Skip to main content Skip to search
02 Apr 2019
12 min 53 sec
Ariana Maki
Video Overview
Creators: 
Tibetan and Himalayan Library

A children's number game using sticks.

བྱིས་པའི་རྩེད་མོ་ཤིང་ཤོ་ཡི་ངོ་སྤྲོད།

བརྙན་འདིར་ཤིང་ཤོ་ཞེས་པའི་ཤོ་ཁྱི་མ་བུ་དང་ཤོ་རྡེའུ་སོགས་ལ་སོ་སོའི་ཐུན་མིན་གྱི་བཟོ་ལུགས་དང་། དེའི་རོལ་རྩེད་རྩ་དོན་སོགས་གསལ་པོར་བཤད་ཡོད།

儿童的游戏木根骰子。

本视频介绍儿童木根骰子的游戏:制作变化和演奏指示。

Transcript search
No results found for this search
0 of 0
  • ལོ་ཤེས།
    སྔོན་ཆད་ཡིན་ན་འདི་འདྲིའི་རྩེ་ཚུལ་ཞིག་ཡོད།
  • ཉག་མའི་རྒྱུ་ཆ་བྱས་པ་ཞིག་ཡིན་པ་རེད།
  • ཉག་མའི་རྒྱུ་ཆ་བྱས་ན་ཉག་མ་མི་སྦོམ་མི་ཕྲ་ཞིག་གཞོག་པ་ལ།
  • རིང་བོ་གསུམ་དགོས་ལ། ཐུང་བ་གཉིས་དགོས་པ་རེད།
  • དེ་ཡང་གས་གཉིས་སུ་གཏོང་དགོས།
  • དེ་ནས་ཤོ་ཁྱི་ཟེར་རྒྱུ་ལ་མ་གཉིས་ཡོད་པ་རེད།
  • མ་ཞེས་ན་ཤིང་ཅུང་རིང་བོ་གཉིས་གཞོག་པ་ཡིན། དེ་ནས་བུ་བདུན་ཡོད་པ་རེད།
  • དེ་ལ་ཤིང་ཅུང་ཐུང་བ་བདུན་གཞོག་དགོསཔ་རེད། མི་མང་ན། ད་སྔ།
  • མི་གཉིས་ཡིན་ན་གཅིག་དཀར་པོ་(ཤིང་ཤུན་བཞོག་པའི་ཉག་མ།)རེད།
  • གཅིག་ཤོས་གྱིས་ཤིང་དེ་ཅི་ཡིན་ན་ཤིང་ཤུན་མ་བཞོག་པར་བསྐྱུར་བཞག་ན་ཆོག་ནི་རེད།
  • མི་མང་བཞན་ན་ཚ་དཀར་ཚག་བྱེད་རྒྱུ་འདྲ། ཐོག་ཏུ་ཐིག་ལེ་ཕབ་རྒྱུ་འདྲ། དེ་རང་མོས་ཡིན།
  • དེ་རང་རང་་་རང་རང་གི་ཤོ་ཁྱི་མི་ནོར་ནི་བྱས་རྩེད་མོར་རོལ་ན་དེ་རེད།
  • དེ་ནས་ཤོ་ལ་གསུམ་ནས་སོང་ཡོད་པ་རེད།
  • གསུམ་ནས་སོང་ན་གསུམ་བ་ལུ་རེད། བཞི་ཅི་ལུ་རེད།
  • ལྔ་གེ་ལེ་རེད། དྲུག་གྲུ་གུ་རེད་གྲུ་གུ་རོག་ཡར་མ་ཟེར་དཔེ། བདུན་དོ་ལོ་རེད།
  • བརྒྱད་ཁྲ་གད་སེ་བོ་ཟེར་ནི་རེད་དེ་ལ་འཛུར་ཤོ་ཡོད་ནི་རེད།
