤད་པ་བཞིན་སྔར་གྱི་ལས་གནས་བཟང་ལ།
    >>It is good to be a government official.
    >>你说做干部好好的。
  • >>མདུན་ལམ་ཀྱང་ལེགས་པོ་འདུག
    >>The future career [trajectory] is also very good.
    >>而且是以后的前途都非常好。
  • >>ཡིན་ཡང་ངས་སྔར་བཞིན་རང་གི་སྒྲུབ་འདོད་པ་དེ་སྒྲུབ་འདོད།
    >>But I wanted to do what I want.
    >>但是呢我想做自己想做的事情,/
  • >>དཔེར་ན།
    >>For example,
    >>比如说,/
  • >>ཡུལ་སྐོར་རིག་གནས་ཕྱོགས་ཀྱི་ཁེ་ལས་དང་།
    >>a business focused on cultural tourism.
    >>旅游文化这方面的一些企业呀,/
  • >>བློ་ཐག་རྦད་ཆོད་ཀྱིས་ཚོང་ལས་གཉེར་འདོད་པ་ཡིན།
    >>I started my business decisively,
    >>毅然决然地下海,/
  • >>མི་མང་པོ་ཞིག་ངའི་བྱེད་སྟངས་འདི་ལ་འཐད་པ་མི་འདུག
    >>many people didn't understand it.
    >>那也很多人不理解。
  • >>ཚོང་ལས་གཉེར་བའི་བརྒྱུད་རིམ་ཁྲོད་དུའང་
    >>Afterward, in the process of doing business,
    >>然后做生意的过程当中,/
  • >>སྒོར་མོ་ཁོ་ན་བསམ་ནས།
    >>not looking solely for
    >>又不是完全去寻找,/
  • >>དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་སྙེགས་པ་ཞིག་མིན་པར།
    >>things that can earn money.
    >>经济效益特别好的一些东西。
  • >>རང་གིས་སྒྲུབ་འདོད་པ་དང་།
    >>Do something unpopular,
    >>做一些比较冷门的,/
  • >>མ་འཇོག་བྱེད་འོས་པ།
    >>things that can be invested,
    >>做一些畅想投资的,/
  • >>དཀའ་ཚེགས་ཆེ་བའི་བྱ་བ་རྣམས་རང་གིས་དང་དུ་བླངས་པ་ཡིན།
    >>Do some hard jobs.
    >>过着比较辛苦的工作。
  • >>དེ་བས།
    >>Therefore,
    >>所以呢,/
  • >>རང་གི་གཤིས་ཀའི་ཕྱོགས་ལ་བསམ་ཚེ།
    >>when I think about my personality,
    >>想起来可能自己的性格上
  • >>ནམ་ཡང་རྒྱུན་འཁྱོངས་བྱེད་པའི་བཟང་ཆ་འདུག་ལ།
    >>some kind of perseverance,
    >>有一种执着的一个优势,/
  • >>གཞན་ཡང་ཨུ་ཚུགས་ཀྱི་ཆ་དང་
    >>of course, the other side is stubborn,
    >>当然另一方面可能是变成固执了,/
  • >>སྐྱོན་ཡང་འདུག
    >>not realistic,
    >>不是那么实务,/
  • >>འདི་ལྟར་ཁེ་གྱོང་མཉམ་གནས་ཀྱི་བྱ་བ་དག་སྒྲུབ་པ་ཡིན།
    >>acompanying these pros and cons.
    >>有这些利弊相伴的东西。
  • >>ཡིན་ཡང་ལོ་འདི་དག་གི་བྱ་བར་སྤྱི་སྡོམ་རེ་བྱས་ཚེ།
    >>But after many years,
    >>但是现在这么多年下来以后呢,/
  • >>རང་གིས་སྒྲུབ་འདོད་པའི་བྱ་བ་འདི་དག་ལས་
    >>I think when I did something that I wanted to do,
    >>觉得做了自己想做的事情,/
  • >>ད་གཟོད་རང་བརྩི་དང་
    >>there is self-esteem in there,
    >>这里头有自尊,/
  • >>རང་དབང་།
    >>there is freedom,
    >>有自由,/
  • >>རང་གཅེས་སོགས་རྙེད་ཐུབ།
    >>there is self-reliance.
    >>有自强。
  • >>ངས་བསམ་ན་སྤྱིའི་ཆ་ནས་
    >>I think, in general,
    >>我觉得总体来讲,/
  • >>རང་ལ་ཐོབ་སྐར་ཞིག་འགོད་པའི་དབང་དུ་བཏང་ན།
    >>If I grade myself,
    >>要是给自己打分的话,/
  • >>རང་ལ་སྐར་མ་བརྒྱད་ཅུ་ཡས་མས་བཀོད་ཆོག
    >>it should be around eighty,
    >>应该是在八十分左右,/
  • >>འདི་ཙམ་གྱིས་ཡིད་ཚིམས་པ་ཡིན།
    >>Relatively speaking I am satisfied.
    >>相对来说比较满意。
  • >>བྱ་བའི་བརྒྱུད་རིམ་ཁྲོད་དུ་ཡང་།
    >>What I got from the process is
    >>过程当中也得到了
  • >>མི་གང་མང་ཞིག་གི་རོགས་རམ་ཐོབ་མྱོང་།
    >>help of the people who are from different fields,
    >>很多方面的人士的帮助,/
  • >>དེའི་ཁྲོད་དུ་ཁྱིམ་མི་ཚོའི་རྒྱབ་སྐྱོར་ཡང་ཡོད།
    >>including the family's understanding and support.
    >>包括家人的理解和支持。
  • >>ཁྱེད་ཀྱིས་ཁེ་ལས་གཉེར་བའམ།
    >>If you do business,
    >>你要是做企业也好,/
  • >>ཡང་ན་བྱ་བ་གཞན་གང་སྒྲུབ་ཀྱང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མེད་ཚེ།
    >>without support from the society, your work
    >>做工作也好没有社会的支持,/
  • >>ཁྱེད་ཀྱི་ལས་དོན་ལ་མདུན་ལྗོངས་ཡག་པོ་མེད།
    >>certainly cannot be accomplished.
    >>肯定做不了的。
  • >>རང་གི་དགེ་རྒན་དང་
    >>My own teacher,
    >>自己的老师,
  • >>ང་ཚོའི་ལས་བཟོ་བ།
    >>including our staff members,
    >>包括我们的员工,/
  • >>རྩ་འཛུགས་ཚོགས་པ་སོགས།
    >>this group,
    >>这个团队,/
  • >>ཚང་མས་གཅིག་སེམས་གཅིག་ལ་གཏད་དེ།
    >>this kind of help from and to each other,
    >>大家这种肝胆相照,/
  • >>མཉམ་དུ་བྱ་བར་ཧུར་བརྩོན་བྱས་ཏེ་འོངས་པ་ཡིན།
    >>work hard together,
    >>一块儿努力工作,/
  • >>ད་ལྟའི་གྲུབ་འབྲས་ཡོད་ཚད་ནི་ང་ཚོ་ཐུན་མོང་ལ་དབང་བ་ཡིན།
    >>it is a common result if there is any,
    >>如果有成绩的话是共同的,/
  • >>འདི་ནི་ཚང་མས་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་རེད།
    >>it is the result of common effort.
