Skip to main content Skip to search
15 Feb 2017
8 min 56 sec
Rinchen Dorji
Video Overview
Creators: 
Dawa Tshering

གློག་བརྙན་འདི་ནང་ རི་ཏི་གཡུས་ཚན་གྱི་སྐོར་ལས་དང་ དེ་བསྒང་ ཀྲོང་གསར་དཔོན་སློབ་ཀྱི་ ནོར་རྫིཔ་འབདཝ་ད་ དཀའཝ་ག་དེ་སྦེ་ སྤྱད་སྤྱདཔ་ཨིན་ནའི་སྐོར་ལས་ སླབ་ཨིན་པས། ཁོང་ཆ་ཁྱབ་ དབང་འདུས་རྫོང་ཁག་ ཨ་ཐང་རུ་ཁ་ལས་་ཨིནརུང་ ཁོང་རའི་ས་ཁོངས་ནང་ ཁྲལ་སྦོམ་སྦེ་ཡོདཔ་ལས་འབད་མ་ཚུགསཔ་པར་ རི་ཏི་གཡུས་ཚན་ནང་ གཞི་ཆགས་ཡོདཔ་ཨིན་པས། མི་འདི་ཚུ་ ལོ་ངོ་རེའི་ནང་ ཟླ་ངོ་དྲུག་གི་རིང་ ནོར་རྫིཔ་འབད་དགོ་དོ་ཡོདཔ་མ་ཚད་ ནོར་གྱི་གཡོག་ ལེ་ཤ་རྐྱབ་སྟེ་ དཔོན་སློབ་ལུ་ ནོར་གྱི་ཐོན་སྐྱེད་ ལེ་ཤ་བཟོ་བཏོན་དགོ་དོ་ཡོདཔ་མས། གསར་སྤང་རྫོང་ཁག་ རི་ཏི་གཡུས་ཚན་ལས་ རྟ་མགྲིན་གྱིས་ཡང་ དཔོན་སློབ་ཀྱི་ནོར་རྫིཔ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས། 

Transcript search
No results found for this search
0 of 0
  • རྟ་མགྲིན། Tandin
    ཏེ་ཧེ་མ་འབད་བ་ཅིན་འདི་ང་བཅས་ ཕར་ཨ་ད་རུ་ཁ་ལས་ཨིན་མས། དབང་འདུས་པའི་འོག་ལུ་ཨིན་མས།
  • རྟ་མགྲིན། Tandin
    ཕྱག་ཞུ་སྟེ་སྡོད་སྡོདཔ་ཨིན་མས། ཏེ་ཁོང་གཉིས་ ཀརྨ་རྣམ་རྒྱལ་དང་ ཨྱོན་རྣམ་རྒྱལ་ཟེར་མི་ ཁོང་སྤུན་ཆ་གཉིས་ ཕར་ལས་ ཏེ་ཁོང་གཉིས་ཏེ་ཕར་ འུར་ལཱ་འདི་མར་ དཔག་བསམ་ཁ་ལུ་འཐོན་ཏེ་ཨིན་པས་ལགས།
  • རྟ་མགྲིན། Tandin
    དཔག་བསམ་ཁ་ལས་ཡར་ཐོནམ་ད་ལུ་ ཁོང་གཞན་དྲེགས་མ་ཚུགས་པར་ཡུདཔ་ཅིག་ཁ་ལས་ ཚད་པ་གིས་ན་སྟེ་ཤི་ ཏེ་གླངམོ་ཆེ་གིས་མི་བསད་ སེམས་ཅན་གྱིས་མི་འཐུ་ཟ་ འ་ནི་གིས་དྲེགས་མ་ཚུགས་པར་ ཁོང་སྤུན་ཆ་གཉིས་ ཏེ་ཕར་ལས་བྱོག་འོང་སྟེ་གིས་སྦེ།
