Skip to main content Skip to search
06 Jan 2016
3 min 38 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Kelsang Kyi from Nyinshuk Township in Chentsa performing "Sing a Song for the Women." This song is part of a collection of folk songs from the Rebgong cultural area.

འདི་ནི་མི་ཚོགས་ཀྱི་གྲལ་མགོ་ན་བཞུགས་པའི་ཕ་ཨ་ཁུ་དང་གྲལ་རྔ་ན་བཞུགས་པའི་མ་སྲུ་རྣམས་ལ་བསྟོད་པའི་གླུ་ཞིག་རེད།

གླུ་འདིའི་ནང་དོན་གཙོ་བོ་ནི་གྲལ་མགོ་ན་བཞུགས་པའི་སྟག་ཤར་རྣམས་ལ་དཔའ་ཉམས་ཀྱིས་བརྗིད་པ་དང་གྲལ་རྔ་ན་བཞུགས་པའི་མ་སྲུ་རྣམས་ཝ་མོའི་གྲལ་ཁ་ཡག་པ་ལྟར་ཧ་ཅང་མཛེས་ཉམས་དང་ལྡན་པ་ཞིག་རེད་ཞེས་བསྟོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ༼ཨོ་ཡེ་་་་ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • གྲལ་མགོ་གྲལ་འདི་ཨ་ཁུའི་གྲལ།།༼ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • ཨ་ཁུའི་གྲལ་འདི་སྟག་གི་གྲལ།།༼ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • སྟག་ཐིག་ལེ་མ་ནོག་སྔར་བཞིན་རེད།།༼ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • གླུ་བར་མོ་སྐྱུར་ར་གཞུག་མོ་ལེན།།༼ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • ༼ཨོ་ཡེ་་་་ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • གྲལ་རྔ་གྲལ་འདི་མ་སྲུའི་གྲལ།།༼ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • མ་སྲུའི་གྲལ་འདི་ཝ་ཡི་གྲལ།།༼ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • ཝ་གྲལ་ཁ་མ་ནོག་སྔར་བཞིན་རེད།།༼ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽
  • གླུ་ཤེས་ནི་མིན་ར་དགོད་ཁ་སློང་།།༼ཞང་ང་ཡ་རེ་ལ་མོ་ལྡོང་ང་ཡ་རེ་ལེན༽