Skip to main content Skip to search
21 Jun 2018
4 min 27 sec
Ariana Maki
Video Overview
Creators: 
Sonam Chophel, Duptho

In this video, Samten Wangmo from Yangtse Gewog in Trashiyangtse district sings the Boedra song “Neyang Choekhor Lhasa,” which loosely translates as “The Sacred Site of Choekhor, Lhasa.” The song is about the most sacred and important temple in Tibet. The song is sung on religious festivals and events, such as Lochey or Choekhor. The song can be sung as well as danced, either by an individual or groups, where everyone joins in singing. 

 

གཡང་རྩིས་རྒས་འོག་ལས་ཨིན་མི་ བསམ་གཏན་དབང་མོ་གིས་ གནས་ཡང་ཆོས་འཁོར་ལྷ ས་ཟེར་བའི་ གླུ་གཞས་འདི་ འཐེན་འདི་ ཡོདཔ་ཨིན་མས། འདི་ཡང་ བོད་ལྷ ས་འདི་ གལ་ཅན་ཨིནམ་པའི་སྐོར་ལས་ བསད་འདི་ ཡོདཔ་ཨིན་མས། བོད་ལྷ ས་འདི་ ས་གནས་གལ་ཅན་ཅིག་ཨིནམ་དང་ དེ་ལས་རྩ ཆེ་ཏོག་ཏོ་ཅིག་ཨིན་མས། གླུ་གཞས་འདི་དུས་སྟོན་ཚུའི་སྐབས་ འཐེན་སྲོལ་ཡོདཔ་ཨིནམ་དང་ དེ་ལས་ ལོ་ཆོས་དང་ ཚོགས་སྐོར་གྱི་སྐབས་ འཐེན་སྲཽལ་ཡོདཔ་ཨིན་མས། གླུ་གཞས་འདི་ ག་ར་ཅིག་ཁར་འཛོམ་འདི་ རྐྱབ་སྲོལ་ཡོདཔ་དང་ ཡང་ན་རང་རྐྱང་འབད་ འཐེན་རུང་ བཏུབ་དོ་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • བསམ་གཏན་དབང་མོ་ Samten Wangmo
    སྭོ་ དཔེ་ལ་མ་སེ། དཔེ་ལ་ཡག་མོ་གསེར་སྐུ་ལ་ཡོད་དོ་ལ། །གནས་ཡང་ཆོས་སྐོར་ལྷ་ས། །དཔེ་ལ་ཡག་མོ་གསེར་སྐུ་ལ་ཡོད། །གནས་ཡང་ཆོས་སྐོར་ལྷ་ས། །དཔེ་ལ་ཡག་མོ་གསེར་སྐུ་ལ་ཡོད། །
  • བསམ་གཏན་དབང་མོ་ Samten Wangmo
    སྭོ་ གཡང་ཅིག་མ་ཁུག གཡང་ལ་ཡག་མོ་ཁུག་ཁུག་ལ་ཡོད་ལ། །ཇོ་བོ་ལ་ཤཱཀྱ་མུ་ནི། །གཡང་ལ་ཡག་མོ་ཁུག་ཁུག་ལ་ཡོད། །ཇོ་བོ་ལ་ཤཱཀྱ་མུ་ནི། །གཡང་ལ་ཡག་མོ་ཁུག་ཁུག་ལ་ཡོད། །
  • བསམ་གཏན་དབང་མོ་ Samten Wangmo
    སྭོ་ དབྱར་ཀའི་དུས་སུ། མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད་དོ་ལ། །མེ་ཏོག་ལ་པདྨ་བརྒྱ་ཡིས། །མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད། །མེ་ཏོག་ལ་པདྨ་བརྒྱ་ཡིས། །མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད། །
  • བསམ་གཏན་དབང་མོ་ Samten Wangmo
    སྭོ་ དགུན་ཀའི་དུས་སུ། མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད་དོ་ལ། །ཆུ་མོ་ལ་ཡོན་ཆབ་བརྒྱ་ཡིས། །མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད། །ཆུ་མོ་ལ་ཡོན་ཆབ་བརྒྱ་ཡིས། །མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད། །
  • བསམ་གཏན་དབང་མོ་ Samten Wangmo
    སྭོ་ ནམ་མཁའ་བཞིན་དུ། མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད་དོ་ལ། །ཞལ་ཟས་ལ་མར་མེ་བརྒྱ་ཡིས། །མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད། །ཞལ་ཟས་མར་མེ་བརྒྱ་ཡིས། །མཆོད་པ་ཡག་མོ་ཕུལ་དགོ་ལ་ཡོད། །ལགས་སོ་ལགས།། །།