Skip to main content Skip to search
20 Sep 2012
14 min 47 sec
Otto Wendekar
Video Overview
Creators: 
Unknown

An interview with Tibetan social entrepreneur Pema Dorje about his life and work. Filmed in Gyalthang in the summer of 2011 as part of the UVa Tibetan Education to Employment Initiative.

བཅར་འདྲི་ནི་བོད་ཀྱི་ཚོང་པ་གྲགས་ཆེན་པདྨ་རྡོ་རྗེ་ཀྱི་མི་ཚེའི་སྐོར་གླེང་བ་སྟེ། ཁོང་ཉིད་ཀྱི་ཕུལ་བྱུང་གི་ཚོང་ལས་གཉེར་སྟངས་དང་མང་ཚོགས་ལ་སློབ་སྲོལ་གྱི་ཐད་ནས་མཐུན་རྐྱེན་བསྐྲུན་ཚུལ་སོགས་གླེང་འདུག བརྙན་འདི་ནི ༢༠༡༡ ལོར་རྒྱལ་ཐང་ནས་ཕབས་པ།

Transcript search
No results found for this search
0 of 0
  • པདྨ་རྡོ་རྗེ། Pema Dorjee
    ངས་བསམ་ན་ང་རང་ཉིད་ལ་ཇེ་གསལ་དང་ཇེ་གསལ་རེད།/
    I think I am more and more clear,/
    >>白玛多吉:我觉得我现在越来越明确,/
  • >>ང་རང་ཉིད་ལ་མཚོན་ན། ངས་བསམ་ན་ངས་སྔོན་ཆད་བཤད་པའི་ཟམ་པ་བྱེད་འདོད་པ་དེ་ཅུང་རབ་རིབ་རེད།/
    >>To me, I think before, when I wanted to be a bridge, it was something vague./
    >>对自己来说,我觉得以前所说的我要作桥梁是比较模糊的。/
  • >>ངས་མི་རིགས་འདིའི་ངོ་མཚར་བའི་ཆ་མང་པོ་ཞིག་ཕྱིར་བསྟན་ན་འདོད།/
    >>I think this ethnic group has many amazing things that can be shared./
    >>我只是觉得这个民族有很多精彩的东西都传递出去。/
  • >>མི་སྔར་ལས་མང་བ་ཞིག་ལ་འདི་དང་ལེན་བྱེད་དུ་འཇུག་པ། འདི་ལ་རྒྱུས་ལོན་བྱེད་དུ་འཇུག་པ།/
    >>Let many people [come] to accept it. Know this thing./
    >>让更多的人都去接受这个东西。了解这个东西。/
  • >>ཡིན་ཡང་ད་ལྟ་ང་རང་སད་ཡོད།/
    >>But now I am very clear./
    >>可是现在我已经很清醒了。/
  • >>མི་རིགས་འདིའི་རིག་གནས་ཀྱི་ཆེས་ངོ་མཚར་བའི་ཆ་དེ་གང་རེད་ཟེར་ན།/
    >>Actually, what is the most amazing part of this culture?/
    >>其实这个民族的文化最精彩的东西是什么呢?/
  • >>བོད་བརྒྱུད་ནང་བསྟན་རེད།/
    >>Tibetan Buddhism./
    >>藏传佛教。/
  • >>ངས་ཀྱང་རིམ་བཞིན་འདི་ལ་སློབ་སྦྱོང་བྱེད་བཞིན་ཡོད།/
    >>I am learning this./
    >>而且我自己在慢慢地学习这个东西。/
  • >>ང་ལ་ཐོབ་བྱས་མི་དམན་པ་ཞིག་འདུག/
    >>I think what I got is not small./
    >>我感觉收获不小。/
  • >>ལོ་འདི་དག་གི་རིང་ལ་ང་རང་ཉིད་ལ་མཚོན་ན། རང་ཉིད་ལ་རོགས་རམ་ལེགས་པོ་བྱེད་ཐུབ་པ་དེ་ནི་བོད་བརྒྱུད་ནང་བསྟན་རེད།/
    >>Moreover, in the past years, I feel, the most helpful thing to me is Tibetan Buddhism./
    >>而且我自己真的感觉到这么多年来,真正对自己帮助最大的东西是藏传佛教。/
  • >>དེ་མ་གཏོགས་ངས་འདི་འདྲའི་ལྷིང་འཇགས་ཀྱི་སྒོ་ནས་བྱ་བ་སྒྲུབ་ཐུབ་རྒྱུ་མ་རེད།/
    >>Otherwise, I cannot navigate all the things that I am doing./
    >>否则,我真的不能那么寂寞地去面对我在做的事情。/
  • >>མི་ལ་སུན་སྣང་སྐྱེས་རྒྱུ་ཡོད་པ་རེད།/
    >>People get lonely, do you think so?/
    >>人是会寂寞的,你说呢,/
  • >>མི་ལ་ཁེར་རྐྱང་གི་ཚོར་བ་སྐྱེས་སྲིད། མི་ལ་སྡུག་བསྔལ་འབྱུང་སྲིད་པ་རེད།/
    >>People get lonely. People get sad, what do you think?/
    >>人是会孤独的。人是会痛苦的,你说呢,/
  • >>ཡིན་ཡང་༢༠༠༤ལོ་ནས་ད་བར་དུ། ད་བར་དུ་ལོ་བདུན་གྱི་རིང་ལ།/
    >>But, at least since 2004 until now is about seven years,
    >>但是我为什么至少从04年开始,到今天大概七年的时间里/
  • >>ངས་ལྷིང་འཇགས་ཀྱི་སྒོ་ནས། མགོ་སྒུར་ནས་བྱ་བ་འདི་སྒྲུབ་ཐུབ་སོང་། ང་རང་གི་བྱ་བ་སྒྲུབ་ཐུབ་སོང་།/
    >>I am obscure, doing things all along, doing my things,/
    >>我默默无闻地,低着头一直在不断地做这个事情,在做我的事情,/
  • >>ད་བར་དུ་རྒྱུན་སྲིང་ཐུབ་པ།/
    >>persisting until today,/
    >>能坚持到今天,/
  • >>ངས་བསམ་ན་སངས་རྒྱས་ཆོས་ལུགས་ཀྱིས་ང་ལ་རོགས་བྱས་སོང་། རྒྱུ་མཚན་ནི་ངས་ད་ལྟ་ཧ་གོ་སོང་།/
    >>Actually, I think this is due to Buddhism, because it became very clear to me;/
    >>其实我觉得就是佛教对我的帮助,因为我已经弄得很清楚了,/
  • >>མི་ཚེ་ནི་ཅི་འདྲ་ཞིག་ཡིན་པ་ངས་རྟོགས་སོང་།/
    >>I realized what life is./
    >>我认识到了生命是什么样的一种情况。/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>ཅི་ཞིག་ནི་ཕན་ཐོགས་ཅན་གྱི་དངོས་པོ་ཡིན་པ་ངས་རྟོགས་སོང་།/
