Skip to main content Skip to search
06 Jan 2016
5 min 38 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

This is a video of Tsering Jyi from Yonru Village in Chentsa singing a song called "Sing the First Song for the White Arrow." This song is part of a collection of folk songs from the Rebgong cultural area.

འདི་ནི་སྨོན་ལམ་འདེབས་པའི་གླུ་ཞིག་ཡིན།  རང་གི་སྐྱེས་ལྷར་མཆོད་པའི་ལབ་ཙེ་ཡང་ཡང་བསྟོད་པ་དང་རྨུ་ཐག་ཡང་ཡང་འཐེན་པ།  ཀུན་ལ་བཀྲ་ཤིས་ཡང་ཡང་ཞུ་བར་སྨོན་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་དུས་རྒྱུན་རང་གི་སྒྲུབ་དགོས་པའི་དོན་བྱ་རང་གི་སྐྱེས་ལྷར་ལབ་ཙེ་བསྟོད་པ་སོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཡང་ཡང་སྒྲུབ་ཐུབ་པའི་སྨོན་འདུན་བརྗོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ཡེ་་་་་ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ
  • གླུ་མགོ་མ་ལེན་ན་མགོ་མ་ལེན།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • གླུ་མགོ་མ་མདའ་དཀར་ལི་མ་རེད།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • མདའ་ཁྱེར་ཏེ་ལད་ཙེ་བསྟོད་ཀི་འགྲོ།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • ངས་ཡང་ཡང་བསྟོད་ཀི་སྨོན་ལམ་འདེབས།།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • ཡེ་་་་་ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ
  • གླུ་བར་མ་ལེན་ན་བར་མ་ལེན།།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • གླུ་བར་མ་བལ་དཀར་ཁ་ཆུ་རེད།།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • བལ་ཁྱེར་ཏེ་རྨུ་ཐག་འཐེན་གི་འགྲོ།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • ངས་ཡང་ཡང་འཐེན་གི་སྨོན་ལམ་འདེབས།།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • ཡེ་་་་་ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ
  • གླུ་གཞུག་མ་ལེན་ན་གཞུག་མ་ལེན།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • གླུ་གཞུག་མ་ནས་དཀར་དྲུག་སྨོན་རེད།།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • ནས་ཁྱེར་ཏེ་བཀྲ་ཤིས་ཞུ་རུ་འགྲོ།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • ངས་ཡང་ཡང་ཞུ་བའི་སྨོན་ལམ་ལམ་འདེབས།།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽
  • གླུ་ཤེས་ནི་མིན་ར་དགའ་ནི་ཡིན།།༼ཤེ་ཡ་རེ་གདའ་མ་ལ་བདེ་ཡང་བདེ་མོ་ལ་ཡང་འགུགས་ཡ༽