  • རྟ་མགྲིན། Tandin
    འོང་སྟེ་གིས་སྦེ་ ཨ་མ་ང་བཅས་ར་གི་གོང་སློབ་གྲྭ་ཚུན་ཚོད་ཨ་མི་ནང་བྱོག་འོང་ དེ་བསྒང་ལུ་ རི་སྟོང་ཨིན་མས་ལགས།
  • རྟ་མགྲིན། Tandin
    ང་བཅས་ཀྱི་རི་སྟོང་ཨིན་ གཡུས་ཟེར་མི་འདི་ག་ཏེ་ཡང་མིན་འདུག ཏེ་འ་ནི་མེད་པའི་སྐབས་ལུ་ འ་མི་ནང་བྱོག་འོངམ་ད་ལུ།
  • རྟ་མགྲིན། Tandin
    ཏེ་ཨ་མི་ནང་གཡིབ་སྡོད་སྡོདཔ་མས་ལགས་ ཁོང་གཉིས། བྱག་ཕུག་ནང་ཁྱིམ་རྐྱབ་ གཅིག་གི་ཨ་ལོ་དྲུག་ གཅིག་གི་ཨ་ལོ་དྲུག་ཡོདཔ་མས་ལགས།
  • རྟ་མགྲིན། Tandin
    ཏེ་དྲུག་འབདཝ་ད་ལུ་ ཏེ་འ་ནི་གིས་སྐབས་ལུ་ ཏེ་ང་བཅས་ར་གི་ཀྲོང་གསར་དཔོན་སློབ་ཀྱི་གསོལ་བམ་འདི་ ན་ལས་མར་འཆར་གཞི་འདི་ན་ལས་མར་བཙུགས་ནི་གི་འཆར་གཞི་བརྩམས་ནུག་ལགས།
  • རྟ་མགྲིན། Tandin
    འ་ནི་བཙུགས་ནི་གི་འཆར་གཞི་བརྩམས་ད་ལུ་ ཏེ་ནོར་དཔོན་རྡོ་བཀྲ་ཤིས་ཟེར་མི་དེ་ལུ་ཏེ་ རྩྭ་འབྲོག་བལྟ་བར་སོང་ཤིག་ཟེར་ ནོར་འཚོ་བཙུགས་ནི་གི་སྡོད་ས་ བལྟ་བར་སོང་ཟེརཝ་ད།
  • རྟ་མགྲིན། Tandin
    ཏེ་ཕར་ལས་ཞབས་ཀྱིས་བཀའ་གནངམ་ད་ལུ་ ལགས་སོ་ཟེར་ ཏེ་ཁོང་ ཏེ་ཕར་ལས་མནའ་སྦིས་སྐོར་ཕུག་གི་ འུར་ལཱཔ་ཚུ་བཏོན་ ནོར་དཔོན་འ་ན་ལས་ཕར་ལས་ཏེ་ ང་བཅས་ར་ ཏེ་ཕར་ལས་རང་ཏེ་ རྩྭ་འབྲོག་བལྟ་ཡི་བལྟ་ཡི་ ཏེ་ཕར་[ཧོད་སྤང་། ཕུན་ཙན་སྤང་།?] ཨོམ་ཆུ། ཆུ་མེད་པའི་ལ།
  • རྟ་མགྲིན། Tandin
    ཏེ་མར་ཐུང་སྒང་། ཏེ་ཁོང་ཏེ་འ་ན་ལས་རང་ རྩྭ་འབྲོག་བལྟ་ཡི་བལྟ་ཡི་འོང་ དེ་ལས་ང་བཅས་ཀྱི་ནཱ་ ན་[བ་གཡུས་?] ན་ལྷོད་ཞིནམ་ལས་ [ཡར་གང་ན། གོཔ་ར་སྟོད། གོབ་ར་སྨད། དེ་ལས་ ར་སྡེ། དེ་ལས་ གོག་སེང་ཁ། ཡང་ཀར་ཇི། ངང་ལ་ཁ། པདྨ་ཐང་། བྱེ་མ། གཞོངམ་བསྒང་། དེ་ལས་ གཟར་ཆུ། དེ་ལས་བྱ་ཕུརཔ།?]
