Skip to main content Skip to search
01 Sep 2018
4 min 39 sec
Ariana Maki
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཙན་དཱ་ར་ནེ་པལ Chandra Nepal
    ང་གི་མིག་འདི་ཙན་དཱ་ར་ཕུ་རཊ་ཟེར་སླབ་ཨིན། ད་ཕམ་ཚུ་གི་སླབ་བྱ་དང་ཤི་ལོག་མ་ཤེས་འདི་རང་འབད་རུང་སླབ་འདི་རང་ཡོད། སྒྱིད་ངན་མ་འབད་བ་ བཀྲ་ཉེན་མ་འབད་ ཞག་ཡང་ལེ་ཤཱ་མ་ཉལ། ག་དང་ཡང་མ་འདྲོག་རྩིགཔ་ཡང་ནམ་ཡང་མ བཟའ་བར་སྡོད། ལཱ་གཡོག་འགྱོག་པ་འབད་འདི་ ཤིག་བཟུམ་འབད་མ་སྡོད། ང་གི་ད་རེས་ག་ཅིག་འབད་ཚུགས་ཅིག་ག་མནོ་འདི་རང་སྡོད་དགོ རྒྱལ་ཁབ་དང་གཡུས་སྒོ་ལུ་ག་དེ་འབད་ཕན་ག་མནོ་འདི།
  • ཙན་དཱ་ར་ནེ་པལ དུས་ཨ་རྟག་རང་རྒྱལ་ཁབ་དང་གཡུས་གི་དོན་ལུ་མནོ་བསམ་བཏང་། མི་སྤྱང་ཀ་ཚུ་ལུ་ཕན་ཐོག་པའི་ལཱ་འབད་ སྦྱིད་ངན་མ་འབད། མི་ག་རང་འོང་རུང་ཇ་བྱིན་ བྱ་བ་བཟང་པོ་བཏོན་ད། ཨ་འི་གི་ཆོས་ལུ་དད་པ་ཡོད་པ་ཅིན་ བུ་ཞི་བསོད་ནམ་བཏག་འོང་། གུ་ཟེར་མི་རྒྱལ་པོ་འདི་ རྒྱལ་ཁབ་སྦོམ་ཅིག་གི་དཔོན་འབད་དོ་བཟུམ་ཨིན། ལཱ་ངན་འདི་ཚུ་སྤང་འདི་ བྱ་སྐྱོད་ལེགས་ཤོམ་འབད་དགོ མི་ག་དང་གཅིག་ཁར་འབད་རུང་ར་ཕམ་གཅིག་གི་བུ་བཟུམ་སྡོད།
    Chandra Nepal
  • ཙན་དཱ་ར་ནེ་པལ ངོ་ཤེས་སྒྲིག་ཤེས་མེད་འདི་འབད་རུང་ ཁོ་དང་གཅིག་ཁར་ལེགས་ཤོམ་འབད། འདི་བཟུམ་མ་མི་ཚུ་ལུ་ མ་མཐོང་བཟུམ་འབད་སྡོད་པ་ཅིན། ལྷ་ལུ་མ་ཕུལ་བ་བཟའ་ནི་ལྷ་ལུ་མ་ཕུལ་བ་བཟའ། ལྷ་ལུ་མ་ཕུལ་བ་བཟའ་བ་ཅིན་ག་རང་འབད་རུང་། ཤུལ་ལས་རང་ལུ་ལཱ་ལམ་འགྲོ་འགྱོ་མི་བཏུབ། རང་གི་མཉམ་རོགས་བཟུམ་འབད་ ལྷ་ཚུ་དྲན་པ་ཅིན་ལེགས་ཤོམ་འོང་། ནོར།བྲམ་ཟེ། ཆོས།བྱིན་པ་དང་འདོད་པ་ ལྔ་འདི་ཚུགས། ལྷ་གི་ང་བཅས་བསྐལ་པ་ཆགསཔ་དང་འདི་ལྔ་ཧེ་མ་འབྱུངས་ནུག