  • དགུ་ལ་འཛུར་ཤོ་ཡོད་ནི་རེད།
  • བཅུ་རེད་བཅུ་ལ་ཨ་བཅུ་མ་ཐེ་བཅུ་མ་ཟེར་ནི་རེད།
  • བཅུ་གཅིག་ཐིག་ཟེར་ནི་རེད། ཐིག་རྡོ་རྒོད་ཀྱི་སྤྲུལ་བ་གནམ་ལྕགས་ཀྱི་འཛེར་མ་ཟེར་དཔེ།
  • བཅུ་གཉིས་རེད། བཅུ་གཉིས་ཉུག་ཟེར་ནི་རེད། དེ་ལ་ཡང་འཛུར་ཤོ་ཡོད་ནི་རེད།
  • བཅུ་གཉིས་ལ་འཛུར་ཤོ་ཡོད་རྒྱུ་རེད།
  • དེ་ནས་བཅོ་ལྔ་རེད་བཅོ་ལྔ་ཁག་རེད།
  • བཅོ་བརྒྱད་དམར་ལེབ་སེ་ཟེར་ནི་རེད། ཀུན་གྱི་ཁ་ཐུར་ལ་སྦུབ་བཏང་ན་དེ་རེད།
  • བཅོ་བརྒྱད་དམར་ལེབ་སེ་ཟེར་ནི་རེད།
  • བརྒྱད་ཁྲ་གད་སེ་ཟེར་ནི་རེད། ཡར་མར་འགྲོ་སྟངས་ནི་དེ་འདྲ་ཞིག་རེད།
  • དེ་ནས་ཤོའི་འགྲོ་ཚུལ་ཡིན་ན་རང་རང་གི་སྔོ་དུ་མགོ་རྩོམ་དུས་ན།
  • མི་གཉིས་ཡོད་ན་མི་གཉིས་བོས་སྔོན་རྩོད་ཚུལ་ལས་
  • སྔོན་ལ་ངེད་གཉིས་ཀྱིས་ར་རང་གི་རེ་རེ་འཕང་ན།
  • དེའི་མཐོ་དམན་འདྲ་འདྲ་བོ་རེད། ད་ཁྱོད་ལ་གསུམ་མི་མ་བབས།
  • ང་ལ་བཞི་བབས་བཞག་ན་ང་སྔོན་ལ་འཕེན་རེས་རེད།
  • དེ་ནས་ངས་སྔོན་ལ་ཤོ་རྡེའུ་བཞིའི་ནང་དུ་བཞག་བཏང་ན་དེ་རེད།
  • ཁྱོད་ཀྱིས་རྗེས་ནས་འཕང་ན་རང་ལ་ཅི་བབས་ན་ཅི་རེད་བཅུ་གསུམ་བབས་ན་བཅུ་གསུམ་རེད།
  • བཅུ་གཉིས་བབས་ན་བཅུ་གཉིས་རེད།
  • བཅོ་བརྒྱད་བབས་ན་བཅོ་བརྒྱད་རེད་དེ་ལ་ཤོ་རྡེའུ་རྩིས་ནས་བཞག་ན་དེ་རེད།
  • དེའི་འགྲོ་སྟངས་ནི་དེ་འདྲ་ཞིག་རེད། དེར་མི་མང་ན་འུར་རྒྱག་བྱེད་རྒྱུ་རེད།
  • གཅིག་གིས་གཅིག་ལ་འགྲོ་མགོར་མི་རྒྱུག་པར་ཕན་ཚུལ་དེ་འདྲ་བྱེད་རྒྱུ་རེད།
  • མི་ཉུང་དུས་ན་ཡང་འགྲོ་ལུགས་ལ་དེ་འདྲ་མི་ཤེས་རྒྱུ་ཡོད་ནི་མ་རེད།
  • རང་གིས་རྡོ་ཅི་ཙམ་བཞག་ན་ཆོག་ལ་མི་མང་དུས་ཅུང་མང་བོ་འཇོག་རྒྱུ་རེད།
  • མི་ཉུང་དུས་ཉུང་ཉུང་ལས་མི་འཇོག་རྒྱུ་རེད། ཕལ་ཆེར་བརྒྱ་ཡས་མས་ལས་མི་འཇོག་རྒྱུ་རེད།