    >>大家努力的结果。
  • >>དེ་བས།
    >>Therefore,
    >>所以呢,/
  • >>ཁྱེད་ཀྱིས་ང་ལ་འདྲི་བཞིན་པའི་ངའི་རྩ་བའི་ངོ་སྤྲོད་དང་།
    >>if you ask me about my basic profile,
    >>您要问我的基本的简历呀,/
  • >>ཡང་ན་མི་ཚེའི་བརྒྱུད་རིམ་ནི་
    >>or an introduction,
    >>或者是简介呢,/
  • >>འདི་ལྟ་བུ་ཡིན།
    >>it is this.
    >>就是这样子。
  • >>ད་ལྟར་མཚོན་ན།
    >>Now,
    >>现在呢,/
  • >>ང་ཚོ་ལྷ་མོ་རྩེ་ཡུལ་སྐོར་གསར་སྤེལ་སྤྱི་གཉེར་ཁང་ནི་
    >>actually our Paomashan tourism company is
    >>实际上我们跑马山旅游开发公司呢,/
  • >>དམངས་སྒྲུབ་ཁེ་ལས་ཤིག་ཡིན།
    >>a private enterprise.
    >>是一个民营企业。
  • >>སྤྱི་གཉེར་ཁང་འདིའི་ལས་སྒྲུབ་གཙོ་བོ་ནི།
    >>The focus of this company is
    >>这个公司的重点呢,/
  • >>གཅིག་ནི་
    >>singular, to build
    >>一个是建设打造,/
  • >>དར་མདོའི་མཛའ་གཞས་ཁྲོད་ཀྱི་གཞས་ཚིག་ཅིག་སྟེ།
    >>the first sentence from famous Kangding love song,
    >>著名的康定情歌里面的第一句,/
  • >>ལྷ་མོ་རྩེ་ཡི་ལ་སྟེང་ན་ཞེས་པའི་
    >>"Horse running on the hill,"
    >>“跑马溜溜的山上”
  • >>ལྷ་མོ་རྩེའི་ཡུལ་སྐོར་ལྗོངས་གནས་འཛུགས་སྐྲུན་བྱེད་པ་དེ་ཡིན།
    >>this Paomashan tourism site.
    >>这个跑马山风景区。
  • >>འདི་ནི་སྤྱི་གཉེར་ཁང་གི་ལས་འགན་གཙོ་བོ་ཡིན།
    >>This company's focus and main business.
    >>这是公司的重点也是主业。
  • >>དེ་ན་དར་མདོའི་མཛའ་གཞས་རང་སྟེང་ལ་མཚོན་ན།
    >>Kangding love song,
    >>那么康定情歌本身呢,/
  • >>འཛམ་གླིང་སྟེང་སྐད་གྲགས་ཆོད་ཡོད།
    >>well-known to the world.
    >>世界上非常知名。
  • >>ཡིན་ཡང་མཛའ་གཞས་འདིའི་གོ་བ་ལེན་སྟངས་ཐད་ནས།
    >>But this 'love' means,
    >>但是这个“情”本身的理解呢,/
  • >>མི་སུམ་ཅུ་བསམ་པ་སུམ་ཅུའི་དཔེ་ལྟ་བུ་རེད།
    >>See you.
    >>也是见仁见智。
  • >>དུས་མཚུངས་སུ་ལྷ་མོ་རྩེ་ལ་མཚོན་ན།
    >>At the same time, this Paomashan,
    >>同时呢、跑马山这个呢,/
  • >>ང་ཚོས་ཀྱང་རྒྱུས་ལོན་གང་མང་བྱས་མྱོང་།
    >>We communicate through this opportunity.
    >>借这个机会我们也沟通一下。
  • >>རྒྱའི་རིག་གནས་ཀྱིས་ཤན་ཆེ་བའི་མི་དག་གིས།
    >>Many people who have a Chinese cultural background,
    >>很多汉文化背景的人,/
  • >>གཞས་ཚིག་གི་ངོས་རྐྱང་རྐྱང་ནས་གོ་བ་བླངས་ཏེ།
    >>in a literal sense,
    >>从字面意义上了解的话,/
  • >>ལྷ་མོ་རྩེ་ནི་འདོ་རིགས་རྟ་ཡིས་བང་རྩལ་འགྲན་ཞིང་།
    >>it is like a galloping horse
    >>好像它是一个纵马驰骋,/
  • >>མུ་མཐའ་མི་མངོན་པའི་ཡངས་པའི་རྩྭ་ཐང་།
    >>in a broad and boundless grassland.
    >>辽阔无边的这样一个大草原。
  • >>ད་དུང་ཁམས་པའི་ཕོ་གསར་གྱིས་གཞས་གཏོང་ཞིང་།
    >>Also, Khampa men are singing there,
    >>还有康巴汉子在那边歌唱,/
  • >>མོ་གསར་ཚོས་བྲོ་འཁྲབ་པའི་སྣང་བརྙན་ཞིག་ལ་བསམ་བློ་གཏོང་ངེས།
    >> beautiful Kham girls are singing and dancing there.
    >>康巴美女在那边载歌载舞。
  • >>དོན་དངོས་ཐོག་དེ་འདྲ་རྩ་བ་ནས་མིན།
    >>Actually it is not like this,
    >>事实上不完全是这样子,/
  • >>རྟ་རྒྱུགས་རྒྱུ་ཡོད་དམ་ཞེ་ན།
    >>Are they riding horses?
    >>有没有骑马?
  • >>རྟ་རྒྱུགས་ནི་འདུག
    >>Certainly they are riding horses,
    >>当然有骑马,/
  • >>ལོ་རྒྱུས་ཡིག་ཚང་སོགས་སུའང་།
    >>because in history,
    >>因为在历史上呢,/
  • >>རྟར་ཞོན་ནས་གནས་རི་ལ་བསྐོར་བ་བྱེད་པའི་ལོ་རྒྱུས་འདུག
    >>there is history for circling the mountain on horseback.