    >>I am clear now what is the most useful thing./
    >>我觉得什么是对他有用的东西我已经看得很清楚。/
  • >>དེ་བས་ངས་འདི་ལྟར་སྒྲུབ་པ་ཡིན།/
    >>So I do things like this./
    >>所以我才这么做。/
  • >>ད་ནས་བཟུང་། ངས་གསལ་བོ་ཞིག་རྟོགས་སོང་།/
    >>From now on, I understand it clearly now./
    >>从今以后,我已经理解得很清楚了。/
  • >>ངས་བསམ་ན་ངས་མགྲོན་ཁང་འདི་དག་ནས། ངས་རང་གི་མགྲོན་ཁང་རྣམས་ཡག་པོ་ཞིག་གཉེར་རྒྱུ་ཡིན།/
    >>I think I build these hotels, I manage them well./
    >>我想,我做这些所有的酒店,我要把我的酒店做得好好的。/
  • >>ངས་དེ་ལྟར་ལས་ཡོད་དེ་དཔེན་ན་ལོའུ་གོ་ལྟ་བུ།/
    >>I made it and Lugo hotel is an example,/
    >>甚至我已经做到了,比如说我的绿谷酒店,/
  • >>༢༠༠༩་ལོདང་༢༠༡༠ལོ། བསྟུད་མར་ལོ་གཉིས་ལ་འགྲུལ་བཞུད་མཛུབ་སྟོན་གྱི་སྟེང་དུ། ཀྲུང་གོའི་མགྲོན་ཁང་ཆེས་ལེགས་པོ་༢༥ཡི་ནང་དུ་ཚུད་འདུག/
    >>In 2009 and 2010, on Trip Advisor for two years continuously, I was rewarded as a top 25 hotel./
    >>2009年,2010年,连续两年在猫途鹰上面,获得了中国最好的25家酒店的评价/
  • >>ད་དུང་ཨང་གཉིས་པ་རེད།/
    >>Moreover, it was number two./
    >>而且是排名第二名。/
  • >>ད་ལྟ་འགྲུལ་བ་མང་པོ་ཞིག་གིས། ཉིན་རེ་ལ་འགྲུལ་བའི་ང་ལ་བསྟོད་བསྔགས་བྱེད།/
    >>There are many guests now, and I get praise from customers every day./
    >>现在有很多很多的客人,每天我都能获得客人对我的赞美。/
  • >>ད་དུང་ད་ལྟ་ང་ཚོའི་ཚོང་ཡང་ཧ་ཅང་ལེགས།/
    >>Our business is really good now./
    >>而且现在我们的生意也很好。/
  • >>ཡིན་ཡང་འདི་དག་ཚང་མ་ངས་སྒོ་རྡུང་བྱེད་ཀྱི་སོ་ཕག་ཅིག་ཏུ་བརྩིས་ཡོད།/
    >>I take all of these as a 'knocking brick.'/
    >>但是这一切我都把它理解成一个敲门砖。/
  • >>ཤེས་སམ།/
    >>Understand?/
    >>知道吗?/
  • >>སྒོ་རྡུང་བྱེད་ཀྱི་སོ་ཕག/
    >>'Knocking brick.'/
    >>敲门的砖。/
  • >>དཔེ་ཞིག་བཞག་ན་ཁྱོད་ཀྱིས་ལག་པས་སྒོ་རྡུང་ན་འདི་འདྲ་རེད། ཡིན་ཡང་ཁྱོད་ཀྱིས་སོ་ཕག་གིས་སྒོ་རྡུང་ན།/
    >>If you knock on the door with your hand, it is like this, but if you knock on the door with a brick,/
    >>比如说你用手敲门的时候是这样的,但是如果说你拿着一个敲门砖去敲门的时候,/
  • >>སྒྲ་ཆེན་པོ་ཡོད་པ་རེད།/
    >>The voice is much bigger./
    >>声音就很大了。是吧。/
  • >>དེ་བས་འདིའི་མིང་ལ་སྒོ་རྡུང་སོ་ཕག་ཟེར།/
    >>This is [what I mean by] 'knocking brick.'/
    >>这就是敲门砖。/
  • >>ངས་མགྲོན་ཁང་ཡག་པོ་གཉེར་དགོས།/
    >>I have to manage the hotels very well./
    >>我要把酒店做得好好的。/
  • >>དེའི་རྒྱུ་མཚན་ཅི་ཡིན་ཟེར་ན།/
    >>Why?/
    >>是为什么呢?/
  • >>ངས་མགྲོན་ཁང་འདི་སྒོ་རྡུང་སོ་ཕག་ཅིག་ཏུ་འགྱུར་ན་བསམ།/
    >>I want my hotels to be this knocking brick./
    >>我想让酒店成为敲门砖。/
  • >>ང་ལ་སྒོ་རྡུང་སོ་ཕག་ཡོད་རྗེས་ཅི་ཞིག་བྱེད་ཟེར་ན།/
    >>What do I do after I had the knocking brick?/
    >>我有了敲门砖以后要干什么呢?/
  • >>ང་ལ་སྒོ་རྡུང་སོ་ཕག་ཡོད་རྗེས།/
    >>After I had knocking brick,/
    >>我有了敲门砖以后呢,/
  • >>ངས་སྟེགས་བུ་འདི་འདྲ་ཞིག་གི་སྟེང་ནས།/
    >>On such a platform, /
    >>我要在这样一个平台上,/
  • >>གཞན་ལ་སྔར་ལས་ལྷག་པའི། ཁོ་ཚོར་ཕན་པ་ཡོད་པའི་རིག་གནས་སྟེར་རྒྱུ་དེ་ཡིན། ཁོ་ཚོར་བསམ་བློའི་སྟེང་ནས་རོགས་རམ་ཐོབ་ཐུབ་པའི་རིག་གནས་སྟེར་རྒྱུ།/
    >>Giving people more culture that is helpful, more mentally helpful, to them/
    >>给大家更多的,对他有用的文化, 对他的精神有帮助的文化,/
  • >>ངའི་ནང་དོན་གོའམ།/
    >>Do you know what I mean./
    >>懂我的意思吧。/
  • >>མ་འོངས་པར་ངས་འདི་ལས་བསམ་པ་ནི། སངས་རྒྱས་ཆོས་ལུགས་བརྒྱུད་སྤེལ་བྱེད་སའི་སྟེགས་བུ་ལེགས་པོ་ཞིག་ལས་བསམ།/
    >>In the future, I have to make it a platform that shares Buddhism/
    >>将来,我其实要把它好好的做成一个, 传递佛教的一个平台。/
  • >>སངས་རྒྱས་ཆོས་ལུགས་བརྒྱུད་སྤེལ་བྱེད་པ་ནི་ཆོས་ལུགས་བརྒྱུད་སྤེལ་བྱེད་པའི་དམིགས་ཡུལ་མིན།/
    >>Passing [understanding of] Buddhism is not spreading Buddhism./