  • གཅིག་ཤོས་ཡིན་ན་རྡོ་ཉིས་བརྒྱ་སུམ་བརྒྱ་འཇོག་དུས་ཡང་ཡོད་རྒྱུ་རེད།
  • མི་ལྔ་དྲུག་གི་འཕེན་ནི་ཡོད་དུས་གཅིག་གིས་གཅིག་ལ་ཉོག་བསྲེས་ན་
  • དུས་དེ་མ་ཐག་ཏུ་མི་ཚར་རྒྱུ་བྱེད་སྲིད། དེ་འདྲ་ཞིག་རེད།
  • འཕེན་ཚུལ་གྱི་ཐོག་ནས་གྲངས་ཀ་མཐོ་དམའ། མཐོ་བ་བོས་སྔོན་ལ་འཕེན་རྒྱུ་རེད།
  • དེ་ནས་མི་བཞི་རེ་ཡོད་ན་དམའ་བ་བོ་རྗེས་སུ་ལུས་འགྲོ་ནི་རེད།
  • མཐོ་བ་བོ་སྔོན་མ་འཕེན་རྒྱུ་རེད། མགོ་རྩོམ་པའི་འཇོག་ཚུལ་ལས་སྔ་ཕྱི་དེ་ལྟར་འབྱེད་པ་རེད།
  • ཕམ་སོང་ན་ང་ཚོས་དེ་ལས་རྒྱལ་སྐུག་ནི་མ་རེད་རང་བཞིན་དུ་འུར་རྒྱག་བྱས་ཏེ་
  • ཁྱོད་ཕམ་སོང་ཟེར་རྒྱུ་ལས་དེ་མིན་དེ་དུས་ལ་རྒྱལ་སྐུག་མི་དཔེ།
  • གནའ་མི་ཡིན་ན་རྒྱལ་སྐུག་པ་འདྲ། རྒྱན་སྐུག་ནི་རེད་ཟེར།
  • ང་ཚོའི་སྐབས་ལ་རྒྱལ་སྐུག་ནི་ཡོད་ནི་མ་རེད། གཏན་ནས་ཡོད་ནི་མ་རེད།
  • འགྲིག་དེད་རུང་དེ་རེད། ཁྱོད་རྒྱལ་ན་ཁྱོད་རེད། ང་རྒྱལ་ན་ང་རེད།
  • འགྲིག་འདེད་མཁན་ཞིག་རེད་ཟེར་རྒྱུ་རེད། ད་འདི་མི་ཐུབ་ས་ཞིག་རེད་ཟེར་རྒྱུ་རེད།
  • དེ་འདྲ་ཟེར་བ་ཙམ་ལས་རྒྱལ་སྐུག་ནི་མ་རེད།
  • སྔོན་ཆད་དེ་ལ་ཡང་སྐུག་རྒྱུ་ཡོད་ཚུལ་ཡོད་པ་འདྲ་འགྲིག་ཕོག་ན་ཡོད་ལ་
  • ཤོ་ལས་རྒྱལ་ན་ཡང་ཡོད་ནི་རེད་ཟེར་བ་ལས་ང་ཚོའི་དུས་ལ་ཡོད་ནི་མ་རེད།
  • སེམས་ཅན་རེ་སྐུག་རྒྱུ་རེད། ལུག་རྫི་སོས་རྒྱལ་བཞག་ནས་ལུག་རེ་ཤོར་ནི་རེད་ཟེར་རྒྱུ་ཡོད་པས་
  • ཟོག་མི་འཇོག་ནི་ཡིན་ན་ཐང་མིན་པ་ལས་ལུག་དེ་སྐུག་རྒྱུ་རེད་བསམ་སོང་།
  • ཅི་ཞིག་སྐུག་གི་ཡོད་པ་མི་ཤེས།
  • ང་ཚོའི་དུས་ལ་རྒྱལ་སྐུག་གཏན་ནས་མི་དཔེ་པ་ལས་
  • རང་བཞིན་དུ་ཨོ་ཁོ་དེ་རིང་ཅི་འདྲིའི་ཤོ་ཞིག་འབབ་པ་ལ།
  • ཅི་འདྲིའི་ལག་ཡག་པོ་འདུག་ཟེར་རྒྱུ་རེད། དེ་རེད།