    >>骑马转山这个历史是有的。
  • >>དཔེར་ན། མིང་ཀྲང་སྐབས་ཀྱི་ཐུའུ་སི་སོགས་ཀྱིས་
    >>For example, such as when chieftain Mingzheng,
    >>比如、明正土司呀这些,/
  • >>བྱ་འགུལ་འདིའི་རིགས་སྤེལ་བ་ཡིན།
    >>organized this kind of activity in the past.
    >>过去办一些这样的活动。
  • >>ད་ལྟའི་དུས་ཡང་རྟར་ཞོན་ནས་གནས་རི་སྐོར་བའི་
    >>From the current Wachanggou,
    >>从现在的瓦厂沟里,/
  • >>བྱ་འགུལ་འདི་མ་ཉམས་པར་གནས་ཡོད།
    >>there is still this kind of horse riding.
    >>骑马上去的这种还是有。
  • >>གཞན་ད་དུང་གཞི་འཛིན་ས་གཙོ་བོ་ཞིག་ཡོད་པ་ནི་
    >>But there is a more reliable way
    >>但是还有一种更可靠的
  • >>རིག་གནས་ཀྱི་རྒྱབ་ལྗོངས་རེད།
    >>one is cultural background.
    >>一种就是文化背景。
  • >>རྒྱ་སྐད་ཀྱི་ཕའོ་མཱ་ཞེས་པའི་ཡིག་འབྲི་འདི་གཉིས་ནི།
    >>These two words of horse running,
    >>它这个跑马这两个字呢,/
  • >>བོད་སྐད་ཀྱི་ཕག་མོ་ཞེས་པའི་དོན་རེད།
    >>We say Pagmo,
    >>我们说“帕姆”,/
  • >>ཡང་བཤད་ན་ཕག་མོའི་སྒྲ་སྒྱུར་རེད།
    >>translation of Pagmo.
    >>“帕姆”的音译。
  • >>ཕག་མོ་ཞེས་པའི་མིང་ཧྲིལ་པོ་ནི་
    >>So what is the full name of Pagmo?
    >>那么“帕姆”的全曾是什么呢?
  • >>རྡོ་རྗེ་ཕག་མོ་ཡིན།
    >>It's Dorje Pagmo.
    >>“多吉帕姆”,/
  • >>རྒྱ་སྐད་ཀྱི་“ཅིན་ཀང་ཧན་མུའུ་”ཞེས་འབོད་བཞིན་འདུག
    >>We call her Jingang Haimu in Chinese.
    >>汉语里头我们叫“金刚亥姆”。
  • >>རྡོ་རྗེ་ཕག་མོ་ཡི་གནས་རིའམ།
    >>Mountain in the Dorje Pagmo realms,
    >>“多吉帕姆耶馁日”,/
  • >>ཡང་ན་ཕག་མོ་རི།
    >>Pagmo Mountain.
    >>就是帕姆仙山。
  • >>དེ་བས་མི་ལ་ལས་ལྷ་མོ་རྩེ་ཞེས་འབོད་བཞིན་འདུག
    >>So some people call it Lhamotse,
    >>所以有些人也叫它“拉姆则”,/
  • >>ནང་དོན་ནི་ལྷ་མོའི་གནས་རི་ཞེས་པའི་དོན་རེད།
    >>It is goddess mountain.
    >>就是仙女山。
  • >>འདིར་བརྗོད་པའི་ལྷ་མོ་ནི་རྡོ་རྗེ་ཕག་མོ་ལ་གོ
    >>The goddess is Dorje Pagmo,
    >>这个仙女是“多吉帕姆”,/
  • >>འདི་ལྟར་སྒྲ་ཟུར་ཆག་ནས་བྱུང་བ་ཡིན།
    >>It is transliterated this way.
    >>这样的一个音译过来的。
  • >>དུས་མཚུངས་སུ།
    >>At the same time,
    >>同时呢,/
  • >>ལྷ་མོ་རྩེ་རུ་ཐུན་མོང་མ་ཡིན་པའི་
    >>it is very important as the
    >>它有一个非常重要的,/
  • >>དམངས་སྲོལ་དུས་ཆེན་གལ་ཆེན་ཞིག་འདུག་པ་ནི།
    >>main location of folk festival
    >>民俗节庆的主要的一个场所,/
  • >>དར་མདོའི་ཟླ་བཞི་བའི་ཚེས་བརྒྱད་ཉིན་གྱི་གནས་སྐོར་དུས་ཆེན་ཡིན།
    >>a mountain turning festival in Kangding on April 8th.
    >>就是康定的四月八号转山会。
  • >>དེ་ནི་རྒྱལ་ཁབ་རིམ་པའི་དམངས་སྲོལ་དུས་ཆེན་ཞིག་ཡིན།
    >>This folk festival is a country level event.
    >>这个是国家级的一个民俗节庆活动。
  • >>དར་མདོའི་ཟླ་བཞི་བའི་ཚེས་བརྒྱད་ཉིན་གྱི་གནས་སྐོར་དུས་ཆེན་དེ་
    >>So the mountain turning event in Kangding on April 8th is
    >>那么康定的四月八转山会呢,/
  • >>ཚང་མས་ཤེས་གསལ་ལྟར་དོན་དངོས་ཐོག
    >>actually we all know.
    >>实际上我们都知道。
  • >>ལུགས་རྙིང་གི་བཞི་བའི་ཚེས་བརྒྱད་ནི་བདག་ཅག་གི་སྟོན་པ་སྟེ།
    >>April 8th of lunar month is Buddha or
    >>农历的四月八号是佛祖
  • >>སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པའི་ཉིན་མོ་རེད།
    >>Sakyamuni Buddha's birth date.
    >>释迦牟尼佛的诞辰日。
  • >>དེ་བས་ཉིན་དེར་ཚང་མས་ཕྱག་འཚལ་བ་དང་
    >>So people go worship buddhas on this day,
    >>所以这一天人们都去朝山拜佛、
  • >>གནས་སྐོར་ལ་འགྲོ་བའི་སྲོལ་རྒྱུན་འདུག
    >>and circumambulate the mountain.
    >>转山。
  • >>དེའི་སྟབས་ཀྱིས་
    >>Therefore,
    >>所以呢,/
  • >>དད་མོས་དང་མཛའ་གཞས་གཉིས་ཟུང་དུ་སྦྲེལ་ཏེ་
    >>together with this holy mountain and love mountain
    >>这个神山、情山相连形成了一个
  • >>ད་ལྟའི་ཐུན་མོང་མ་ཡིན་པའི་ལྷ་མོ་རྩེའི་མཛེས་སྡུག་གྲུབ་པ་ཡིན།
    >>created this Paomashan with unique culture charm.
    >>现在的独具文化魅力的跑马山。
  • >>དེ་བས་ང་ཚོས་
    >>Hence we mainly
    >>所以我们主要是,/
  • >>བརྗོད་གཞི་འདི་གཙོར་བཟུང་ནས་ལྗོངས་ཁུལ་འཛུགས་སྐྲུན་དང་།
    >>focus on this theme and promote this place for tourism.