  • རྟ་མགྲིན། Tandin
    ཏེ་འ་ན་ལས་མར་ ཏེ་ཁོང་ ཏེ་བལྟ་ཡི་བལྟ་ཡི་སྦེ་འོང་པའི་སྐབས་ལུ་ ཏེ་ཁོང་སྤུན་ཆ་གཉིས་ ཨ་མི་ནང་གཡིབ་སྡོདཔ་ད་ལུ་ ནོར་དཔོན་གྱིས་ཏེ་ ཏེ་ཡར་བལྟ་བར་འགྱོ་གེ་ནོ་ཟེར་ ཏེ་ཨ་ཕི་ནང་ལུ་ ཚལ་ནང་ཨ་ནཱི་གི་རི་སྟོང་ནང་ལུ་དུ་པ་འཐོན་དེས་ཟེར།
  • རྟ་མགྲིན། Tandin
    ཏེ་ག་ཨིན་ཟེར་ ཤ་རོགསཔ་ཅིག་ཨིན་ན་ ག་ཅི་ག་ལས་འོང་འོངམ་ཨིན་ན་ཏེ་ ཏེ་ཁོང་ནོར་དཔོན་གྱིས་བལྟ་བར་འགྱོཝ་ད་ལུ་ ཏེ་ཁོང་སྤུན་ཆ་གཉིསཔོ་འདི་ འ་ནི་སྦེ་གཡིབ་སྟེ་འདུག་ཟེར་ཨིན་མས་ལགས།
  • རྟ་མགྲིན། Tandin
    ཡོདཔ་ད་ལུ་ ཏེ་ཨ་མི་ནང་ལུ་ཏེ་ ཏེ་ཁོང་ནོར་དཔོན་གྱིས་ དྲི་བ་དཔྱདཔ་ད་ལུ་ དབའེ་ཟེར་ཏེ་ མི་གཡུས་ག་ཏེ་ཡང་མེད་པའི་ས་ཁར་འ་ནི་ལབཟུམ་མའི་རི་སྟོངམ་ནང་ལུ་ ཁྱོད་གཉིས་ག་ཅི་འབདཝ་སྨོ་ ག་ཅི་སྦེ་སྡོདཔ་སྨོ་ཟེརཝ་ད་ལུ།
  • རྟ་མགྲིན། Tandin
    ཏེ་ཁོང་གཉིས་ཀྱིས་ཕྲངམ་ཕྲང་ས་ཞུ་ནུག་ཟེར་ཨིན་མས། ཡར་ང་བཅས་འ་ནི་སྦེ་ཨིན་ ཏེ་ང་བཅས་ཕར་ དབང་འདུས་པའི་འོག་ལུ་ཨིན་ཟེར་ཏེ་ ཏེ་ཕར་ཨ་ད་རུ་ཁ་ལས་ཨིན་ཟེར་ ང་བཅས་ཆ་ཁྱབ་དྲེགས་མ་ཚུགས་པར་ ཏེ་ང་བཅས་རྡོ་འདི་མར་ལས་བཏོན་དགོ་ཟེར་ འ་ནི་སྦེ་དྲེགས་མ་ཚུགས་པར་ སྡོད་སྡོདཔ་ཨིན་ཟེར།
  • རྟ་མགྲིན། Tandin
    ཁོང་སྤུན་ཆ་གཉིས་ཀྱིས་ དེ་སྦེ་ཞུཝ་ད་ལུ་ ཡ་དེ་སྦེ་འབད་བ་ཅིན་འདི་ ལེགས་ཤོམ་ཨིན་མས་ཟེར་ཏེ་ ཏེ་ན་ལས་མར་ང་བཅས་ར་གི་ཀྲོང་གསར་དཔོན་སློབ་གྱི་གསོལ་བམ་འདི་ ནཱ་ལས་མར་བཙུགས་ནི་ཨིན་ཟེར་ཏེ།
  • རྟ་མགྲིན། Tandin