  • དེ་རིང་མ་ཐུབ་པར་ཁོ་སྔོན་ལ་བུད་ན་དེ་ལག་ཡག་པོ་རེད་ཟེར་རྒྱུ་རེད།
  • དེ་མིན་ཅང་མེད།
  • འགྲིག་དེད་ན་ཕམ་རྒྱལ་དཔེ་མེད་དོད་ནས་འགྲིག་བ་ཚོད་ཚོད་ལ་མི་ཐུབ་ས་ཡོད་དཔེ།
  • ཐུ་སེ་ཆ་བོ་དེ་ནས་ཅི་ལྟར་དེད་རུང་མི་ཐུབ་པར་ཁོ་རང་རྒྱལ་འཇོག་དཔེ།
  • གཅིག་ཤོས་ཕམ་འགྲོ་དཔེ། དེ་རེད། དེ་མིན་ནས་ཅི་ཡང་ཡོད་པ་མ་རེད།
  • རྒྱལ་སོགས་སྐུག་མི་དཔེ་མིན་པས་ཕམ་རྒྱལ་དཔེ་མེད་མ་དོད་ན་
  • ཙག་ཁ་དང་ཙག་ཁ་བསྡུར་རྒྱུ་འགྲོ་དཔེ།
  • ཕམ་རྒྱལ་དཔེ་མེད་དོད་སོང་དུས་ན་དེའི་ལྷ་ས་བསྐོར་ནི་ཟེར་རྒྱུ་འདྲ།
  • བཞི་སྲེག་ཐེན་ནི་ཟེར་རྒྱུ་འདྲ། དེའི་ཁྱོད་ལ་ལྷམ་བཏབས་པ་ཟེར་རྒྱུ་འདྲ་ཡོད་ནི་རེད།
  • དེའི་ཉིན་ལ་མི་དེའི་ཁོ་རང་ལ་ཅི་འབབ་དགོས་ན་དེར་བོས་ཏེ་
  • དངོས་གནས་འབབ་ས་རེ་ཉིན་རེ་ཉིན་རེར་ཁྱད་ཡོད་དཔེ།
  • དེ་རིང་ད་ང་རྡོ་ལྔའི་ཚད་ལ་འགྲོ་དགོས་ན་ལྔ་ལ་བོས།
  • བཅུའི་ཚད་ལ་འགྲོ་དགོས་ན་བཅུ་ལ་བོས་ན་
  • དངོས་གནས་དེ་ཐོག་གི་ཨང་གི་ལྟར་དུ་བབས་འཇོག་རྒྱུ་ཡོད་ནི་རེད།
  • ལག་མ་ཡག་དུས་ཁྱོད་ཀྱིས་ཅི་ལྟར་བོས་རུང་ཁྱོད་ལ་ཨང་གི་ཅི་དགོས་རུང་།
  • ཁ་གྲངས་ཅི་དགོས་རུང་དེར་བོས་ན་ཁར་ཁེར་ལས་འབབ་ནི་མ་རེད།
  • ལག་ཡག་ནས་ཉིན་མར་ཁོ་རང་གིས་བོས་ན་ཕལ་ཆེར་ལས་ཚང་མ་ཞེས་ན་རྫུན་རེད་མོད་
  • བརྒྱ་ཆར་གཤར་མང་ཤས་འབབ་རྒྱུ་རེད། དེས་ནས་ཁོ་རྒྱལ་ཡང་ཐུབ་རྒྱུ་རེད།
  • མང་ཤས་བབས་བཞག་དུས་དེའི་ཉིན་པར་ཁོ་རང་ལ་
  • ལག་ཡག་ནི་རེད་ཁོ་རང་སྔོན་ལ་བུད་འཇོག་རྒྱུ་རེད།
  • ལག་མ་ཡག་མཁན་དེས་ཁོ་རང་གི་དགོས་རྒྱུ་དེར་བོས་རུང་མི་འབབ་ནི་རེད།
  • དེས་ན་ཕམ་འགྲོ་ནི་རེད། དེ་རེད། ཕམ་རྒྱལ་ཟེར་བ་ལས་ང་ཚོས་རྒྱལ་སྐུག་ནི་མ་རེད།
  • དེའི་སྔོན་ལ་ཕལ་ཆེར་ཅིག་རེ་སྐུག་པ་འདྲ།
  • ལུག་རེ་བཞག་ཏེ་ཐོང་བ་རེ་ཤོར་སོང་ནི་རེད་ཟེར་རྒྱུ་རེ་ཡོད།
