Skip to main content Skip to search
02 Jan 2019
6 min 9 sec
Ariana Maki
Video Overview
Creators: 
Norbu Dradul

This song expresses wishes to the cardinal directions, and wishes the best of luck for youngsters' futures.

གཞས་འདིའི་གཞས་ཚིག་ནི་སྙན་ཚིག་རྩོམ་པ་པོ་གཅན་མེ་སྟག་གིས་བརྩམས་ཤིང་གཞས་ཚིག་ལས་ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞིར་བཀྲ་ཤིས་ཁ་གཡང་བརྗོད་པ་བཞིན་ན་སོ་གཞོན་པ་དག་གི་ཁ་རྗེ་དབང་ཐང་གི་རླུང་རྟ་རྒྱས་པར་སྨོན་པ་ཞིག་གོ།།གཞས་ཚིག་གི་ཚན་པ་རེ་རེ་ནི།འཇིག་རྟེན་ཤར་གྱི་ཕྱོགས་ལ་བཀྲ་ལ་ཤིས།།ཤར་ཕྱོགས་ཉི་མ་སེར་པོ་བཀྲ་ལ་ཤིས།།བཀྲ་ཤིས་ཉི་མ་གསེར་གྱི་ཁ་ཞག་འདྲ།།གསེར་གྱི་ཁ་ཞག་འཇིག་རྟེན་གཡང་ལ་ཆགས།།གཞོན་པ་ང་ཚོ་གཡུ་ཡི་པད་གདན་འདྲ།།པད་གདན་འགྱུར་བ་མི་གནང་ཨ་ལེ་ཧོ།།འཇིག་རྟེན་ལྷོ་ཡི་ཕྱོགས་ལ་བཀྲ་ལ་ཤིས།།ལྷོ་ཕྱོགས་སྤྲིན་པ་དཀར་པོ་བཀྲ་ལ་ཤིས།།བཀྲ་ཤིས་སྤྲིན་པ་དངུལ་གྱི་བུམ་པ་འདྲ།།དངུལ་གྱི་བུམ་པ་འཇིག་རྟེན་གཡང་ལ་ཆགས།།གཞོན་པ་ང་ཚོ་ཤེལ་གྱི་མེ་ཏོག་འདྲ།།མེ་ཏོག་འགྱུར་བ་མི་གནང་ཨ་ལེ་ཧོ།།འཇིག་རྟེན་ནུབ་ཀྱི་ཕྱོགས་ལ་བཀྲ་ལ་ཤིས།།ནུབ་ཕྱོགས་ཟླ་བ་དཀར་པོ་བཀྲ་ལ་ཤིས།།

歌唱了四海之内皆吉祥,年轻一代福资增长、富贵荣华的愿望。歌词:世界东方愿吉祥,东方大日愿吉祥,吉祥大日,迎来了吉祥福泽,我等青年如玉毡,玉毡不移,妙赞叹;世界南方愿吉祥,南方洁云愿吉祥,吉祥洁云,迎来了吉祥福泽,我等青年如晶花,晶花不移,妙赞叹。