    བྱང་ས་སྤོ་བཤུད་རྐྱབ་ནི་ཅིག་ཡང་དགོ་ཟེར་ ཏེ་ནོར་འཚོ་མི་ཅིག་ཡང་དགོ་ཟེར་ཏེ་ བྱང་ས་བཟོ་མི་ཅིག་ཡང་དགོ་ཟེར་ཏེ་ ལེགས་ཤོམ་ཨིན་མས་ཤོག་ཟེར་ དེ་འབད་བ་ཅིན་སྤུས་རྩ་ཨིན་མས་ཟེར།
  • རྟ་མགྲིན། Tandin
    ཁྱོད་ར་ཚུ་ དེ་འབད་བ་ཅིན་ ཞིང་བརྫམ་ཤིག་ཟེར་ཏེ་ གེ་ཟ་གི་སོན། རེད་ཀྱི་སོན། མོནམ་བྱཱ་གྱི་སོན། ཀར་གྱི་སོན། བྱཱོ་གི་སོན། རྒྱ་རེད་ཀྱི་སོན་ ང་ག་ར་ ཕར་ལས་ ཨེ་མ་གི་སོན་ ང་ཕར་ལས་སྐྱེལ་གཏང་གེ་ནུ་ ཁྱོད་གཉིས་ལུ་ཟེར།
  • རྟ་མགྲིན། Tandin
    ཏེ་ཁྱོད་ར་གཉིས་ ཏེ་ཞིང་བརྫམ་ཤིག་ཟེར་ ཏེ་ནོར་དཔོན་གྱིས་དེ་སྦེ་སླབ་ ཏེ་ཁྱོད་ར་ལེགས་ཤོམ་སྦེ་སྡོད་ཤིག སང་ཕོད་འདི་ ང་བཅས་ར་ ཀྲོང་གསར་དཔོན་སློབ་ཀྱི་གསོལ་བམ་འདི་ ན་ལས་མར་བཙུགས་ནི་ཨིན་ཟེར།
  • རྟ་མགྲིན་ Tandin
    ཏེ་འ་ནཱི་སྦེ་སླབ་སྦེ་ ཡ་ཡ་དེ་འབད་བ་ཅིན་ཟེར་ ཁོང་གཉིས་ཞིང་བརྫམས་ དེ་འ་ནཱི་ནང་སྡོད་ལགས་ འ་ནཱི་ནང་ལུ་སྡོདཔ་ད་ལུ་ ཤི་ལ་ཁ་ལུ་ལྷོདཔ་ད་ལུ་ ནོར་དཔོན་ཡར་ལས་འོངམ་ད་ལུ་ ཏེ་ཁོང་འོང་མི་དགའ་ཚད་ མ་དགའ་བ་འབད་ ད་རུང་ འ་ནཱི་སྦེ་རི་ཚལ་ནང་ལུ་མི་དགའ་བས་ཟེར་ཏེ་གིས་སྦེ་ ལོག་ཕར་ཏེ་ ཨ་ད་རུ་ཁ་ལུ་བྱོག་ཡར་སོ་ནུག་ལགས་ཐོན་ ཡར་སོ་ནུག
  • རྟ་མགྲིན་ Tandin
    ཏེ་ཡར་ལས་ནོར་དཔོན་འོངམ་ད་ལུ་ མི་འདི་ཚུ་བྱོག་སོང་ཁོང་ ཏེ་ང་བཅས་ཀྱི་ཨཔ་དེ་ཚུ་འབད་ ཨ་ཞང་ཚུ་འབད་སྦེ་ སོང་སྦེ་ ཏེ་འབད་མ་ཚུགས་པར་ ཕར་ཨ་ད་རུ་ཁ་ལུ་སོང་ དེ་ལསནི་ཁྱིད་འོང་ ཏེ་ནཱ་དེ་ལསན་ཏེ་ ཨ་འོ་ཁྱེད་ཚུ་ནཱ་མི་ཆགས་ཏེ་ཨིན་མས་ཟེར་ ཏེ་ཁྱེད་ར་ཚུ་རྐྱངམ་ཅིག་ ཏེ་ད་ཕར་མནའ་སྦིས་བསྐོར་ཕུག་ཐོན་ཟེར་ མནའ་སྦིས་ལུ་ཐོན་ཟེར་ ཏེ་ད་རེས་ང་བཅས་ཀྱི་ས་འདུག་བ་ལགས།