  • ལུག་རྫི་སོས་འཕེན་རྒྱ་རེད་བསམ་སོང་། ང་རང་གི་བསམ་ན་དེ་འདྲ་ཞིག་རེད།
  • འབོད་ཚུལ་འདྲ་ཡིན་ན་གསུམ་བ་ལུ་རེད།
  • ད་གསུམ་འབབ་དགོས་ན། བ་ལུ། བ་ལུ་ཞེས་འབོད།
  • བཞི་ཡིན་ན་བཞི་ཙི་ལུ་ཟེར། ཙི་ལུ། ཙི་ལུ་ཞེས་འབོད།
  • ལྔ་ཡིན་ན་གེ་ལེ་རེད། གེ་ལེ། གེ་ལེ་ཞེས་འབོད་པ།
  • ད་རུང་དེ་ལ་ཡང་འབོད་སྟངས་མང་ནི་རེད་མོད་ལྔ་གེ་ལེ་རེད།
  • དྲུག་གྲུ་གུ་རེད། གྲུ་གུ་རོག་ཡར་མ་ཟེར་ནི་རེད།
  • བདུན་དོ་ལོ་རེད། དོ་ལོར་བསྟོད་པ་བྱས་ན་དོ་ལོ་གཡག་དམར་མདའ་གཞུ་ཅན།
  • དགྲ་གྱེན་དུ་མ་མངགས་ཐུར་དུ་མངོགས་སོགས་ཟེར་ཁུལ་བྱས་ནི་ལག་གི་(ཤོ)
  • མར་འཕང་སྟེ་པུས་མོའི་ཐོག་ཏུ་ཐལ་ལྕག་གི་རྒྱག་རྒྱུ་རེད།
  • འཕང་རྗེས་ཐལ་ལྕག་གི་རྒྱག་གི་འདུག་དཔེ།
  • ཐལ་ལྕག་ཞེས་རུང་བང་གི་ཐོག་དང་པུས་མོའི་ཐོག་ཏུ་རྒྱག་ནི་རེད།
  • དཀྱིལ་དྲུང་བཅས་ཏེ་གོར་གོར་བྱས་བསྡད་ཡོན་ནི་རེད།
  • གནའ་འདུག་སྟེགས་ཞིག་ཡོད་ནི་མ་རེད།
  • དཀྱིལ་ལ་ཤོ་སྟན་ཞིག་བཏང་ནི་དེའི་ཐོག་ཏུ་རྡོ་ཆ་བོ་གོར་གོར་བྱས་བཞག་རྗེས་འཕེན་ནི་རེད།
  • འཛུར་ཤོ་བབས་དུས་ཡང་བསྐྱར་གཅིག་འཕེན་རྒྱུ་ཡོད་ནི་རེད། འཛུར་ཤོ་ཟེར་རྒྱུ་དེ་རེད།
  • བརྒྱད་ལ་འཛུར་ཤོ་ཡོད་ནི་རེད། དགུ་ལ་འཛུར་ཤོ་ཡོད་ནི་རེད།
  • བཅུ་གཉིས་ལ་འཛུར་ཤོ་ཡོད་ནི་རེད། བཅོ་བརྒྱད་ལ་འཛུར་ཤོ་ཡོད་ནི་རེད།
  • དེ་ཚོ་འཛུར་ཤོ་ཡོད་ས་དག་རེད།
  • དེ་ནི་འཕེན་སྟངས་ལས་ཆ་མ་ཆ་མ་བྱས་ནས་ཡར་འཁོར་བ་དང་མར་འཁོར་ཡོད་པ་དེ་རེད།
  • བཅུ་གཉིས་ཡིན་ན་རིང་བ་གསུམ་པོ་ཡར་འཁོར་ཡོད་ན་དེ་རེད།
  • དགུ་ཡིན་ན་ཐུང་བ་གཉིས་ཡར་འཁོར་ཡོད་ལ་རིང་བ་གསུམ་པོ་ཆ་བྱས་ཏེ་
  • མར་འཁོར་བསྡད་ཡོད་པས་དེར་འཛུར་ཤོ་ཡོད་ནི་རེད། བརྒྱད་ཡིན་ན་འདི་ལྟ་བུ་རེད།