    >>传递佛教不是说为了佛教而去做佛教。/
  • >>ངས་དངོས་གནས་གཞན་ལ་ཕན་པ་ཡོད་པའི་ཆ་དེ་སྤེལ་ན་བསམ།/
    >>I truly hope that it is helpful to people,/
    >>我是真的希望对大家有帮助,/
  • >>མི་རེ་རེ་ལ་ཕན་པ་ཡོད་པ།/
    >>Helpful to everyone,/
    >>对每个人有帮助,/
  • >>མཐའ་མཇུག་དེའི་ཚད་ག་འདྲ་ཞིག་ལ་སླེབས་ན་བསམ་ཟེར་ན།/
    >>What level do I want to achieve at the end?/
    >>那我希望最终实现到什么程度呢?/
  • >>ངའི་རེ་བ་ཡིན་ན་དེའི་ཚད་ནི།/
    >>I want to achieve,/
    >>我希望最终实现到,/
  • >>མི་མང་པོ་ཞིག་གི་འཚོ་བ་ང་ཚོ་དང་འབྲལ་ཐབས་མེད།/
    >>Many people cannot leave us,/
    >>很多人的生活中确实离不开我们,/
  • >>ཅིའི་ཕྱིར་ང་ཚོ་དང་འབྲལ་ཐབས་མེད་ཟེར་ན།/
    >>Why they cannot leave us./
    >>为什么离不开我们。/
  • >>ངས་ཁོ་ཚོར་དུ་ནག་འཐེན་དུ་འཇུག་པ་མ་རེད། ཁོ་བོ་དེར་ལོབས་པ་མ་རེད།/
    >>I do not let them take drugs, be addicted to drugs,/
    >>不是说我让他吸毒了,他上了毒瘾了/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>རྩ་བའི་རྒྱུ་མཚན་ནི་ཁོ་བོས་དངོས་གནས་བསམ་བློའི་སྟེང་ལ་ཕན་པ་ཡོད་པ་ཤེས།/
    >>because he truly thinks it is mentally helpful,/
    >>是因为他确实感觉到在他的精神上有很多帮助,/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>དེ་བས་ལོ་རེར་ཁོ་བོས་འདིར་ཐེངས་གཅིག་དང་གཉིས་ལ་ཡོང་རྒྱུ་བཀོད་སྒྲིག་བྱས་ནས།/
    >>OK, probably he arranges one or two annual visits,/
    >>好,每年他可能安排一次两次来这个地方,/
  • >>ངའི་མགྲོན་ཁང་བརྒྱུད་ནས་ངལ་གསོ་བྱེད་པ།/
    >>Adapt themselves through my hotels,/
    >>通过我的酒店来对自己做调整,/
  • >>ཕྱིར་སོང་རྗེས་ཟིང་ཟིང་གི་སྤྱི་ཚོགས་དང་འཇིག་རྟེན་དུ།/
    >>After he went back, amongst the crowds of people in this world,/
    >>回去以后茫茫人海中,在这个红尘世界里,/
  • >>ཁོ་བོས་ཡང་ཁ་ཕྱོགས་བོར་སོང་ན། རང་ཉིད་བོར་སོང་བ། རིམ་བཞིན་བརྗེད་འགྲོ་བ་རེད།/
    >>He got lost again, lost himself, and gradually forgot,/
    >>他可能又迷失了,又丢失掉自己,慢慢地忘了,/
  • >>དེ་ནས་ཡང་ང་ཕྱིར་སོང་ནས་ངལ་གསོ་བྱེད་དགོས་སྙམ།/
    >>At one point, he would return and adapt himself./
    >>他慢慢又想我得回去调整一下。/
  • >>ཁོ་བོ་ཡང་ཕྱིར་ཡོང་ནས་ངལ་གསོ་བྱེད།/
    >>He would come back and adapt himself./
    >>他又会回来调整一下。/
  • >>ཡང་རང་ཉིད་ཕྱིར་རྙེད།/
    >>[And] find himself again./
    >>又找到自己。/
  • >>དོན་དངོས་སུ་དེ་ནི་རང་ཉིད་ལ་བདག་སྐྱོང་ཆེས་བཟང་བ་དེ་ཡིན།/
    >>Actually this is the best care for myself./
    >>实际上是对自我最好的关怀。/
  • >>དེ་བས་ངའི་རེ་བར་ཆེས་མཐའ་མཇུག་མངོན་འགྱུར་བྱུང་རྒྱུ་ནི་དེ་ཡིན།/
    >>Therefore, this is what I hoped to achieve at the end./
    >>所以我希望最终实现的是这样的。/
  • >>མ་འོངས་པར་ངས་ཀྱང་མགྲོན་ཁང་གཅིག་པུ་ལས་ནས་འདུག་རྒྱུ་དེ་ཡང་མིན།/
    >>Certainly, I will not just work on hotels forever,/
    >>当然,我将来也不会停留在只是做酒店,/
  • >>གོམ་པ་རྗེས་མར་ངས་ཡང་བསྐྱར་རང་གི་ཆེད་ལས་དེར་འཇུས་ནས། གློག་བརྙན་ལས་རྒྱུའི་ནུས་པ།/
    >>My next step is to pick up my major again, filmmaking,/
    >>我下一步想做的又是捡起我的专业,做电影的这个能力,/
  • >>ཅི་ཞིག་ལས་ཟེར་ན།/
    >>Do what?/
    >>做什么呢?/
  • >>དོན་དངོས་སུ་དེ་ཡང་རིག་གནས་བརྗེ་རེས་ཀྱི་སྟེགས་བུ་ཞིག/
    >>Actually to make a platform for this culture./
    >>其实也是来做这个文化的交流和平台。/
  • >>དཔེ་ཞིག་བཞག་ན། ལོ་འདི་འགའི་རིང་ལ་ང་ཡང་མི་མང་པོ་ཞིག་ལ་ཐུག་སོང་།/
    >>Certainly, for example, I met many people these years./
    >>当然,比如说,这些年来我也接触了很多人。/
  • >>ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་སྐོར་ལ་ཁ་བརྡ་བྱས་མྱོང་།/
    >>Discussed about the problems of Tibetan history,/
    >>聊过关于藏族历史的问题,/
  • >>ང་ཚོས་རྒྱུན་དུ་བོད་མི་རིགས་ཀྱི་ལོ་རྒྱུས་སྐོར་ལ་ཁ་བརྡ་བྱས་པ་ཡིན།/
    >>We always talk about the problems of Tibetan history,/
    >>我们经常聊一些藏族历史的问题,/
  • >>དཔེ་ཞིག་བཞག་ན་དབྱི་ཐ་ལི་ཡི་སྐུ་ཞབས་ནན་མཁའ་ལོངས་པོ།/
