Skip to main content Skip to search
16 Feb 2017
4 min 36 sec
Rinchen Dorji
Video Overview
Creators: 
Penchela , Ugyen Phuntsho
Transcript search
No results found for this search
0 of 0
  • ཉིམ་རྡོ་རྗེ
    འ་ནཱི་འདི་ ས་སྨྱུག་ ཟེར་སླབ་འོང་། ཨོམ་སྨྱུ་གུ་ ཀ་ར་ བཙག་ཟེར་སླབ་འོང་བ་སྟེ།
  • ཉིམ་རྡོ་རྗེ
    མ་གཞི་འདི་ འགོ་དང་པ་ཡིག་འབྲུ་རྐོཝ་ད་ལུ་འདི་ འ་ནཱི་སྦེ་ཨིན་ བཤེད་ཐངས་ རྡོ་གུ་རྐོཝ་ད་ལུ། དེ་འབདཝ་ད་ རང་ལུ་ག་ཏེ་ལས་བདེ་བས་ག་ ཨ་ནཱི་སྦེ་ར་རྐོ་སྲོལ་ཡོད། མངམ་རང་ ཨ་ནཱི་སྦེ་བཟུང་ནི་ཡོད་ ང་གིས་འདི།
  • ཉིམ་རྡོ་རྗེ
    ཧེ་མ་ ང་བཅས་ཀྱི་ཨ་རྒས་ཡང་ བླམ་སྦེ་སྡོད་ཅི་སྨོ་ཤིག ཁོ་གིས་ཡང་འབད་ནི་འདུག ཏེ་མ་གཞི་ང་ལུ་འདི་ ང་གི་ཨ་ཞང་གིས་སྟོན་བྱིན་བྱིནམ་ཨིན། ང་གི་ཨའི་གི་ནུ་གཅུང་ ཁོ་གིས་འདི་ ལེ་ཤ་བརྐོ་དེས། ཕར་བེ་ཏི་ནི་ལུ་སྡོད་སྦེ།
  • ཉིམ་རྡོ་རྗེ
    བླམ་ཆུང་ཀུ་ཟེར་སླབ་འོང་བ། ཁོ་གིས་འབད་དེས་ འ་ནཱ་ལས་ང་གིས་ཡང་ ཆུང་ཀུ་བསྒང་ལས་ སྤྲོ་བ་སྡོད་ཡི་བ་སྟེ། ཨ་ནཱི་བཟུམ་འབད་ནི་ འ་ནཱ་ལས་ ཧེ་མ་འདི་ ང་ར་གིས་ ང་ར་ཆུང་ཀུ་སྦེ་སྡོདཔ་ད་ར་ འ་ནཱི་འབད་འབདཝ་ཨིན་ སྤྲོ་ཐོན་ཏེ། ནོར་འཚོ་སྡོདཔ་ད་ལུ་ གཡིབ་ཅི་གཡིབ་ཅི་ར་ ཚལ་མ་ནང་ལས་ ག་ཏེ་གུ་ལས་ཕར་འབད་འོང་།
  • ཉིམ་རྡོ་རྗེ
    དེ་བསྒང་ལུ་འདི་ ཡིག་བཟོ་ཡང་ཨ་ནཱིམ་ཅིག་ལེགས་ཤོམ་ བཟོ་མི་ཚུགས་སྨོ་ཤིག དེ་འབདཝ་ད་ ཆད་ལྷག་འདི་མི་འགྱོ། ཨ་ནཱི་སྦེ་འབད་ཡི། ཤུལ་ལས་ཤུལ་ལས་ ག་ཏེ་གུ་ཏེ་གི་མི་ཚུ་གིས་འབོ་སྦེ་ ཨ་ནཱི་མ་ཎི་བརྐོ་བཅུག་འོང་བ་སྟེ།
  • ཉིམ་རྡོ་རྗེ
    ཕར་འགྱོཝ་སྦེ་ མ་ཎི་ དྲོ་པ་ལས་འགྱོཝ་སྦེ་ ཉི་མ་་་ ཉིནམ་གང་ར་ ཕྱི་རུ་ཚུན་ཚོད་ མ་ཎི་ཚིག་གཅིག་བརྐོ་སྡོད་ཅི། བརྐོཝ་སྦེ་ ཕྱི་རུ་་་་ ཉི་མ་གི་ལྟོ་བྱིན་ ལྟོ་བྱིན་དེས་ ཕྱི་རུ་ཡང་ལྟོ་བྱིན་སྦེ་ དེ་ལས་ ཏི་རུ་གཅིག་བྱིན་དེས།
  • ཉིམ་རྡོ་རྗེ
    ཏི་རུ་གཅིག་བྱིན་དེས་ ཧེ་ཧེ་ཧེ་་་་་ གནམ་མེད་ས་མེད་ སེམས་དགའ་དེས་ང་འདི་ ཏི་རུ་གཅིག་ཐོབ་ད་ལུ།། །།