  • ཚང་མའི་ཡར་འཁོར་བསྡད་ཡོད་ནི་རེད། དེར་འཛུར་ཤོ་ཡོད་ནི་རེད།
  • བཅོ་བརྒྱད་ཡིན་ན་ཚང་མའི་ཁ་མར་འཁོར་བསྡད་ཡོད་པས་དེར་འཛུར་ཤོ་ཡོད་ནི་རེད།
  • འཛུར་ཤོ་ཡོད་ས་ནི་དེ་དག་ལྔ་བོ་རེད།
  • འཛུར་ཤོ་ཞེས་པ་ཅི་ཞིག་གི་སྐད་ཡིན་པ་མི་ཤེས། འཛུར་ཤོ་ཡོད་པ།
  • འཛུར་བཞག་ཐལ་ཟེར་བ་ལས་དེ་བོད་སྐད་ཞིག་ཡིན་རྒྱུ་རེད།
  • ད་སྔ་ཤོ་འཕེན་ནི་ཚོས་དེ་འདྲ་ཞིག་ཡིན་ལ་བོད་སྐད་ཞིག་ཡིན་རྒྱུ་རེད།
  • མདོར་ན་ཡང་བསྐྱར་ཐེངས་གཅིག་འཕེན་རྒྱུ་ཡོད་ནི་རེད།
  • དེ་ལས་འདི་དེའི་སྐད་རེད་ཟེར་རྒྱུའི་ལྷག་མ་ཞིག་ང་ལ་ཡང་མེད།
  • འཛུར་ཤོ་ཡོད་བཏང་ན་ཐེངས་གཉིས་ལ་འཕེན་རྒྱུ་ཡོད་ནི་རེད།
  • ཁྱོད་རང་གི་སྐལ་ལ་གཅིག་འཕང་རྗེསའཛུར་ཤོ་བབས་དུས་
  • ཡང་བསྐྱར་ཐེངས་གཅིག་ལ་འཕེན་ཆོག་ནི་རེད།
  • མདོར་ན་གཉིས་གཉིས་འཕེན་རྒྱུ་ཡོད་ནི་རེད།
  • ཁྱོད་ལ་དེ་རིང་ལག་ཡག་ཉིན་ཁྱོད་ཀྱིས་བོས་དུས་ན་ཡོང་ནི་རེད།
  • ཡར་ལ་འགྲོ་དགོས་ན་ཁྱོད་རང་གི་འབོད་རྒྱུ་དེ་ཕལ་ཆེར་འབབ་ནི་རེད།
  • ད་དུང་ཁྱོད་ལ་འཛུར་ཤོ་འཕེན་རྒྱུ་མང་པོ་འབུད་ནི་རེད།
  • དེས་ན་ཁྱོད་མགྱོགས་ནི་རེད་རྡོ་ལུ་ཚང་མ་དེ་མ་ཐག་ནས་བསྐྱུར་དེ་
  • གོང་གི་སྣེ་ལ་བུད་འཇོག་ནི་རེད། ཤོ་རྡེའུ་ཚང་མ། དེ་འདྲ་ཞིག་རེད།
  • ཤོ་ཁོ་རང་འབབ་མི་འབབ་རེད། དེའི་ཐོག་གི་རེད།
  • དེའི་ཉིན་མ་འབབ་ནས་ཉིན་ལ་ལག་ཡག་ནས་ཉིན་མར་
  • ཁོ་རང་འབབ་ཉིན་ཞིག་ཡོད་ནི་རེད་མིན་པས་འབབ་ཉིན་ལ་
  • ཉིན་རེ་ཉིན་རེ་ཁྱད་དཔེ་མིན་པས་འབབ་ཉིན་དེར་ཁོ་རང་འབོད་སར་
  • ཨང་གི་ཁ་གྲངས་ཅི་ཞིག་དགོས་ཡོད་ན་དེ་ཕལ་ཆེར་འབབ་ནི་རེད།
  • དེའི་ཁར་ཁོ་སྔོན་ལ་འབུད་དགོས་པས་འཛུར་ཤོ་མང་པོ་འབབ་ནི་རེད།
  • སྐོར་གཉིས་གཉིས་ལ་འཕེན་རྒྱུ། ཐེངས་གཉིས་གཉིས་ལ་འཕེན་རྒྱུ།