    >>围绕这么一个主题做这个景区。
  • >>ལྗོངས་ཁུལ་གསར་སྤེལ་བྱེད་པ་ཡིན།
    >>One focus is the development of scenic spot.
    >>景区的开发这是一个重点,/
  • >>ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་དུས་མཚུངས་སུ།
    >>At the same time we are developing this scenic area.
    >>同时呢、景区开发我们正造
  • >>ཡུལ་སྐོར་ལྗོངས་རྒྱུ་ཞིག་ལ་མཚོན་ན།
    >>This tour has many elements,
    >>它这个旅游呢、有很多要素,/
  • >>ཡུལ་སྐོར་བའི་འདོད་བློ་ཚིམས་རྒྱུ་ནི་གཙོ་བོ་རེད།
    >>and we have to satisfy the customers.
    >>需要满足让客人满意。
  • >>དེ་བས་ང་ཚོས་ཟ་མ་དང་སྡོད་གནས། འགྲོ་སྐྱོད།
    >>we say food, logistic, transportation,
    >>我们说吃、住、行、
  • >>ལྗོངས་རྒྱུ། ཉོ་སྒྲུབ། སྤྲོ་སྐྱིད།
    >>tour, shopping, and entertainment.
    >>游、购、娱。
  • >>གཞན་ད་དུང་ཉེན་སྲུང་དང་འཕྲིན་སྐྱེལ།
    >>Now including insurance and communication,
    >>现在加上保险、通讯、
  • >>བདེ་འཇགས་དང་ཆ་འཕྲིན་སོགས་
    >>safety, information, and so forth;
    >>安全、信息等等,/
  • >>མདོར་ན་མཐུན་རྐྱེན་དགུ་ནས་བཅུ་ལྷག་འདོན་སྤྲོད་བྱས་ཡོད།
    >>probably nine or ten main elements.
    >>那可能是九大要素、十大要素。
  • >>སྤྱིར་ང་ཚོ་ཡུལ་སྐོར་ལྗོངས་ཁུལ་ལ་
    >>Our tourism spot among these
    >>这个里头我们景点和景区
  • >>རང་སྟེང་གི་རིག་གནས་དང་ཚོང་རྟགས་བཟང་བ་དང་
    >>is good cultural content and good brand,
    >>本身的文化内容好、品牌好、
  • >>ས་བབ་ཀྱི་བཀོད་པ་ངོ་མཚར་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡང་།
    >>and a good location.
    >>区位优势好。
  • >>ལས་རིགས་འདི་ལ་ད་དུང་ཞབས་ཞུའི་རྣམ་གྲངས་གང་མང་དགོས་པས།
    >>But this needs functional service.
    >>但是它这个里面还需要功能服务,/
  • >>མིག་སྔར་ང་ཚོས་སྒྲུབ་བཞིན་པ་ནི་
    >>So what we are doing so far
    >>所以目前我们做的是,/
  • >>ལྷ་མོ་རྩེ་ལྗོངས་ཁུལ་གྱི་ཞབས་ཞུའི་རྣམ་གྲངས་གསར་བ་ཞིག་སྟེ།
    >>is one package with Paomashan tourism.
    >>跑马山景区配套的一个叫
  • >>དར་མདོའི་བག་ཆགས་ཀྱི་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ཡིན།
    >>Development of the Kangding Impression's Tourism Commercial Commission Project.
    >>康定印象的旅游商业提成项目的开发。
  • >>ཅིའི་ཕྱིར་དར་མདོའི་བག་ཆགས་ཟེར་དགོས་པ་ཡིན་ཞེ་ན།
    >>Why it is named "Dardo Bagchag" Kangding Impression?
    >>为什么叫康定印象呢?“打多巴恰”是吧,/
  • >>དབྱིན་ཇིའི་སྐད་དུ་impression་ཟེར་བ་རེད།
    >>We call that impression in English.
    >>在英语里面我们说impression/
  • >>དར་མདོའི་བག་ཆགས
    >>Kangding Impression。/
    >>康定印象。/
  • >>གནས་འདིར་སླེབས་པའི་ཡུལ་སྐོར་བ་གང་མང་ཞིག་ལ།
    >>After people came,
    >>就是让人们来了以后呢,/
  • >>དར་མདོའི་མཛའ་གཞས་དང་
    >>because of Kingding Love Song and
    >>康定因为康定情歌和
  • >>ཐུན་མོང་མ་ཡིན་པའི་རིག་གནས་སྣ་མང་རང་བཞིན་གྱིས་
    >>its unique inclusiveness and multiculture,
    >>它独特的包容性、多元文化,/
  • >>བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྦྱིན་བཞིན་ཡོད།
    >>people were yearning to experience it.
    >>让人们对它向往。
  • >>ཡིན་ཡང་ང་ཚོའི་
    >>But sometimes
    >>但是我们有时候
  • >>གནས་འདིའི་འཛུགས་སྐྲུན་བཟོ་བཀོད་ཐད་ཀྱི་
    >>its architectural style
    >>对建筑的风格呀那些
  • >>ཁྱད་ཆོས་འབུར་དུ་ཐོན་མེད་པ་དང་།
    >>was probably not particularly remarkable;
    >>可能还不是那么突出,/
  • >>མི་རིགས་རིག་གནས་ཀྱི་ཁྱད་ཆོས་གང་ཡང་མཚོན་ཐུབ་མེད།
    >>the architecture was nothing special.
    >>没有有特别性的建筑。
  • >>དེ་བས་ང་ཚོས་འཛུགས་སྐྲུན་བཟོ་བཀོད་ཐད་དུ་ཤུགས་སྣོན་བྱས་པ་ཡིན།
    >>So, one of our main commercial buildings
    >>所以我们其中主要的一栋商业楼,/
  • >>ང་ཚོའི་མདུན་ཕྱོགས་ཀྱི་ཐོག་ཁང་དེ་ནི་དེའི་ཁྲོད་ཀྱི་གཅིག་ཡིན།
    >>is in front of this.
    >>就在这个前面。
  • >>ཐོག་ཁང་གི་ཕྱིའི་རྣམ་པ་ནི་
    >>This whole building
    >>它整个一栋楼就是
  • >>བོད་ཡིག་གི་ཨོཾ་ལས་གྲུབ་པ་ཡིན།
    >>Tibetan character of ཨོཾ.