  • རྟ་མགྲིན་ Tandin
    ཨུམ་གླིང་ ཕར་བར་མ་གླིང་ཟེར་མི་དེ་ཚུ་ ང་བཅས་ཀྱི་ས་ཨིན་མས་ལགས་ ང་བཅས་ཀྱི་ཕམ་དེ་ཚུ་ ཞིང་གཤགས་དེ་ཚུ་གི། ནོར་དཔོན་གྱིས་ཕར་བཏོན་ ཕར་བཏོན་སྡོད་སྡོད་པའི་བར་ན་ ལོ་གཅིག་ཕར་སྡོད་ནུག་ལགས། ཏེ་ཨ་ཕི་ནང་ལུ་སྡོདཔ་ད་ལུ་ ཏེ་ཛའི་་་་་ ཏེ་ཁོང་ ཨི་ནང་ཏེ་ མནའ་སྦིས་བསྐོར་ཕུགཔ་ཚུ་གི་ཡུར་ལཱ་གིས་དྲེགས་མ་ཚུགས་པར་ལགས། ཏེ་ཉིནམ་གཅིག་ལཱ་བཀོལ་བ་ཅིན་ དར་ཚིལ་རུལ་རུལཝ་སྲང་གང་ལུ་ ཉིནམ་གཅིག་ལཱ་བཀོལ།
  • རྟ་མགྲིན་ Tandin
    ཏེ་འ་ནཱི་སྦེ་དྲེགས་མ་ཚུགས་པར་ ཨ་འོ་་་ དྲེགས་མི་ཚུགས་པས་ཟེར་ ཏེ་ང་བཅས་ ང་བཅས་ཀྱི་ཕར་རང་ལོག་འགྱོ་དགོ་པས་ཟེར་ འོང་སྟེ་གིས་སྦེ་ ཏེ་ངོ་མ་མར་འོང་སྟེ་གིས་སྦེ་ གཡུས་འདི་མི་ནང་འཁྱམས་སྟེ་གིས་སྡོད་ནུག་ལགས་ འཁྱམས་ཏེ་སྡོད་ནུག ཏེ་འ་ནང་ལུ་སྡོད་སྦེ་ ཏེ་འ་ནང་ལུ་ ཏེ་ང་བཅས་དེ་ནང་ཏེ་ག་ར་ [འཆར་གཞི་ཨིན་རུང་ང་བཅས་རྐྱབ་དགོ་ལགས་?] བྱཱ་བཙུགས་ནི་ རཝ་སྒོར་ནི་ ནོར་འཚོལ་ནི་ མར་གྱི་ཚོད་ས་བཟོ་ནི་
  • རྟ་མགྲིན་ Tandin
    [ཝའོ་བཀུག་ནི་ སྟ་རེ་བཅིངས་ནི་ ཇ་བཟོ་ནི་ བསྐོ་བཞག་རྐྱབ་ནི་?] མར་གྱི་ཤོམ་འདབ་བཏོག་ནི་ག་ར་ ཟླཝ་དྲུག་ཟེར་མི་འདི་ ང་བཅས་མར་གྱི་ [བཅག་ས་མེད་ ཨ་ལ་ཡང་མེད་ ང་བཅས་ཚུ་ར་སྡོད་དགོ་ལགས་ ཡར་བྱང་ས་ར་?] རྟག་བུ་ན་བུ་སྡོད་དགོ་བ་ལགས་ དེ་བསྒང་འདི་ང་བཅས། ནཱ་ཁྱིམ་ནང་ལུ་འདི་ ཨ་རྒས་དང་ཨང་རྒས་ཅིག་ར་ཨིན་ལགས་ཏེ་ ཁྱིམ་ནི་སྡོད་འོང་ཟེར་ར་ ང་བཅས་ཡར་ བྱང་ས་ཏེ།