    >>For example, Namkha Longbo from Italy,/
    >>比如说在意大利的南卡龙布先生,/
  • >>དེ་ནས་ད་དུང་པེ་ཅིན་ན་ཡང་ཡོད།/
    >>And then some in Beijing too,/
    >>然后呢,在北京也有,/
  • >>ད་ལྟ་ཁྲིན་ཏུའུ་ན་ཡོད་པའི་སྐུ་ཞབས་ཐུབ་བསྟན་ཕུན་ཚོགས།/
    >>Thupten Phuntsok currently in Chengdu,/
    >>现在在成都的土登彭措先生,/
  • >>ཐུབ་བསྟན་ཕུན་ཚོགས་ད་ལྟ་ཚུར་ཡོང་བཞིན་ཡོད།/
    >>Thupten Phuntsok is coming to here now,/
    >>土登彭措他现在要过来,/
  • >>ངེད་གཉིས་ཀྱིས་ཞང་ཞུང་རིག་གནས་ཀྱི་སྐོར་ལ་ཁ་བརྡ་བྱེད་བཞིན་ཡོད།/
    >>We are talking about Xiangxiong culture,/
    >>然后我们一直在聊象雄文化的事情,/
  • >>མཐའ་མཇུག་ཞང་ཞུང་རིག་གནས་གང་ལ་བུད་སོང་།/
    >>Where did Xiangxiong culture go at the end?/
    >>最后象雄文化去哪里了?/
  • >>ད་ལྟ་ང་ཚོ་བོད་ཀྱི་རིག་གནས་ཀྱི་ནང་དུ་ཡོད་ནའང་ཐང་།/
    >>Probably it is in our Tibetan culture,/
    >>然后,可能也许现在在我们藏族人的生活中,/
  • >>ཕྱོགས་མང་པོ་ཞིག་ནས་དེའི་ཤུལམཐོང་ཐུབ།/
    >>We can see some clues./
    >>很多地方都能看到蛛丝马迹。/
  • >>དཔེ་བཞག་ན་ནཱ་ཞི་མི་རིགས་ལ་སོགས་པའི་མི་རིགས་གཞན་ཀྱང་འདུས།/
    >>Including other ethnic groups, for example, the Naxi,/
    >>包括其他民族,比如说纳西族,/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>ཡིས་མི་རིགས་དང་ནཱ་ཞི་མི་རིགས་སོགས་མི་རིགས་གཞན་གྱི་འཚོ་བའི་ཁྲོད་དུའང་དེའི་ཤུལ་རིག་ཐུབ།/
    >>We can see some clues in Yi, Naxi and other ethnic group's lives./
    >>彝族,纳西族和其他民族的生活里面也能看到蛛丝马迹。/
  • >>ཤུལ་འདི་དག་ཞང་ཞུང་རིག་གནས་ལ་ཅི་ལྟར་སྦྲེལ་ཟེར་ན།/
    >>How do we connect these clues to Xiangxiong,/
    >>那么这些蛛丝马迹怎么能连到最后的象雄,/
  • >>ཞང་ཞུང་དང་བོད་འདྲེས་བའི་རྗེས་སུ་ཅི་ལྟར་གྱུར་བ་རེད་ཟེར་ན།/
    >>How did it turn out at the end after Xiongxiong and Tibetans fused together?/
    >>象雄和吐蕃融合了以后最后变成了什么呢?/
  • >>ཅི་ལྟར་གྱུར་བ་རེད་ཟེར་ན།/
    >>How did it emerge?/
    >>怎么变成的?/
  • >>ས་ཆ་འདི་དག་ན་ཡོད་པ་མང་པོ་ཞིག་ཞང་ཞུང་ནས་ཡོང་བ་རེད་ཟེར།/
    >>It is said that many things in these places are from Xiangxiong./
    >>这些地方有很多据说都是从象雄那一带来的。/
  • >>ཅི་ལྟར་ཡོང་བ་རེད།/
    >>How did it come?/
    >>怎么来的?/
  • >>ངས་ཀྱང་དེར་ཞིབ་འཇུག་བྱས་ན་འདོད།/
    >>I want to research that, too,/
    >>我也想去探究一下,/
  • >>བོད་མི་རིགས་ཀྱི་རིག་གནས་ཀྱི་ནང་དུ་དོན་སྙིང་ལྡན་པ་དང་གཏམ་རྒྱུད་ཡོད་པའི་དངོས་བོ།/
    >>Meaningful things and stories in Tibetan culture./
    >>藏族文化里面特别有意思的,有故事的东西。/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say./
    >>你说呢。/
  • >>ངས་བསམ་ན་ཆེས་དོན་སྙིང་ལྡན་པ་ནི་བསམ་བློའི་སྟེང་གི་རོགས་རམ་དེ་རེད།/
    >>Of course, I think the most meaningful thing is mental help,/
    >>当然,我觉得,最有意思的还是精神上的帮助,/
  • >>གལ་ཏེ་མི་མང་པོ་ཞིག་གིས་མི་ཚེ་ནི་ཐུང་ཐུང་ཞིག་རེད་མ་བསམ་པར།/
    >>If many people think life is not short,/
    >>如果真的很多人觉得生命不是那么短暂的,/
  • >>མི་ཚེ་ནི་དངོས་གནས་སྐྱེས་པ་ནས་ཤི་བའི་བར་དུ་དེ་འདྲ་ཐུང་ཐུང་ཞིག་ཡིན་ན།/
    >>If someone's life from birth to death is shot,/
    >>生命不仅仅是从出生到死亡那么短暂的话,/
  • >>མི་རྣམས་དེ་འདྲའི་ངན་པ་དང་གདུག་རྩུབ་ཅན་དུ་འགྱུར་རམ།/
    >>Do people still become so evil?/
    >>人还会变得那么穷凶极恶吗?/
  • >>མི་རྣམས་དེ་འདྲའི་ཧམ་སེམས་ཅན་དུ་འགྱུར་རམ།/
    >>Do people still become so greedy?/
    >>人还会变得那么贪婪吗?/
  • >>དེ་འདྲའི་ཁོང་ཁྲོ་ལངས་སམ།/
    >>Get angry?/
    >>愤怒吗?/
  • >>ག་ལ་ཏེ་མི་མང་པོས་མི་ཚེ་ནི་ཧ་ཅང་རིང་བའི་གོ་རིམ་ཞིག་ཡིན་པ་ཤེས་ན།/
    >>If people truly know that life is a slow and long process,/
    >>如果真的很多人知道生命是一个热别漫长的过程,/
  • >>མི་རྣམས་ཀྱིས་རང་རིགས་ལ་ལྟ་སྐྱོང་ལེགས་པོ་བྱེད་པར་ང་ལ་ཡིད་ཆེས་ཡོད།/
    >>Then I believe people treat others well./
    >>那我相信,人们会很好地会面对自己的同类。/
  • >>རང་ཉིད་ལ་ཡང་བདག་སྐྱོང་ལེགས་པོ་བྱེད།/
