Skip to main content Skip to search
07 Sep 2018
5 min 17 sec
Samten Yeshi
Video Overview
Creators: 
Norzin Lhamo

Chimi Wangmo from Drakteng Gewog sings a song describing the flowers offered to the gods. The advantages and blessings gained from offering to the god is that they are equal to offering a mandala (kyilkhor). Chimi Wangmo did not know the history of the song, and shared that older people used to sing it during festivals and rituals in their village.

ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་ནང་ལས་ འཆི་མེད་དབང་མོ་གིས་ གླུ་གཞས་ ཤར་ཕྱོགས་དུང་གི་རི་བོ་དཀར་པོ་གནས་ཟེར་མི་འཐེན་དོ་ཡོདཔ་ཨིན། གླུ་གཞས་ཀྱི་ཚིག་གིས་ ལྷ་དང་ དཀོན་མཆོག་ཚུ་ལུ་ མེ་ཏོག་གིས་མཆོད་པ་ཕུལ་དགོ་པའི་སྐོར་ལས་བཤད་པ་རྐྱབ་དོ་ཡོདཔ་ཨིན། མེ་ཏོག་འདི་ ལྡུམ་རྭ་ནང་ལུ་ དེ་སྦེ་རང་མ་བཞག་པར་ ལྷ་དང་ དཀོན་མཆོག་ཚུ་ལུ་ མཆོད་པ་ཕུལ་དགོ་ཟེར་ཨིན་མས། གལ་སྲིད་ ལྷ་དང་ དཀོན་མཆོག་ལུ་ མེ་ཏོག་གིས་མཆོད་པ་ཕུལ་ཚུགས་པ་ཅིན་ རང་ལུ་ དཀྱིལ་འཁོར་ཕུལ་དོ་བཟུམ་མའི་ ཕན་ཡོན་ཡོད་ཟེར་ཨིན་མས། གླུ་གཞས་འདི་ དུས་སྟོན་དང་ ཚེས་བཅུའི་སྐབས་ལུ་ གཡུས་ཁའི་མི་རྒན་ཤོས་ཚུ་གིས་འཐེནམ་ཨིན་རུང་ མོ་གིས་ གླུ་གཞས་ཀྱི་འབྱུང་ཁུངས་ཚུ་མི་ཤེས་དོ་ཡོདཔ་ཨིན།  

Transcript search
No results found for this search
0 of 0
 • འཆི་མེད་དབང་མོ། Chimi Wangmo
 • འཆི་མེད་དབང་མོ། Chimi Wangmo
  ཤར་ཕྱོགས་གདུང་གི་རི་བོ་དཀར་པོ་ནས་ལགས། །མེ་ཏོག་པད་མ་དྭངས་ལས་འོད་ཅིག་ཤར། །མེ་ཏོག་པད་མ་དངས་ལས་འོད་ཅིག་ཤར། །
 • འཆི་མེད་དབང་མོ། Chimi Wangmo
  མེ་ཏོག་འདི་རུ་མ་བཞག་ལྷ་ལུ་ཕུལ་ལགས། །མེ་ཏོག་འདི་རུ་མ་བཞག་ལྷ་ལུ་ཕུལ། །
 • འཆི་མེད་དབང་མོ། Chimi Wangmo
  མེ་ཏོག་ལྷ་ལུ་ཕུལ་བའི་ཕན་ཡོན་གྱིས་ལགས། །སྨོན་འབྲས་གཅིག་ཏུ་འཛོམས་པའི་སྨོན་ལམ་ཞུ། །སྨོན་འབྲས་གཅིག་ཏུ་འཛོམས་པའི་སྨོན་ལམ་ཞུ། །
 • འཆི་མེད་དབང་མོ། Chimi Wangmo
  སངས་རྒྱས་རྡོ་རྗེ་སེམས་དཔའ་ཞབས་དྲུང་ནས་ལགས། །རང་སེམས་ཆོས་ལ་དཀར་བའི་ཀུན་བཟང་མོ། །རང་སེམས་ཆོས་ལ་དཀར་བའི་ཀུན་བཟང་མོ། །
 • འཆི་མེད་དབང་མོ། Chimi Wangmo
  དགུང་སྟོད་ཡས་ཀྱི་ཕྱོགས་སུ་གཟིགས་རོ་གནང་ལགས། །ཁྲི་གདུགས་ཉི་མ་ཨིན་ཟེར་སྔོན་ལ་འགྲོ། །ཁྲི་གདུགས་ཉི་མ་ཨིན་ཟེར་སྔོན་ལ་འགྲོ། །
 • འཆི་མེད་དབང་མོ། Chimi Wangmo
  ཞོ་ཞལ་ཟླ་བ་ཨིན་ཟེར་ཤུལ་ཏུ་འགྲོ་ལགས། །བར་དུ་ཀརྨ་སྨིན་དྲུག་ཁྲབ་ཟེརན་ཁྲབ། །བར་དུ་ཀརྨ་སྨིན་དྲུག་ཁྲབ་ཟེརན་ཁྲབ། །
 • འཆི་མེད་དབང་མོ། Chimi Wangmo
  ང་བཅས་མེད་ཟེར་ནས་ལ་ཕ་ཡང་མེད་ལགས། །ང་བཅས་མེད་ཟེར་ནས་ལ་མ་ཡང་མེད། །
 • འཆི་མེད་དབང་མོ། Chimi Wangmo
  དོ་གོང་སྔོན་ལ་ཐོབ་པའི་ཕ་མ་ནི་ལགས། །ད་ལྟ་སྔོན་སུམ་མཇལ་ན་དགའ་ཡང་དགའ། །ད་ལྟ་སྔོན་སུམ་མཇལ་ན་དགའ་ཡང་དགའ། །
 • འཆི་མེད་དབང་མོ། Chimi Wangmo
  ལགས་སོ། བཀྲ་དྲིན་ཆེ།