  • རྟ་མགྲིན་ Tandin
    དེ་ལས་ བོའུ་ཅུང་གདན་འཐུ་ རྩྭ་འཐུ་ ཤིང་འཐུ་ ནོར་བསྐོར་ ཨོམ་དཀྱོགས་ དེ་ནཱི་སྦེ་ ང་བཅས་ཀྱིས་འ་ནཱི་སྦེ་འབད་དེ་གིས་སྦེ་ ད་ལྟོ་ང་བཅས་འ་ནཱ་སྡོད་དེ་ཡོད། ལྷོདཔ་ཅིག་ཁ་ལས་ ད་རུང་ང་བཅས་ཨ་ནཱ་ མར་ཨིན་ལགས་ཧེ་མ་འདི་ མར་སྡོད་པའི་སྐབས་ལུ་འདི་ ང་བཅས་མར་སྡོད་པའི་སྐབས་ལུ་འདི་ དྲགོས་རྫོང་བདག་ལུ་དེ་སྦེ་ར་ཞུ་ཡི་ང་གིས་ ཏེ་མར་སྡོད་པའི་སྐབས་ལུ་ང་བཅས་ས་ཅིག་ ང་བཅས་ཆུང་ཀུ་ཨིན་མས་ལགས་ ཨ་ནཱིམ་ཅིག་ཡར་སོ་ནུག
  • རྟ་མགྲིན་ Tandin
    ལོ་ལྔ་དེ་ཅིག་འདི་ཡར་སོ་ནུག་ ལོ་གསུམ་དེ་ཅིག་ཡར་སོངཔ་འདྲས་ ཏེ་འ་ནཱིམ་ཅིག་ཁ་ལུ་ ས་འདི་རུད་ཀྱིས་འབག་ ང་བཅས་ཡར་སོ་ནི་དེ་གིས་ ག་ར་ ཏེ་ང་བཅས་ར་ཏེ་ཕར་ ཕམ་ཚུ་གིས་ཕར་དབང་འདུས་ལུ་ དབང་འདུས་རྫོང་ལུ་ཨིན་ན་ ག་ཏེ་ཨིན་ན་ཅིག་ཁར་ ཞབས་ལུ་ཏེ་ཕྱག་ཕུལ་བར་སོང་ ཏེ་ང་བཅས་ར་སྐྱིད་སྡུག་ཞུ་དགོ་པས་ཟེར་ ས་འདི་རུད་ཀྱིས་འབག་ཡར་སོ་ཡི་ཟེར་ ས་ཟ་སར་མི་ཐོབ་པས་ཟེར་ ཕྱག་ཕུལ་བསྐོར་ར་རྐྱབ་པར་འགྱོཝ་ད་ལུ་ ཏེ་ཕར་ ཨ་ཞང་དང་ཨ་ནི་ཚུ་འདི་མ་དགའ་བས་བ་ལགས་ ཨ་ཞང་དེ་ཚུ་གིས།
  • རྟ་མགྲིན་ Tandin