    >>藏文的字母ཨོཾ。
  • >>ཨོཾ་ཨཱ་ཧཱུྃ་ཁྲོད་ཀྱི་ཨོཾ་རེད།
    >>It's ཨོཾ of ཨོཾ་ཨཱ་ཧཱུྃ
    >>是“唵 啊 吽”里的“唵”,/
  • >>ཡི་གེ་ཨོཾ་ཡིས་ཡང་སྙིང་ཅི་ཞིག་མཚོན་པ་ཡིན་ཞེ་ན།
    >>What does that ཨོཾ mean
    >>那这个“唵”字呢,/
  • >>ཚང་མས་ཤེས་གསལ་ལྟར།
    >>We simply understand,
    >>我们简单的理解为,/
  • >>ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་ཉིང་བཅུད་མཚོན་པ་རེད།
    >>the essence of Eighty-four-thousand law.
    >>八万四千法的一个精髓和精要。
  • >>རིག་གནས་ནི་མ་གཞི་ནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་ཤེས་ཡིན་ལ།
    >>We know that culture is the heart of a travel experience.
    >>那么我们知道文化本身是旅游的灵魂。
  • >>བོད་ཁུལ་ལ་མཚོན་ན།
    >>In Tibetan areas,
    >>那么藏区来讲,/
  • >>ཆོས་འཇིག་རྟེན་གཉིས་ཡང་དེ་བཞིན་རེད།
    >>Dharma and world law are the same.
    >>佛法跟世法是一样的。
  • >>དེ་བས་ཨོཾ་ཡིག་འདི་
    >>So this ཨོཾ
    >>那这个“唵”字呢,/
  • >>འཛུགས་སྐྲུན་གྱི་རྣམ་པ་ཞིག་ཏུ་གྱུར་པ་ལ་བརྟེན་ནས།
    >>when it become architecture,
    >>它变成一个建筑的时候,/
  • >>འཛུགས་སྐྲུན་བཟོ་བཀོད་འདི་ཡང་
    >>This architecture became,
    >>这建筑就成了,/
  • >>འཛམ་གླིང་སྟེང་ཆེས་ཆེ་བའི་མ་ཎི་རྡོ་འབུམ་དུ་གྱུར་ཡོད་ལ།
    >>The biggest Mani stone in the world,
    >>全世界最大的玛尼石,/
  • >>དར་མདོའི་ས་ཁུལ་ལ་མཚོན་ནའང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་
    >>This biggest Mani stone is probably Kangding's iconic
    >>这个最大的玛尼石可能是康定的最标志性的
  • >>མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་ཅིག་ཏུ་གྱུར་ཡོད།
    >>landmark building.
    >>地标性的一个建筑。
  • >>གནས་འདིར་ཕེབས་པའི་ཡུལ་སྐོར་བ་རེ་རེས་
    >>When anybody came,
    >>每个人来了以后呢,/
  • >>འདི་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་
    >>he would think this contains
    >>他就觉得这里头感受了
  • >>བོད་པའི་རིག་གནས་ལ་མྱོང་རོལ་བྱ་ཐུབ།
    >>unique Tibetan culture.
    >>独特的藏族文化。
  • >>དུས་མཚུངས་སུ་དེང་རབས་དང་འཚམ་པའམ་
    >>At the same time it contains
    >>同时有现代的
  • >>ཡང་ན་སྟབས་བདེ་ཡིན་པའི་ལས་རིགས་ཞབས་ཞུ་འདི་དག་གིས་
    >>our convenient business and functional package.
    >>或者说方便的业态和功能配套。
  • >>དར་མདོའི་བག་ཆགས་ལ་གསོན་ཤུགས་སྦྱིན་ཐུབ་པ་མ་ཟད།
    >>So their impression of Kangding will be really good,
    >>那么对康定的印象特别好,/
  • >>དར་མདོའི་སྣ་མང་རིག་གནས་དང་།
    >>It also represents Kangding's multiculturalism,
    >>也能够代表康定的多元文化,/
  • >>ས་གནས་ཀྱི་ཁྱད་ཆོས་ཀྱང་མཚོན་བཞིན་ཡོད།
    >>and geographical characteristics.
    >>地域特征,/
  • >>དེ་བས་ང་ཚོས་དར་མདོའི་བག་ཆགས་ཞེས་བརྗོད་པ་ཡིན།
    >>So we named it Kangding Impression.
    >>所以我们就叫康定印象。
  • >>མིག་སྔར་དར་མདོའི་བག་ཆགས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།
    >>So far we are in the process of building Kangding Impression.
    >>目前正在打造着康定印象。
  • >>དེའི་འཕྲོར།
    >>Since then,
    >>然后呢,/
  • >>ལོ་འདི་གཉིས་ཀྱི་རིང་ལ།
    >>in the past two years,
    >>这前两年,/
  • >>ང་རང་ལ་མཚོན་ནའང་བོད་པ་ཞིག་རེད།
    >>I am a Tibetan,
    >>因为我自己是个藏族人,/
  • >>ལས་རིགས་འཛུགས་གཉེར་བྱས་པའི་ལོ་འདི་དག་ལ།
    >>and after these many years,
    >>那么我们这么多年下来以后呢,/
  • >>རིག་གནས་ལོ་རྒྱུས་ཀྱི་ཞིབ་འཇུག་ཐད་དུ་
    >>many people who did studies about cuture,
    >>很多对文化有研究,/
  • >>རྔུལ་ཁྲག་གང་མང་བཏོན་པའི་མཁས་པ་དག་ལ་མཚོན་ན།
    >>the experts and scholars who gave a hard time,
    >>付出了很多心血的专家学者,/
  • >>ཁོ་ཚོར་ཁོ་ཚོའི་འཇོན་ནུས་དང་ལས་རིགས་ལྡན་པ་རེད།
    >>they have connotation and specialty,
    >>他们有底蕴、有专场,/
  • >>ཡིན་ཡང་དཔལ་འབྱོར་གྱི་ཐད་དུ་དེ་འདྲའི་ཆ་རྐྱེན་མི་འདུག
    >>But probably the economic strength will be weaker./
    >>但是经济实力呀这方面可能弱一些。
  • >>དཔལ་འབྱོར་ལྡན་པའི་ཚོང་བ་དག་ལ་མཚོན་ན།
    >>Some people have good economic strength,
    >>那有些老板呢经济实力可以,/
  • >>རིག་གནས་ཐད་ཀྱི་མྱོང་བ་དང་ལྟ་གྲུབ་ཞན་པ་ཡིན།
    >>but their cultural understanding is not as strong,
    >>但文化的感觉和概念也不是那么强力,/
  • >>དེ་བས་གནས་ཚུལ་འདི་ལྟ་བུའི་སྐབས་སུ་
    >>So under this kind of situation,
    >>所以这样的一个情况下,/
  • >>ང་ནི་ཕྱོགས་གཉིས་བར་གྱི་སྦྲེལ་ཟམ་ལྟ་བུར་གྱུར་འདུག
    >>I am in this middle stage,
    >>我是介于中间的这样一个段,/
  • >>འདི་ལྟར་མི་བྱེད་རང་བྱེད་རེད།
    >>So I have to do,
    >>所以我不做也不行。
  • >>ངའི་བསམ་པར།
    >>I am thinking all the way,
    >>我一直觉得,/
  • >>ལྷ་མོ་རྩེའི་བཞི་བའི་ཚེས་བརྒྱད་ཉིན་གྱི་གནས་སྐོར་་ལས་གཞན།
    >>Beside the April 8th mountain turning festival,
    >>除了跑马山景区四月八转山会、
  • >>ཅིའུ་ལོན་དགོན་དང་།
    >>Jolong Monastery,
    >>九龙浴佛寺、
  • >>བཀྲ་ཤིས་སྒོམ་གླིང་།
    >>Tashi Ling,
    >>吉祥禅院、
  • >>ལིན་དབྱུན་མཆོད་རྟེན་སོགས་
    >>Linyin Stupa,
    >>凌云白塔,/
  • >>བོད་བརྒྱུད་ནང་བསྟན་རིག་གནས་དང་།
    >>Culture of Tibetan Buddhism,
    >>这样一个藏传佛教文化的主线,/
  • >>དེའི་ཁར་མཛའ་གཞས་རིག་གནས་ཏེ།
    >>Plus the culture of love song.