  • དེས་ན་ཁོ་ལ་འདེད་རྒྱུ་མེད་ནི་རེད། དེས་ན་ཁོ་རང་རྒྱལ་འགྲོ་བ་རེད།
  • ཤེས་རྒྱུར་ཅུང་ཤེས་མོད་ཁ་ཚང་བོར་འབོད་རྒྱུ་ཞིག་མིན། བདེ་མོ་ཞིག་ཡིན་ནི་མ་རེད།
  • སྐྱེས་པ་ཏག་ཏག་གི་འུར་རྒྱག་བྱས་ནི་ད་དེ་འདྲ་ཞིག་ཡིན་ནི་རེད།
  • མིན་པས་མིང་ཚང་མ་ཁྱོད་ལ་བཤད་བཞག་ཡོད།
  • འབོད་ཚུལ་ཡིན་ན་བརྒྱད་ཁྱད་ཟེར་ནི་རེད། ཁྱད། ཁྱད། ཁྱད་ཟེར་དཔེ།
  • དེ་ཟེར་བཞག་ན་དེ་རེད། ཁྲ་གད་སེ་བོ་རེད།
  • བཅོ་བརྒྱད་ཅི་བྱས་རུང་བཅོ་བརྒྱད་དམར་ལེབ་སེ་བོ་ཟེར་ནི་རེད་
  • དེར་ཡང་འཛུར་ཤོ་འཕེན་རྒྱུ་ཡོད་ནི་རེད།
  • ཤོ་མགོ་གང་བཅོ་བརྒྱད་ཡན་ན་མེད་ནི་རེད། ཏག་ཏག་བསྟོད་པ་བྱེད་དཔེ།
  • ཤོ་མགོ་གང་བཅོ་བརྒྱད་ཟེར་ནི་ད་ཏག་ཏག་དེའི་ཡན་ན་ཤོ་མེད་ནོ།
  • གླིང་གེ་སར་ཡན་ན་བུ་མེད་ནོ། གེ་སར་གནའ་བུ་རྒོད་པས་དེ་ནས་བསྟོད་པ་བྱེད་ནི་རེད།
  • དགུ་ཡིན་ན་དགུ་འཛུར་དགོ་བོའི་ཡག་སྤྱད་དེ་མར་དཀར་གདའ་རིའི་འཇམ་སྤྱད་དེ།
  • ཟེར་དུས་ཁོ་རང་བསྟོད་སྒྲ་བྱས་ནི་རེད།
  • བཅུ་གཉིས་དེར་ཉུག་ཟེར་དཔེ་མིན་པས་དེར་བསྟོད་སྒྲ་བྱས་འཇོག་རྒྱུ་མེད།
  • བཅུ་གཅིག་དེར་བཅུ་གཅིག་རྡོ་རྒོད་ཀྱི་སྤྲུལ་བ་གནམ་ལྕགས་ཀྱི་འཛེར་མ་ཟེར་དཔེ།
  • བསྟོད་པ་བྱེད་ས་ཞིག་ཡིན་དཔེ་མིན་པས་འཛུར་ཤོ་སོ་ཅི་ཡང་ཡོད་ནི་མ་རེད།
  • བདུན་དེ་དོ་ལོ་རེད།
  • དེ་ཡང་རྒོད་སེ་ཞིག་གི་གྲས་སུ་འཇོག་རྒྱུ་རེད་མིན་ནས་གཡག་དམར་མདའ་གཞུ་ཅན་
  • དགྲ་གྱེན་དུ་མ་མངགས་ཐུར་དུ་མངོགས་ཟེར་དེ་ཏག་ཏག་ཀི་སྐོར་བྱས་ཏེ་འབོད་དཔེ།
  • བདུན་དགོས་ས་དེས་དེ་ཡང་བསྟོད་པ་བྱེད་ས་ཞིག་ཡིན།
  • དྲུག་ཡིན་ན་གྲུ་གུ་རོག་ཡར་མས་རོགས་རྗེས་མི་ཆོད་ཟེར་ནས་ངན་སྨད་ཟེར་དཔེ།
  • རོགས་རྗེས་མི་ཆོད་ཟེར་དཔེ་མོད་དེ་ཡང་ཉག་ཡོད་དུས་ཁོ་རང་དགོས་རྒྱུ་ཞིག་ཡིན།