    ཏེ་གཞན་འདི་གནང་ནུག་བ་ལགས་ [དཀར་སྦྱིས་སྤོ་ཏོ་ཁ་ལུ་?] ཞབས་ཀྱིས། དཀར་སྦྱིས་སྤོ་ཏོ་ཁ་ལུ་ཁྱེད་ར་ཚུ་ ཨ་རིང་ནང་ཐོན་སྡོད་སྨ་རེད་ཟེར་ ཨ་ཛའི་ཟེར་ [ང་བཅས་མི་ཟེར་མི་འདི་ ཏེ་ས་ཟུར་འབད་དགོ་ཟེར་ ས་ཟུར་དང་འཁྲིལ་བཟའ་དགོ་ཟེར་ཏེ་ ལྷ་བསྲེ་རྐྱབ་དགོ་ཟེར་?] ངང་ལག་ཤོམ་འདབ་དགོ་ཟེར་ཏེ་ ང་བཅས་སྤ་ཆག་འདམ་རུ་དགོ་ཟེར་ ཏེ་ཞབས་ཀྱིས་གསུངས་ནུག་དེ་ལས་ ཁྱེད་ར་ཚུ་མོན་ས་ལུ་ཨིན་ཟེར་ ས་འདི་དགའ་མི་དགའ་ཡོད་ཟེར་ དཀརཔ་སྦྱིས་ས་ལུ་ཟེར།
  • རྟ་མགྲིན་ Tandin
    ས་འདི་དགའ་ཡང་དགའ་ཟེར་ ཏེ་ངང་ལག་ཡང་ཡོད་ཟེར་ སྤ་ཆག་ཡང་ཡོད་ཟེར་ [ཚོད་ས་ཡང་ཡོད་ཟེར་?] ག་ཅི་ཡང་ཡོད་ཟེར་ ཁྱེད་ར་ཚུ་ སྡོད་ནི་ཨིན་ཟེརཝ་ད་ཏེ་ ཏེ་ང་བཅས་ཀྱི་ཨ་ནཱ་ ཨ་ཞང་གི་སེང་གེ་གི་ཨཔ་དང་ཨའི་གིས་སྔུ་སྟེ་ཨཔ་ཚུ་སྔུ་སྟེ་ ཏེ་ཨའོ་་་་ ནེ་མའི་ས་ཁར་འདི་མི་དགའ་བས་ཟེར་ ཡུདཔ་ཅིག་ཁ་ཕྱག་དབང་ཞུ་སྦེ་ ཏེ་གཡིབ་སུ་ཅིག་འབད་བྱོག་འོང་ནུག་བ་ཏེ།
  • རྟ་མགྲིན་ Tandin
    ཏེ་འ་ནཱ་ལུ་ལྷོདཔ་ད་ལུ་ ཏེ་ཨ་ནཱ་ལུ་ད་རུང་ཨ་ནཱི་ སངས་རྒྱས་ལ་མེན་པར་ ཨ་ནཱི་ [ཀོ་དཔ་ཚུ་གིས་ ཨ་ནཱི་སྦེ་སླབ་ ཀོ་དཔ་བུ་ཨིན་ལགས།?] ཏེ་འ་ནཱི་སྦེ་ཡར་ལས་ལྷོད་ མར་ལུ་ལྷོདཔ་ཅིག་ དབའེ་ཁྱེད་ཚུ་ག་ཅི་འབད་ སྤྱགས་རྡུགས་འཐབ་སྨོ་ཟེར་ཏེ་ སྤྱགས་རྡུགས་འཐབ་མི་དགོ་ཟེར་ཏེ་ ས་འདི་ང་བཅས་ར་ས་ཁར་ གཡུས་ཁ་ལུ་རྒྱགས་ཚད་ཡོད་ཟེར་ཏེ།
  • རྟ་མགྲིན་ Tandin
    [དགའ་ས་ལུ་བལྟ་ནི་ཟེར་ཏེ་?] ག་ཏེ་དགའཝ་ཅིག་ཁྱེད་ར་ཚུ་སྡོད་ནི་རང་ཨིན་ཟེར་ཏེ་ ཏེ་ག་དེ་སྦེ་ཨིན་རུང་ཚར་གཅིག་ཕར་ ཀྲོང་གསར་དཔོན་སློབ་འབད་སར་ང་བཅས་ས་ཅིག་ ཀྲོང་གསར་མགྲོན་གཉེན་ཨིན་མས་ལགས། ཀྲོང་གསར་མགྲོན་གཉེར་འབད་སར་ཚར་གཅིག་འགྱོ་གེ་སྨེ་ཟེར་ཏེ་ ང་གིས་ཀྲོང་གསར་མགྲོན་གཉེར་འབད་སར་ཞུ་ དགོངས་སྐུར་རྐྱབ་ཅིག་ དེ་ལས་འབདན་ ཏེ་ང་བཅས་ར་ ས་བལྟ་སྟེ་སྦེ་ ཁྱེད་ར་ཚུ་སྡོད་ནི་ཨིན་ཟེར་ཏེ་ ཏེ་འ་ནཱི་སྦེ་སླབ་ནུག་ལགས།