    >>再加上情歌文化。
  • >>དར་མདོའི་ཆིན་ཀོང་མགྲོན་ཁང་ལ་སོགས་
    >>Including Kangding Qinggong Hotel,
    >>包括康定情宫酒店、
  • >>མཛའ་གཞས་དང་འབྲེལ་བའི་རིག་གནས་གཞན་དག་ཀྱང་གཙོ་བོར་མཐོང་།
    >>Including Qing Yong Ci and Love Forest.
    >>包括卿永慈、情女林等等。
  • >>མཛའ་གཞས་རིག་གནས་ཀྱི་བརྗོད་གཞི་ལས་གཞན།
    >>Beside the title of love culture ,
    >>情文化方面的主题以外呢,/
  • >>ད་དུང་གཏིང་ཟབ་ཅིང་བསྡུས་གཟུགས་རང་བཞིན་གྱིས་
    >>[We] still need a deep and concentrated
    >>还需要深度的浓缩版的
  • >>བོད་ཀྱི་རིག་གནས་ངོ་སྤྲོད་བྱེད་པའི་གནས་ཡུལ་ཀྱང་གལ་ཆེ་བར་འདུག
    >>place to introduce Tibetan culture.
    >>介绍藏文化的一个场所。
  • >>ང་ཚོས་ནུས་ཤུགས་གང་ཡོད་ལ་བརྟེན་ནས་
    >>So we spent a lot,
    >>所以我们花了很大的代价,/
  • >>ད་ལྟ་ང་ཚོ་སྡོད་སའི་གནས་འདི་སྐྲུན་པ་ཡིན།
    >>and built this place where we live now.
    >>建成了这一座现在我们所在地方.
  • >>དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་གཏེར་མཛོད་ཁང་།
    >>Ganzi Tibetan Autonomous Prefecture Intangible Cultural Heritage Museum.
    >>甘孜藏族自治州非物质文化遗产博物馆。
  • >>གཏེར་མཛོད་ཁང་འདིའི་ནང་དུ་
    >>In this museum,
    >>那么这个博物馆里头呢,/
  • >>བོད་ཁུལ་གྱི་གྱོན་ཆས་དང་སྡོད་ཁང་།
    >>it exhibits clothing and architecture in Tibetan areas,
    >>藏区的主要的服装、民居,/
  • >>རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་ཡོ་བྱད།
    >>Nomadic and farming related tools.
    >>有关农业和牧业的有些劳动工具。
  • >>མི་རིགས་ཀྱི་ལག་བཟོས་ཐོན་རྫས་ཏེ།
    >>Including many handicrafts,
    >>包括很多民族手工艺,/
  • >>དཔེར་ན་ཨ་ཤག་གི་རྫ་ཆས་དང་
    >>For example, earthenware from Axi,
    >>比如、我们阿西的土陶,/
  • >>རྫོང་སར་ཟངས་ཆས།
    >>Bronzes from Dzongsar and other handicrafts.
    >>宗萨的青铜和其他一些手工艺。
  • >>རྒྱན་སྤྲས་ལག་རྩལ་ཐོན་རྫས།
    >>Including car model technology.
    >>包括一些车模的技术。
  • >>བསླས་འཐག་བཟོ་རྩལ་སོགས་
    >>Including weaving technology...
    >>包括一些编织的技术
  • >>མི་རིགས་ཀྱི་ཤུལ་བཞག་དངོས་རྫས་གང་མང་ཉར་ཡོད།
    >>...all are included in there.
    >>都在里头。
  • >>གཞན་ད་དུང་ཐང་ཀ་སྒྱུ་རྩལ་ཡང་ཡོད།
    >>Plus these tangka,
    >>然后再加上这个唐卡艺术,/
  • >>རྒྱུ་མཚན་ནི་ཀརྨ་བཀའ་རྒྱུད་པའི་ལུགས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན།
    >>because the Karma Kagyu sect is very well-known.
    >>因为噶玛噶举派的这个非常出名。
  • >>མི་ཚང་མས་ཐང་ཀ་སྒྱུ་རྩལ་ལ་སྙན་གྲགས་ལྡན་པ་ཤེས་ཡོད་ཀྱང་།/
    >>People know that tangka are well-known,
    >>大家对唐卡是知道它很有名,
  • >>ཅིའི་ཕྱིར་སྙན་གྲགས་ལྡན་པ་སུས་ཀྱང་ཤེས་ཀྱིན་མེད།
    >>but they don't know why.
    >>但是不知道为什么有名。
  • >>ཐང་ཀ་ནི་འཛམ་གླིང་རི་མོའི་ལུགས་རྒྱུན་ཁྲོད་དུ་
    >>because among all the painting groups in the world,
    >>所以它作为全世界的绘画流派里头,/
  • >>ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་
    >>it is unique,
    >>它是独具特色的,/
  • >>སྒྱུ་རྩལ་མཆོག་ཏུ་གྱུར་བ་ཞིག་རེད།
    >>and very different.