    >>Treat themselves well,/
    >>会善待自己,/
  • >>སེམས་རྣལ་མོའི་སྒོ་ནས་སང་ཉིན་ལ་ལྟ་སྟངས་འཛིན།/
    >>look upon tomorrow well,/
    >>会很认真地去看待明天,/
  • >>འདོད་ཆགས་ཀྱིས་རྩ་བ་ནས་ཚོད་འཛིན་མ་བྱས་པར།/
    >>are not totally controlled by desire,/
    >>而不是安全被欲望控制,/
  • >>རེད་དམ། རྒྱུ་མཚན་ནི་མི་རྣམས་ཀྱིས་མི་ཚེ་ཧ་ཅུང་ཐུང་ཐུང་རེད་བསམ།/
    >>Right, because people think life is short,/
    >>是吧,因为人们觉得生命太短了,/
  • >>ལོ་དྲུག་ཅུ་དང་བདུན་ཅུ། བརྒྱད་ཅུ། ཡང་ན་བརྒྱ་ལས་མེད་བསམ།/
    >>Only sixty years, seventy years, eighty years, one hundred years./
    >>只有六十年,七十年,八十年,一百年。/
  • >>དེ་བས་མི་རྣམས་ཀྱི་འདོད་ཆགས་དེ་ལས་ཇེ་ཆེར་སོང་།/
    >>So people's desires became stronger,/
    >>所以人们的欲望就更加强烈,/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>ངས་རེ་བ་བཟུང་བ་ཅུང་གཟབ་ནན་ཡིན་པ་འདྲ།/
    >>I require something strict./
    >>我要求得比较苛刻。/
  • >>དཔེ་ཞིག་བཞག་ན། གྲོང་རྙིང་བའི་ནང་དུ་མི་ཞིག་གིས་ཆང་ཁང་ཞིག་གཉེར་འདུག རྩེད་ས་ཞིག་ནའང་ཐང། ལྷ་ས་ནའང་ནང་མ་ཁང་མང་པོ་ཡོད་པ་མ་ཡིན་ནམ།/
    >>For example, some people have bars in the old towns, or some other places to play; there are many Langma in Lhasa./
    >>比如说,在古城里面有的人搞一个酒吧,或者是一个玩的地方,我们拉萨不是也有很多吗? 朗玛。/
  • >>རེད་དམ།/
    >>Right?/
    >>是吧?/
  • >>འདི་ནའང་དེ་འདྲའི་གླུ་ལེན་གར་རྩེད་བྱེད་ས་མང་པོ་ཡོད་པ་རེད།/
    >>There are many of those singing and dancing places,/
    >>这个地方也有很多这种唱歌跳舞的地方,/
  • >>ཡིན་ཡང་ང་དེ་ལ་མི་དགའ། དེ་དེར་མི་དགའ།/
    >>But I don't like it, I dislike it,/
    >>可是我很反感,我很反感,/
  • >>རྒྱུ་མཚན་ཅི་རེད་ཟེར་ན།/
    >>Why?/
    >>为什么呢?/
  • >>ངས་བལྟས་ན་ཁོ་ཚོས་གླུ་ལེན་གར་རྩེད་བྱེད་སྟངས་ནི་སྨྱོན་པ་ཞིག་དང་འདྲ།/
    >>I think how they sing and dance is crazy./
    >>我觉得我看他们唱歌跳舞的样子就像疯子一样。/
  • >>ངས་སྨྱོན་པ་རེད་བསམ།/
    >>I think they are crazy./
    >>我觉得神经病。/
  • >>ཁམས་པའི་ཕོ་རྒོད་ཨ་ཨ་ཨ།/
    >>"Khampa man, a, a, a..."/
    >>什么康巴汉子啊啊啊,/
  • >>ངས་བལྟས་ན་འདི་སྒྱུ་རྩལ་མ་རེད།/
    >>I think this is not art,/
    >>我觉得这个不是艺术,/
  • >>རྩ་བ་ནས་མི་རིགས་འདི་མཚོན་མི་ཐུབ།/
    >>It doesn't represent this ethnic group,/
    >>根本代表不了这个民族,/
  • >>མི་རིགས་འདི་དེ་འདྲ་མ་རེད།/
    >>This ethnic group is not like this,/
    >>这个民族不是这样的,/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>ངས་བསམ་ན་མི་རིགས་འདིའི་གླུ་དབྱངས་ནི་ཉུང་མཐའ་ཡང་འཇམ་ཞིང་སྙན་པ།/
    >>I think this ethnic group's music is at least a little melancholy./
    >>我觉得这个民族的音乐至少是比较哀婉一点。/
  • >>ཁྱོད་ཀྱིས་བཤད་ན། མཛེས་སྡུག་ལྡན་པ།/
    >>What do you say, a little sadly beautiful./
    >>你说呢,比较凄美一点,/
  • >>ཁྱོད་ཀྱིས་བཤད་ན། རེད་དམ།/
    >>What do you say, right?/
    >>你说呢,是不是?/
  • >>ཅིའི་ཕྱིར་མི་རིགས་འདིའི་རིག་གནས་ནི་སྙན་འཇེབས་ལྡན་པ་དང་མཛེས་སྡུག་ལྡན་པ་རེད་ཟེར་ན།/
    >>Why this ethnic group's songs are melancholy and sadly beautiful?/
    >>为什么这个民族的音乐史哀婉和凄美呢?/
  • >>རྒྱུ་མཚན་ནི་མི་རིགས་འདིས་མི་ཚེ་ལ་སྐྱོ་སྡུག་གིས་ཁེངས་ཡོད་པ་ཤེས།/
    >>Because this ethnic group knows life is painful./
    >>因为这个民族知道人生是苦的。/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>མི་རིགས་འདིས་མི་ཚེ་ནི་ཧ་ཧ་ཧ་རེད་ཅེས་བཤད་ཀྱིན་མེད།/
    >>This ethnic group doesn't say life is "ha, ha, ha,"/
    >>这个民族不是说人生是哈哈哈哈,/
  • >>དེ་བས་ང་དེ་དག་ལ་མི་དགའ།/
    >>So, sometimes I truly dislike this kind of mainstream,/
    >>所以呢,我有的时候真的排斥这种很多主流的这个,/
  • >>ཁོ་ཚོས་དེ་རུ་གླུ་དབྱངས་སྒྲིག་ནས། བྱ་རྒོད་ཨ། ཁམས་པའི་ཕོ་རྒོད་ལ་སོགས་པ།/
    >>They make songs there, eagle or something, Khampa man or something similar,/