  • རྟ་མགྲིན་ Tandin
    དེ་ལས་ཡར་ལས་འོང་ ཏེ་ཁོང་ཡར་ ནོར་དཔོན་འདི་ཡར་སོང་ དེ་ལས་ཡར་སོང་ཞིནམ་ད་ལོག་ལྷོད་ ཏེ་ལྷོད་ཞིན་ན་ ཏེ་དེ་ལས་ བོད་[བརྟན་གྲུ་?] ཟེར་མི་འདི་བྱོན་ནུག་ལགས། བོད་[བོད་བརྟན་གྲུ་?] བྱོན་ ཏེ་ཡར་ལུ་བོད་བརྟན་གྲུ་བྱོན་ དེ་ལས་ མར་ལས་ས་བལྟ་སྟེ་གིས་སྦེ་འོང་སྟེ་ ཏེ་ས་འདི་ ང་བཅས་འ་ནཱ་ གནང་གནངམ་ཨིན་མས་ལགས་དེ་བསྒང་།
  • རྟ་མགྲིན་ Tandin
    ཧེ་མ་འབད་བ་ཅིན་ ཏེ་ང་བཅས་གནམ་མེད་ས་མེད་དཀའཝ་སྤྱད་དེ་འབད་དགོ་ལགས་ཏེ་ ཆརཔ་རྐྱབ་རུང་རྐྱབ་ ཁཝ་རྐྱབ་རུང་རྐྱབ་ ག་ཅི་རྐྱབ་རུང་རྐྱབ་ ཏེ་ཆར་པའི་ནང་ལུ་ ཤོམ་འདབ་བཀབ་ནི་ བྱང་ས་ལུ་བཀབ་ནི་ ག་ར་ང་བཅས་ར་གིས་གཡོག་རྐྱབ་སྡོད་སྡོདཔ་ཨིན་ལགས་ ང་བཅས་ཨ་ནཱིམ་ཅིག་ ཟླཝ་དྲུག་དྲུག་ཨིན་ལགས་ཏེ་ དགུན་ཟླ་དྲུགཔོ་དེ་ག་ར།
  • རྟ་མགྲིན་ Tandin
    ཟླཝ་བཞི་པའི་ནང་ན་ ང་བཅས་ངལ་གསོ་ཐོབ་ལགས། ཟླཝ་བཅུ་པའི་ཚེས་གཅིག་ལུ་ང་བཅས་ [ཚེ་བརྫམ་པར་?] འགྱོ་དགོ་ཡར་ མནའ་སྦྱིས་སྐོར་ཕུགཔ་ འུར་ལཱཔ་ཚུ་དང་ ཟླཝ་བཅུ་པའི་ནང་ [སེ་ལེན་?] བཅུ་པ་ བཅུ་གཅིག་པ་ བཅུ་གཉིསཔ་ དང་པ་ གཉིས་པ་ གསུམ་པ་ བཞི་པ་ འ་ནཱི་ཚུ་འདི་ ང་བཅས་ར་རྐྱབ་དགོ་ཏེ་ ཨ་ནཱིམ་ཅིག་རྐྱབ་དགོ་ལགས།
  • རྟ་མགྲིན་ Tandin
    ལགས་སོ་ལགས་ ནཱི་ཅིག་རང་ཨིན་ལགས།། །།