    >>别具一格的。
  • >>ཐད་ཀའི་འབྲི་བཞེངས་ཐད་དུ་རྒྱུ་ཆ་གང་བཀོལ་བ་དང་།
    >>What materials are in there,
    >>这个里头有什么样的材料,/
  • >>བཟོ་རྩལ་ཇི་ལྟ་བུ་ཡིན་པ།
    >>What processes,
    >>什么样的工艺,/
  • >>བྱེད་ཐབས་ག་འདྲ་བཀོལ་བ།
    >>What methods,
    >>什么样的方式方法,/
  • >>ཐང་ཀ་ག་འདྲ་ཞིག་བཞེངས་སྐྲུན་བྱེད་པ།
    >>What kind of products,
    >>这个做成什么样的一个作品,/
  • >>ཐང་ཀའི་ཉོ་འཚོང་བྱེད་སྟངས་
    >>The method of buying this product,
    >>这个作品的购买和迎请的方式,/
  • >>ག་འདྲ་ཡིན་མིན་སོགས་
    >>How is it?
    >>是怎么样的?
  • >>གཏེར་མཛོད་ཁང་འདིའི་ནང་དུ་ངོ་སྤྲོད་གསལ་པོ་བྱས་ཡོད།
    >>It has a detailed introduction.
    >>都有一些详细的介绍。
  • >>དུས་མཚུངས་སུ།
    >>At the same time,
    >>同时,/
  • >>ང་ཚོས་གེ་སར་ཐང་ཀ་སྤྱི་གཉེར་ཁང་དང་མཉམ་སྦྲེལ་སྒོས་
    >>We cooperate with Thousand Gesar Tangka,
    >>我们跟格萨尔千幅唐卡公司合作,/
  • >>གེ་སར་གླིང་སྒྲུང་ལས་
    >>In [the story of] King Gesar,
    >>格萨尔王传里,/
  • >>རྟ་རྒྱུགས་རྒྱལ་འཇོག་གི་ཚན་པའི་ཁྲོད་ཀྱི་
    >> the horse race part,
    >>赛马登位“达居”,/
  • >>ནང་དོན་གཙོ་བོ་ཁག་ཅིག་ཀྱང་།
    >>which is one important part of the book,
    >>这个里面的一部分重要的作品,/
  • >>འདིར་བཤམ་སྟོན་བྱས་ཡོད།
    >>is displayed here.
    >>在这里展出。
  • >>2018ལོར་པེ་ཅིན་གྱི་
    >>In Beijing in 2008,
    >>2008年的时候在北京,/
  • >>ཨོ་ལིན་ཕུག་འགྲན་ཚོགས་སྐབས་སུའང་བཤམ་སྟོན་བྱས་མྱོང་།
    >>it was displayed during the Olympic Games.
    >>奥运会期间也展出,/
  • >>དེ་བས་དངོས་རྫས་འདི་དག་ལ་དོན་སྙིང་ཆེན་པོ་ལྡན་པ་ཡིན།
    >>So it is very precious.
    >>所以应该说非常珍贵的。
  • >>དེའི་འཕྲོར།
    >>In addition,
    >>其次呢,/
  • >>བོད་ཀྱི་གསོ་རིག་དང་
    >>Tibetan medicine,
    >>藏医药,/
  • >>བོད་བརྒྱུད་ནང་བསྟན་སྐོར་གྱི་ནང་དོན་ཡང་ཡོད།
    >>Tibetan Buddhism.
    >>藏传佛教。
  • >>ང་ཚོས་ཡུལ་སྐོར་བ་ལས་གནས་ཚུལ་ཞིག་ཤེས་རྟོགས་བྱུང་བ་ནི།
    >>We can see from here,
    >>我们在这里能看到,/
  • >>ཡུལ་སྐོར་བ་རྣམས་ཀྱིས་
    >>After the tourists came,
    >>游客来了以后,/
  • >>ཆེས་མགྱོགས་པ་དང་
    >>He has a quick
    >>他会有一个快速的、
  • >>ཆེས་གོ་རིམ་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་བྱེད་པ་རེད།
    >>systematic understanding of Tibetan Buddhism.
    >>系统的了解藏传佛教。
  • >>སྒོས་སུ་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་
    >>Especially Tibetan Buddhism
    >>尤其是藏传佛教的
  • >>གྲུབ་མཐའ་ཆེན་པོ་ལྔ་སྟེ།
    >>Five main sects are,
    >>现在的最基本的五大教派,/
  • >>སྔ་མའི་དུས་ཀྱི་སྟོན་པ་གཤེན་རབ་བམ་བོན་ཆོས་དང་།
    >>first, Tonpa Shenrab or Bon.
    >>最初的“敦巴辛饶”,也就是苯教。
  • >>དེ་ནས་རྙིང་མ་བའི་
    >>Then the Nyingma sect,
    >>然后宁玛派,/
  • >>གྲུབ་མཐའ།
    >>or red religion.
    >>也就是红教。
  • >>དེ་ནས་རིམ་བཞིན་དགེ་ལུགས་པ་དང་ས་སྐྱ་བ།
    >>Also included are the Geluk and Sakya traditions,
    >>然后包括黄教、花教、
  • >>ད་དུང་བཀའ་རྒྱུད་པ།
    >>also white religion.
    >>还有白教对吧。
  • >>གཞན་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ།
    >>Some important characters in these,
    >>那么它们里头比较最重要的人物,/
  • >>དཔེར་ན།
    >>for example,
    >>比如说,/
  • >>བདག་ཅག་གི་སངས་རྒྱས་
    >>Certainly is Buddha who is the most important one in our heart,
    >>当然是我们心中最重要的佛陀,/
  • >>སྟོན་པ་ཤཱཀྱ་ཐུབ་པའི་
    >>Sakyamuni Buddha,
    >>释迦摩尼佛祖,/
  • >>མཛད་རྣམ་ངོ་སྤྲོད།
    >>His life and introduction.
    >>他的生平和简介。
  • >>དུས་མཚུངས་སུ།
    >>At the same time,
    >>同时呢,/
  • >>རྙིང་མ་བའི་གུ་རུ་རིན་པོ་ཆེའམ།
    >>Guru Rinpoche,
    >>宁玛派的咕汝仁波切,/
  • >>སློབ་དཔོན་པདྨ་འབྱུང་གནས་ཀྱི་
    >>Lotus Master,
    >>莲花生大师,/
  • >>མཛད་རྣམ་ངོ་སྤྲོད།
    >>his introduction.
    >>他的一些介绍。
  • >>དེའི་འཕྲོར།
    >>Another example,
    >>也有比如说,/
  • >>དགེ་ལུགས་པའི་སྲོལ་འབྱེད་པ་གྲགས་ཅན།
    >>well known representative person of Yellow Sect,
    >>我们黄教的非常著名的代表性人物,/
  • >>རྗེ་བློ་བཟང་གྲགས་པ་སྟེ།
    >>Je Lobsang Drakpa,
    >>杰洛桑智华,/
  • >>ཙོང་ཁ་བ་ཆེན་མོའི་
    >>Tsongkhapa,
    >>宗喀巴大师,/
  • >>མཛད་རྣམ་ངོ་སྤྲོད།
    >>his introduction.