    >>他们在那个地方创作了歌曲,雄鹰啊什么,康巴汉子,类似于这样,/
  • >>ངས་འདི་དག་ནི་མི་རིགས་འདིའི་རེད་བསམ་གྱིན་མེད།/
    >>I think this is not this ethnic group's essence,/
    >>我觉得这个不是这个民族的东西,/
  • >>ངས་བསམ་ན་མི་རིགས་འདིའི་དངོས་པོ་ངོ་མ་དེ་ལ་མཉམ་འཇོག་བྱེད་རྒྱུ་གལ།/
    >>I think we should follow true things of this ethnic group./
    >>我觉得应该好好地去关注这个民族真正本来的东西。/
  • >>དཔེ་བཞག་ན་ང་ཚོའི་ས་ཆ་ནི་འདི་འདྲ་རེད།/
    >>For example, you can see our place is like this,/
    >>比如说,你看我们这个地方是这样的,/
  • >>སྐོར་བྲོ། པིན་ཙི་ལིན་གྱི་སྐོར་བྲོ་དང་བདེ་ཆེན་གྱི་སྐོར་བྲོ། རྒྱལ་ཐང་གི་སྐོར་བྲོ།/
    >>Circle dance, Benzilin circle dance, Dechen circle dance, Gyalthang circle dance,/
    >>锅庄,奔子栏的锅庄,德钦的锅庄,中甸的锅庄,/
  • >>ས་ཆ་རེ་རེའི་སྐོར་བྲོ་མི་འདྲ།/
    >>Circle dances from each place are different,/
    >>每个地方的锅庄都不一样,/
  • >>ཡིན་ཡང་སྐོར་བྲོ་ཚང་མ་ལ་ནང་དོན་ཡོད་པ་རེད།/
    >>But circle dances are meaningful./
    >>可是锅庄都是比较有厚度的。/
  • >>ཁྱོད་ཀྱིས་ཀྱང་འབའ་ཐང་པི་ཝང་གོ་མྱོང་ཡོད།/
    >>那,你也听说过弦子,巴塘弦子,/
  • >>འབའ་ཐང་པི་ཝང་དང་བདེ་ཆེན་པི་ཝང་རྣམས་ཅུང་ཙམ་མིང་དུ་གྲགས་ཡོད།/
    >>Bathang and Dechen guitar are well known./
    >>巴塘弦子,德钦弦子这些也是比较出名的。/
  • >>ཡིན་ཡང་པི་ཝང་འདི་ལོ་ཆུང་རྣམས་ཀྱིས་རྩེད་པར་སེམས།/
    >>But this guitar is considered as young people play it,/
    >>但是弦子呢,只认为是年轻人玩的东西,/
  • >>ལོ་ཆུང་རྣམས་རྩེད།/
    >>Something that young people play,/
    >>年轻人玩的东西,/
  • >>སྔོན་ཆད་དེ་ཚོ་དུས་སྟོན་ཆེན་པོར་ཞུགས་མི་ཐུབ།/
    >>In the past, it is not performed at better stage,/
    >>在过去来说,他们不能登大雅之堂,/
  • >>ང་ཡང་ཆུང་དུས་སུ་འདི་དག་ལུགས་རྙིང་བ་རེད་བསམ།/
    >>Of course, I also thought these are old tradition when I was young,/
    >>当然,我年轻的时候我也觉得这些太陈旧了,/
  • >>ཡིན་ཡང་ད་ལྟ་ངའི་ཚོར་བ་ལ།/
    >>But as I think about it now,/
    >>可是我现在越来越感觉到,/
  • >>གལ་ཏེ་མི་རིགས་ཤིག་གི་རིག་གནས་ལ་མཐུག་ཚད་ཅིག་མེད་ན་དེ་རུལ་འགྲོ་བ་རེད།/
    >>It will rot if an ethnic group's culture is not strong./
    >>如果真的一个民族的文化没有一个尺度它就会烂掉。/
  • >>གལ་ཏེ་ང་ཚོས་པི་ཝང་འདི་འདྲ་ལ་བརྩི་བ་མང་དྲག་ན།/
    >>If we totally follow this guitar,/
    >>如果我们太遵从于弦子这样的东西,/
  • >>མི་རིགས་འདིའི་རིག་གནས་ལ་མཐུག་ཚད་མེད་པར་འགྱུར།/
    >>This ethnic group's culture will become meaningless./
    >>这个民族的文化会变得没有厚度。/
  • >>ཅི་ཞིག་ལེན་བསམ་ན་དེ་བླངས།/
    >>Sing as they think,/
    >>想什么唱什么,/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>དེ་རིང་ཉི་མ་ཤར་བྱུང་།/
    >>Sun rised today,/
    >>今天太阳出来了,/
  • >>ཟླ་བ་ཡང་ཤར་བྱུང་།/
    >>Moon rised too,/
    >>月亮也出来了,/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>དེ་ལ་ནང་དོན་ཅི་ཞིག/
    >>What meaning does it have?/
    >>这个有什么意义呢?/
  • >>ཡིན་ཡང་རིག་གནས་འདི་འདྲར་འགྱུར་ངེས།/
    >>But, culture will become like this,/
    >>但是呢,文化就会变成这样,/
  • >>ཁྱོད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>དེ་ནས་ངས་རང་ཉིད་ཀྱིས་ཅི་ཞིག་ལས་པར་འདང་བརྒྱབ།/
    >>Then, I think about what to do./
    >>然后呢,我去想我做什么。/
  • >>ང་རང་ཚོང་ལས་པ་ཞིག་གི་ངོས་ནས་ཅི་ཞིག་ལས།/
    >>What can I do as a business man./
    >>我作为一个生意人我做什么。/
  • >>ངས་ད་དུང་ངོ་མཚར་ཅན་ཞིག་བཙལ་ནས་རྙེད་མེད།/
    >>I haven't found any miracle yet./
    >>我现在还没有找到一个特别好的奇迹。/
  • >>རྒྱུ་མཚན་ནི་༢༠༠༤ལོར་ང་རང་གི་སྡེ་བར་ཕྱིར་ལོག་ནས་མགྲོན་ཁང་ལས་པ་ནས་བཟུང་།/
    >>Because when I come back to my village to make a hotel in 2004,/
    >>因为零四年开始我回到我们村庄来作酒店的时候,/
  • >>ངས་རང་གི་ཡུལ་མི་རྣམས་ལ་ཅི་ལྟར་རོགས་རམ་བྱེད་པར་འདང་བརྒྱབ། སྡེ་བ་འདིའི་ནང་གི་མི།/
    >>I was thinking about how to help people in my community, people from this village,/