  • ཁྱོད་ལ་དྲུག་དགོས་དུས་ཅི་ལྟར་དྲུག་བབས་དུས་ཡག་གི་རེད།
  • གསུམ་བ་ལུ་རེད། བཞི་ཙི་ལུ་རེད། ལྔ་གེ་ལེ་རེད། དྲུག་གྲུ་གུ་རོག་ཞར་མ་རེད།
  • བདུན་དོ་ལོ་རེད། བརྒྱད་ཁྲ་གད་སེ་བོ་ཟེར་དཔེ། དགུ་འཛུར་ནི་རེད།
  • དགུ་འཛུར་དགོ་བོ་རེད། བཅུ། ཨ་བཅུ་མ་ཐེ་བཅུ་མ་ཟེར་དཔེ། བཅུ་མོ་ཧོར་གྱི་རྟ་དེད་མ།
  • ཀི་ཤར་སེ་འཇོག་ནི་མ། རྡུལ་ལོང་སེ་གཏོང་ནི་མ་ཟེར་དཔེ།
  • དེ་ཕལ་ཆེར་རྔ་མ་ཕུད་བཏང་ནི་རེད། བཅུ་གཅིག་ཐིག་རེད། ཐིག་རྡོ་རྒོད་ཀྱི་སྤྲུལ་བ།
  • གནམ་ལྕགས་ཀྱི་འཛེར་མ་ཟེར་དཔེ། བཅུ་གཉིས་ཉུག་རེད།
  • བཅོ་ལྔ་ཁག་རེད། ཁག ཁག་ཟེར་དཔེ། བཅོ་ལྔ་ཁག་རེད།
  • བཅོ་བརྒྱད་དམར་ལེབ་མ་ཟེར་དཔེ། དེ་རེད། ཤོ་མགོ་གང་བཅོ་བརྒྱད་ཡན་ན་ཤོ་མེད་ནི།
  • གླིང་གེ་སར་ཡན་ན་བུ་མེད་ནི་ཟེར་ཏེ་ཀི་སྐོར་བྱས་ནས་དེར་བོས་ཏེ་བཅོ་བརྒྱད།
  • བཅོ་བརྒྱད་ཟེར་དཔེ། བཅོ་བརྒྱད་ནི་འཛུར་ཤོ་ཡོད་ས་བོ་དེ་རེད།
  • ཤོ་ལ་དེ་རིང་མི་ཅི་ཡོད་ན། མི་མང་པོ་ཡོད་ན་མང་པོ་འཇོག རྡོ་མང་པོ་རེ་ཡོད།
  • ཁ་གྲངས་ལས་རྩི་མི་རྩི་གཉིས་ཀ་ཡིན་རྒྱུ་རེད་ད་ཕལ་ཆེར་མི་རྩི་རྒྱུ་རེད།
  • མང་བོ་ཞིག་རྒུམ་ཡོང་རྒྱུ་རེད།
  • རྡོ་ལུ་མང་བོ་ཞིག་བཞག་རྗེས་དེ་ནས་དེའི་གོང་གི་མགོར་སུ་སྔོན་ལ་བུད་ན་དེ་རེད།
  • གནའ་ཡིན་ན་རྒྱལ་སྐུག་ཡོད་ནི་རེད།
  • སུ་སྔོན་ལ་བུད་བཞག་ན་རྗེས་མ་བོས་ཤོར་ནི་ཡིན་རྒྱུ་རེད། བར་མ་དེ་མི་ཤེས།
  • མདོ་རྒྱལ་སྐུག་ནི་ཚོས་གཉིས་གཉིས་བྱས་འཕེན་ཤས་ཆེ།
  • དེ་མིན་ན་འགྲོ་ལུགས་མི་བདེ། དེ་འདྲ་ཞིག་ཡིན་རྒྱུ་རེད།
  • ད་ལྟ་རྒྱལ་མི་སྐུག་པས་དེ་མིན་ཅི་ཡང་མི་ཤེས། རྩེད་སྤྱད་དགོད་སྤྱད།
  • ཉི་མ་འགྲོ་སྤྱད་རེ་མིན་རྒྱལ་མི་སྐུག་མིན་ནས། རྩེད་རྒྱུར་ཧ་ཅང་དགའ་དཔེ།