    >>他的一些介绍。
  • >>གཞན་ད་དུང་
    >>There is also
    >>也有我们的
  • >>ས་སྐྱ་བའི་གྲུབ་མཐའི་སྲོལ་འབྱེད་པ་
    >>for example, Sakya tradition,
    >>比如说萨迦派花教的
  • >>ས་སྐྱ་ཀུན་དགའ་སྙིང་པོར་མཚོན་ནའང་
    >>Sakya Kunga Nyingpo,
    >>萨迦贡噶宁波,/
  • >>ཚབ་བྱེད་མི་གཙོ་བོ་ཞིག་རེད།
    >>was one of the key persons.
    >>也算代表人物之一,/
  • >>སྙན་གྲགས་ཀྱང་ཆེན་པོ་འདུག
    >>He was very well-known.
    >>非常著名的。
  • >>དེ་ལས་གཞན་བོན་ཆོས་ཀྱི་མི་སྣ་གཙོ་བོ་སྟེ་
    >>So we add Bon,
    >>那么,我们再加上苯教,/
  • >>སྟོན་པ་གཤེན་རབ་ཀྱི་མཛད་རྣམ་ངོ་སྤྲོད་སོགས་
    >>Tonpa Shenrab,
    >>敦巴辛饶。
  • >>གོ་སྒྲིག་བྱས་ཡོད་པས།
    >>in this case.
    >>这样的话,/
  • >>ཡུལ་སྐོར་བས་གོ་རིམ་ལྡན་པའི་སྒོ་ནས་
    >>When the tourists came, it is systematic,
    >>游客来了以后有系统的
  • >>བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོར་
    >>It is this kind of religion?
    >>原来这是这么一个教派?
  • >>རྒྱུས་ལོན་བྱ་ཐུབ།
    >>He will understand.
    >>他会了解。
  • >>དེང་སང་གི་ན་གཞོན་མང་པོ་དང་
    >>To young people,
    >>对我们很多年轻的人,/
  • >>ཡུལ་སྐོར་བ་མང་པོ་ཞིག་ནི་
    >>many tourists,
    >>很多的游客,/
  • >>དུས་ཚོད་ཐུང་ངུའི་ནང་དུ་ས་གནས་དེའི་རིག་གནས་ལོ་རྒྱུས་ལ་
    >>they can understand quickly.
    >>能够快速的了解。
  • >>རྒྱུས་ལོན་བྱ་རྒྱུ་དགའ་བ་ལས་
    >>because people call it fast food culture now.
    >>因为现在的人叫快餐文化,/
  • >>གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱ་རྒྱུ་སྤྲོ་བ་དེ་འདྲ་མེད།
    >>Many people don't like to study.
    >>很多人都不喜欢潜心的下来研究。
  • >>དེ་བས་མགྱོགས་མྱུར་ངང་མྱོང་རོལ་དང་
    >>All prefer to do a quick review,
    >>都喜欢快速的看,/
  • >>རྒྱུས་ལོན་བྱ་རྒྱུ་ནི་ཁོ་ཚོའི་དམིགས་ཡུལ་རེད།
    >>and digest it quickly.
    >>快速的消化。
  • >>ང་ཚོར་ཡང་བྱེད་ཐབས་འདི་ལས་གཞན་མི་འདུག
    >>So no way for us too.
    >>所以我们也没有办法。
  • >>ཡིན་ཡང་བྱེད་ཐབས་འདི་དག་ལ་
    >>But this kind of method,
    >>但是这种方式方法,/
  • >>མིག་སྔའི་གནས་ཚུལ་ལ་བལྟས་འོངས་ན།
    >>Right now,
    >>现在看来呢?/
  • >>ཕན་འབྲས་ཆེན་པོ་འདུག
    >>has a very good effect.
    >>效果非常好。
  • >>ཡུལ་སྐོར་བ་དག་གིས་གཏེར་མཛོད་ཁང་བརྒྱུད་དེ།
    >>After the tourists come,
    >>游客来了以后呢,/
  • >>བོད་ཀྱི་རིག་གནས་ལ་ངོས་ཟིན་གསར་བ་ཞིག་རྙེད་ཐུབ་པ་དང་།
    >>many people will have a new understanding for Tibetan culture.
    >>很多人对藏文化有崭新的认识。
  • >>དུས་མཚུངས་སུ།
    >>At the same time,
    >>同时呢,/
  • >>བརྒྱུད་རིམ་འདིའི་ཁྲོད་དུ་ང་ཚོས་
    >>during this process,
    >>我们在这个过程当中,/
  • >>ང་ཚོར་ཆེས་མཁོ་གལ་ཆེ་བ་དང་
    >>be aware of our
    >>也意识到我们正真的
  • >>ཆེས་རིན་ཐང་ལྡན་པའི་དངོས་པོ་དེ་ནི་
    >>core values of
    >>具有核心价值的
  • >>རིག་གནས་ཡིན་པ་གཞི་ནས་ཚོར་བྱུང་།
    >>maintaining the culture itself.
    >>还是文化本身。
  • >>དེ་བས་ང་དང་ངའི་ཚོགས་པས་
    >>Basically me and my group
    >>所以基本上我和我的团队
  • >>ལྷ་མོ་རྩེ་དཀྱིལ་སྙིང་དུ་འཛིན་པ་དང་།
    >>around this Paomashan,
    >>就是围绕着跑马山,/
  • >>བོད་ཀྱི་རིག་གནས་དང་
    >>around Tibetan culture,
    >>围绕着藏文化、
  • >>དར་མདོའི་མཛའ་གཞས་རིག་གནས་དཀྱིལ་སྙིང་དུ་བཟུང་ནས།
    >>Kangding Love Song culture,
    >>康定情歌文化,/
  • >>རང་ནུས་ཅི་ལྕོགས་ཀྱིས་ཡུལ་སྐོར་ལས་རིགས་གསར་སྤེལ་དང་
    >>we promote tourism development as we can,
    >>力所能及的做一点旅游开发,/
  • >>རིག་གནས་གསར་སྤེལ་ཕྱོགས་ཀྱི་ལས་རིགས་འདི་གཉེར་བཞིན་ཡོད།
    >>and culture development.
    >>文化开发这样的一些事业。
  • >>འདི་ནི་ངའི་ད་ལྟའི་བྱ་བ་ཡིན།
    >>These are my main activities right now.
    >>这就是现在的我们的工作,/
  • >>ངའི་གནས་ཚུལ་མདོར་བསྡུས་ནི་འདི་ཙམ་ཡིན།
    >>This is the basic situation.
    >>简要的就是这么个情况。