    >>我就在想我怎么帮我家乡的人,这个村里的人/
  • >>ངས་ཐབས་ཤེས་མང་པོ་ལ་འདང་བརྒྱབ། ངས་མང་པོ་ཞིག་ལ་བསམ་བློ་བཏང་རུང་།/
    >>I thought about many methods, thought of many, but,/
    >>我想了很多办法,我想了很多,但是,/
  • >>ངས་བསམ་ན་ཐབས་བཀོད་འོས་འཚམས་ཞིག་མེད་སྙམ།/
    >>I think I didn't find a suitable method,/
    >>我觉得都没有找到一个特别合适的办法,/
  • >>རྗེས་སུ་༢༠༠༤་ལོའི་ལོ་མཇུག་གི་སྐབས་སུ། ངས་བསམ་ན་ངས་ཐབས་བཀོད་ལེགས་པོ་ཞིག་རྙེད་བྱུང་།/
    >>Later, at the end of 2004, I thought I found a method,/
    >>后来,好,零四年年底的时候,我想,我找到一个办法了,/
  • >>ངས་ཅི་ཞིག་ལ་རོགས་བྱེད་ཟེར་ན་བྱིས་པ་ལ་རོགས་བྱེད།/
    >>How do I help? I help children./
    >>我帮什么呢?我帮小孩。/
  • >>རྒྱུ་མཚན་ཅི་རེད་ཟེར་ན།/
    >>Because of what?/
    >>因为什么呢?/
  • >>ཁྱིམ་ཚང་ལ་ལར་སྐབས་དེར་དངོས་གནས་དཀའ་ཁག་འདུག དཀའ་ཁག་ཡོད་པ་རེད།/
    >>Some families are truly in difficulty, [it's] a little hard,/
    >>有些家庭当时来说确实比较苦,也比较困难/
  • >>ལོ་རེར་སློབ་ཡོན་དང་འགྲོ་སོང་གཞན་རྣམས་ཡོད་པས་དཀའ་ཁག་འདུག/
    >>Tuition and other supplies are hard for them,/
    >>一年要拿出学费和学杂费是比较困难的,/
  • >>དེ་ནས་ངས་དེ་ཚོར་རོགས་བྱེད་བསམ། བྱིས་པ་སློབ་གྲྭར་འགྲོ་བར་རོགས་བྱེད།/
    >>Then I thought of helping them, help children getting in to school,/
    >>然后呢,我就想,我帮他,帮小孩上学,/
  • >>ཁྱིམ་ཚང་ལ་ལར། བྱིས་པ་སློབ་གྲྭར་འགྲོ་བཞིན་འགྲོ་བཞིན་རྗེས་ནས་འགྲོ་མི་བསམ།/
    >>Some families, children don't want to go to school,/
    >>有些家庭呢,孩子上着上着他不想上学了,/
  • >>འགྲོ་མི་བསམ་ན་མ་འགྲོ།/
    >>[Parents say] Okay, don't have to go, then don't go,/
    >>好,你不用上了,就不上了,/
  • >>འདི་ལ་ཕ་མ་རྣམས་ཀྱིས་ཀྱང་ཅུང་འགན་མ་ཁུར་བསྡད།/
    >>The parents don't take responsibility,/
    >>这个父母也有些不负责任,/
  • >>ངས་བསམ་པར་ངས་ཁོ་ཚོར་སྒོར་མོ་ཅུང་ཙམ་བྱིན་ན་ཁོ་ཚོ་འགྲོ་བསམ་ངེས།/
    >>But I thought they may go to school if I give them some money,/
    >>但是我想,我给了一点钱他就会想,/
  • >>དེ་མ་འགྲིག/
    >>It is pity,/
    >>可惜了,/
  • >>ངས་ཁོ་སློབ་གྲྭར་འགྲོ་རུ་མ་བཅུག་ན་སྒོར་མོ་ཡང་སྟེར་བ་མ་རེད།/
    >>If I don't let him go, they will not give this money,/
    >>我不让他上,人家把这个钱也不会给了,/
  • >>དེ་བས་༢༠༠༤་ལོ་བས་བཟུང་།/
    >>Therefore, since 2004,/
    >>所以呢,2004年的时候开始,/
  • >>ངས་སློབ་འབྲིང་སློབ་མ་ཚང་མ་ལ་ལོ་རེར་སྒོར་༥༠༠རེ་བྱིན་པ་ཡིན།/
    >>I sponsor 500RMB to every middle school student every year,/
    >>我给每个上初中的学生每年补贴500块钱,/
  • བཅར་འདྲ་མཁན། Interviewer 访问者
    ག་ཚོད།/
    How much?/
    多少?/
  • པདྨ་རྡོ་རྗེ། Pema Dorje 白玛多吉
    སྒོར་༥༠༠རེད།/
    500RMB./
    500块钱,/
  • བཅར་འདྲ་མཁན། Pema Dorje 白玛多吉
    ཕལ་ཆེར་སློབ་མ་ག་ཚོད་འདུག/
    Approximately how many students?/
    大概有多少个学生?/
  • པདྨ་རྡོ་རྗེ། Pema Dorje 白玛多吉
    གནས་སྐབས་སུ་སློབ་མ་ག་ཚོད་ཡོད་པ་མི་བཤད།/
    Don't mention how many students for now,/
    先不说多少个学生啊,/
  • Pema Dorje
    >>ལོ་རེར་དམའ་འབྲིང་སློབ་མར་སྒོར་༥༠༠རེ་བྱིན།/
    500 Yuan to middle school students every year,/
    >>每年初中生500块钱,/
  • Pema Dorje
    >>མཐོ་འབྲིང་སློབ་མར་སྒོར་༡༠༠༠་རེ་བྱིན།/
    Sponsor 1000 Yuan to high school students,/
    >>高中生我们补贴1000块钱,/
  • Pema Dorje
    >>སློབ་གྲྭ་ཆེན་མོ་བ་ལ་སྒོར་༢༠༠༠་རེ་བྱིན།/
    2000 Yuan to college students,/
    >>大学生2000块钱,/
  • >>སློབ་གྲྭ་ཆེན་མོ་བ་ལ་སྒོར་༣༠༠༠ཡིན་པ་འདྲ།/
    >>3000 Yuan to college students,/
    >>大学生是3000块钱吧。/
  • >>སློབ་གྲྭ་ཆེན་མོ་བ་ལ་སྒོར་༣༠༠༠རེ་བྱིན།/
    >>3000 Yuan to college students,/
    >>大学生3000块钱。/
  • >>ལོ་གཅིག་ལ།/
    >>One year./
    >>一年。/
  • >>༢༠༠༤་ལོ་ནས་ངས་འདི་ལྟར་སྒྲུབ།/
    >>I started doing this in 2004.