    Chandra Nepal
  • ཙན་དཱ་ར་ནེ་པལ འ་ནི་འདི་ང་བཅས་རང་ལམ་ལུགས་སྲོལ་ཅིག་ཨིན་ ཕམ་གི་ཨ་ལོ་ཚུ་ལུ་སླབ་བྱ་བྱིན་ནི་འདི། སྒྱིད་ངན་མ་འབད་བར་ལཱ་གཡོག་ཚུ་འགྱོག་པ་འབད། དེ་ལས་རོགས་ཀྱི་ཁྱིམ་ནང་འགྱོ་འདི་རང་གི་བྱ་སྐྱོད་མ་བཏོན་ ལེགས་ཤོམ་འབད་དགོ ཨ་ལོ་ག་ལེགས་ཤོམ་ཡོདཔ་ཅིག་ཁོང་ལུ་ལེགས་ཤོམ་སླབ་འོང་ ཏེ་ཁོང་གི་ལམ་འགྲོ་ཡང་ལེགས་ཤོམ་འོང་ཟེར་བའི་ཕམ་གི་སླབ་བྱ་ཨིན། ཕམ་འདི་ཚུ་ལགས་ཤོམ་ ཆོས་ལུ་དད་པ་ཡོད་པ་ཅིན་ བུ་ཞི་ཚུ་ཡང་རིགས་པ་ཅན་འོང་། དེ་ལས་ཨའི་གི་ཡང་བུ་འདི་ལེགས་ཤོམ་འགྱོ་ཚུ་ཟེར་ དཔེར་ན་ གོམ་ཟེར་བའི་ས་གནས་འདི་ནང་བུ་འདི་དཔོན་འབད་ནུག་ལོ་ འདི་ཡང་ཨའི་གི་ལཱ་ལས་བཏོན།
    Chandra Nepal
  • ཙན་དཱ་ར་ནེ་པལ འདི་འབདཝ་ལས་རོགས་ལུ་ངན་པ་མ་འབད་ དེ་ལས་རྒྱུ་ཅ་ལས་ལུ་སེམས་མ་ཤོག རྒྱུ་ཅ་ལ་ཡང་ན་རོགས་ལུ་སེམས་ཤོག་ འབད་བ་ཅིན་འདི་གི་ལས་ན་ལུ་རང་ལུས་འོང་། འདི་འབདཝ་ལས་ ལས་འོངམ་ད་རང་ཤུལ་ལས་རང་ལུ་ནོད་འོང་ འདི་འབད་ནི་འདི་གི་ག་ཅི་ལུ་ཡང་སེམས་མ་ཆགས། ག་ཅི་བཟོཝ་ཅིག་ ག་ཅིག་འཚོཔ་ཅིག་ ང་བཅས་བཟའཝ་སྨོ་ ཧེ་མ་ལྷ་ལུ་ཕུལ་འདི་ཅམ་ཅིག་རང་གི་བཟའ་དགོ ཏེ་མེ་ཏོག་ཤར་མི་འཚོ་བཙུག་མི་འདི་ལྷ་ཨིནམ་ལས་ ཁོང་ལུ་མ་ཕུལ་བ་བཟའ་བ་ཅིན་ ལས་བསག་འོང་། ཏེ་ཆུང་ཀུ་ཅིག་ལྷ་དང་རྒྱལ་པོ་ལུ་ཕུལ་འབད་བཟའ་བ་ཅིན་འདི་ལེགས་ཤོམ་ཨིན། ཏེ་འདི་ཚིག་འདི་ནང་ལུ་ཧེ་མ་བསྐལ་པ་ཆགས་པའི་དུས་ལུ་ ཧེ་མ་རང་ལྔ་འབྱུངས་ཡོད་ཟེར་ཨིན། འདི་ཡང་ ནོར།བྲམ་ཟེ། ཆོས།བྱིན་པ་དང་འདོད་པ་ ལྔ་ཨིན་མས། འདི་ལྔ་འབྱུངས་འདི་གི་ ང་བཅས་མི་འབྱུངས་ནུག
    Chandra Nepal