    >>我就这样从2004年开始做的。/
  • >>དང་ཐོག་བསྡོམས་པས་སྒོར་ཁྲི་གསུམ་ལྷག་དགོས།/
    >>It was a little more than thirty thousand Yuan in the beginning./
    >>最早的时候大概要三万多一些。/
  • >>ལོ་རེ་ལ་སྒོར་ཁྲི་གསུམ་ལྷག་དགོས།/
    >>I needed a little more than thirty thousand Yuan every year./
    >>每年要拿到三万多一些。/
  • >>ད་ལྟ་སྒོར་ཁྲི་དྲུག་ནས་བདུན་དགོས།/
    >>Now it is sixty to seventy thousand Yuan./
    >>现在差不多要拿到六万到七万。/
  • >>ལོ་རེ་ལ་སྒོར་འདི་འདྲ་གཏོང་བཞིན་ཡོད།/
    >>Giving this every year./
    >>每年都在拿这个钱。/
  • >>ང་རང་ཚོང་ལས་པ་ཞིག་ལ་མཚོན་ན་འདི་ནི།/
    >>I am as a business man,/
    >>那么这个呢,我作为一个生意人,/
  • >>འདི་ཡང་རིག་གནས་ཅུང་ཡོད་པ་ཞིག་གིས་སྒྲུབ་པ་ཞིག་རེད།/
    >>This is something that someone with some knowledge does./
    >>也是有一点文化的人做得事情。/
  • >>འདི་ནི་ངས་བསམ་ན་ཅུང་ཐབས་སྡུག་པོ་ཞིག་རེད།/
    >>I think this is something helpless./
    >>这个呢,我觉得只是比较无奈的。/
  • >>འདི་ནི་རོགས་རམ་བྱེད་པའི་བཀོད་པ་ཞིག་རེད།/
    >>It is a method to help./
    >>也是一种帮助人的方式。/
  • >>ཡིན་ཡང་འདི་ནི་ཐབས་ཤེས་ལེགས་པོ་ཞིག་མ་རེད།/
    >>But it is not the best method,/
    >>但它不是最好的方式,/
  • >>ངས་འདིའི་སྔོན་ལ་བཤད་པ་ནི་རིག་གནས་ནི་ཆེས་གཙོ་བོ་དེ་ཡིན།/
    >>I just said that knowledge is most important./
    >>我刚才说我觉得文化是最重要的。/
  • >>གཅིག་ནི་རིག་གནས་དང་མི་བར་གྱི་འབྲེལ་བ་དེ་གསལ་བོར་རྟོགས་དགོས།/
    >>One is to make clear relationship of culture and person./
    >>一个是文化跟人的关系要弄清楚。/
  • >>གཅིག་ནི་རིག་གནས་དེ་རྒྱུན་སྲིང་རྒྱུ་ནི་གཙོ་བོ་ཡིན།/
    >>One important thing is that culture sustain itself./
    >>一个是文化它自身保持下去是最重要的。/
  • >>དེ་བས། ད་བར་དུ་ངས་ཐབས་ཤེས་ལེགས་པོ་ཞིག་རྙེད་མ་བྱུང་།/
    >>Therefore, I still didn't find good method./
    >>所以呢,我到现在还没有找到一个特别好的办法。/
  • >>དེ་བས་མདང་དགོང་ཡང་ངས་བསམ་པར།/
    >>So I was think about it last night too./
    >>所以昨天晚上我也在想。/
  • >>ཁྱེད་ཚོ་ཞིབ་འཇུག་གི་ལས་ཀ་ལས་མཁན་རྣམས།/
    >>People like you who are doing research,/
    >>就是你们做很多研究的,/
  • >>ཁྱེད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>ཞིབ་འཇུག་གི་བྱ་བ་ལས་མཁན་དང་ང་ཚོ་དངོས་སུ་ལས་མཁན་རྣམས།/
    >>People doing research and people doing practical things,/
    >>做研究的和我们做实际的,/
  • >>རབ་ཡིན་ན་ཚང་མས་མཉམ་དུ་དོན་དག་ལེགས་པོར་སྒྲུབ།/
    >>The best thing is to do things together and do them well,/
    >>最好大家结合起来把事情做好,/
  • >>དོན་དངོས་སུ་དོན་དག་མང་པོ་ཞིག་ལ་ཞིབ་འཇུག་ལེགས་པོ་བྱེད་དགོས།/
    >>Actually, many things need to be researched./
    >>其实,真的很多事情需要仔细地去研究。/
  • >>ཁྱེད་ཀྱིས་བཤད་ན།/
    >>What do you say,/
    >>你说呢,/
  • >>ཞིབ་འཇུག་འདི་ཡོད་རྗེས།/
    >>Had this research,/
    >>有了这个研究,/
  • >>གཅིག་ནི་ཁྱེད་ཀྱིས་དེའི་ངོ་བའི་གནས་ཚུལ་ཤེས་དགོས།/
    >>One is to understand its situation./
    >>一个是你要了解它本身的状态。/
  • >>གཞན་ཞིག་ནི།/
    >>Another thing,/
    >>另外一个就是,/
  • >>སྔོན་ཆད་ས་ཆ་གཞན་དུ།/
    >>In other places in the past,/
    >>过去,在别的地方,/
  • >>ཡང་ན་སྔོན་ཆད་རང་ཡུལ་དུ་དེ་དང་གཅིག་མཚུངས་ཀྱི་གནད་དོན་བྱུང་ན།/
    >>Or same thing happened in our own place./
    >>或者是过去在自己的地方发生过同样的问题。/
  • >>མཐའ་མཇུག་དཔེ་ལེགས་ཤིག་འགྲུབ་ངེས།/
    >>Eventually forms a good program./
    >>最后形成一个很好的方案。/
  • >>སྒྲིག་སྲོལ་ལེགས་པོ།/
    >>Systematic./
    >>很系统的。/
  • >>མཉམ་བཞག་ནས་ལས།/
    >>Do it carefully./
    >>注意着做。/
  • >>དེ་ལྟར་མ་བྱས་ཚེ་ཚང་མ་ལུགས་རྙིང་བར་གོམས་ནས།/
    >>Otherwise all are used to old ones./
    >>要不然往往就是大家陈旧惯了。/
  • >>དོན་དག་ཅི་ཞིག་ལའང་མཐའ་མཇུག་འབྲས་བུ་ཞིག་མེད།/
    >>There isn't any reason for anything./
    >>什么事情最后也没什么结果。/