Skip to main content Skip to search
25 Aug 2018
2 min 2 sec
Ariana Maki
Video Overview
Creators: 
Dawa Tshering, Tseten Tshering

Sharing riddles has been a long standing tradition. They were shared in the local language and each region of the country had their own name to refer to riddles. The East called it "Drab Drab Khab Khab", the West called it "Khartam" and the South called it "Ghaw Khani Khagta". People made bets among themselves to own a fortress each time the other person failed to guess the answer to the riddle. Jumchum shares riddles with Yangzom from Bongo Gewog (county) in Chukha district. However, Yangzom does not fail to give the right answer which stops Jumchum from owning any fortresses.

 

མཁར་གཏམ་སླབ་ནི་འདི་ཡང་ ལམ་སྲོལ་ཅིག་ཨིནམ་དང་ རྒྱལ་ཁབ་ནང་ལུ་ རང་སོའི་གཡུས་སྒོའི་ཁ་སྐད་ནང་ལུ་ མཁར་གཏམ་འདི་ལུ་ སླབ་ཐངས་རེ་ཡོདཔ་ཨིན། ཤར་ཕྱོགས་ཁ་ཐུག་ལུ་ མཁར་གཏམ་ལུ་ སྒྲཔ་སྒྲཔ་ཁབ་ཁབ་དང་ ནུབ་ཕྱོགས་ལུ་ མཁར་གཏམ་ དེ་ལས་ ལྷོ་ཕྱོགས་ལུ་ སྒརཝ་ཁ་ནི་ཁག་ཏ་ཟེར་སླབ་ཨིན་མས། མི་ཚུ་གི་ཁོང་རའི་ནང་འཁོད་ རྒྱལ་སྤུངས་ཞིནམ་ལས་ མཁར་གཏམ་གྱི་ལན་མ་ཤེས་པ་ཅིན་ མཁར་འཐོབ་དོ་ཡོདཔ་ཨིན་མས། ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་ཨམ་བྱུམ་ཆུམ་དང་ ཨམ་དབྱངས་འཛོམས་གཉིས་ཀྱི་ མཁར་གཏམ་སླབ་པའི་སྐབས་ ཨམ་དབྱངས་འཛོམས་ཀྱི་ ལན་ཚུ་ག་ར་ཕོགཔ་ལས་ ཨམ་བྱུམ་ཆུམ་འདི་ མཁར་འཐོབ་ནི་ལས་ བཀག་དོ་ཡོདཔ་ཨིན།  

 

Transcript search
No results found for this search
0 of 0
  • བྱམས་ཅུམ Jumchum
    མགོ་ན་ནི་མེད་པ་ཐག་པ་བརྡམས་མི་འདི་ག་ཅི་སྨོ་?
    Never got headache but tigten his with the rope. What is it?
  • དབྱངས་འཛོམས Yangzom
    ཆང་གི་རྒྱ་རྫི་
    Alcohol container.
  • བྱམས་ཅུམ Jumchum
    དེ་ལས་ ལམ་ཁར་ལས་འ་ནི་ཁབ་ཧོང་བཞག་མི་འདི་ག་ཅི་སྨོ?
    The placing of a needle along the way. What is it?
  • དབྱངས་འཛོམས Yangzom
    པོདཔ་
    Leaches
  • བྱམས་ཅུམ Jumchum
    དེ་ལས་ ལྟོ་ཁ་ལས་ཟ་ཨ་བ་ཁ་ལས་བཏང་མི་འདི་ག་ཅི་སྨོ?
    Eat from the mouth and pass stool from the mouth?
  • དབྱངས་འཛོམས
    ཧེཝ་
  • བྱམས་ཅུམ Jumchum
    སྟེ་ ལྟོ་ཁ་ལས་ཟ་ཨ་བ་རྐེད་པ་ལས་བཏང་མི་འདི་ག་ཅི་སྨོ?
    Eating from the mouth and past stool from waist. What is it?
  • དབྱངས་འཛོམས Yangzom
    རང་ཐག་
    Grinding stone
  • བྱམས་ཅུམ Jumchum
    ཨ་ལོ་ཁ་ལས་སྐྱེས་མི་འདི་ག་ཅི་སྨོ?
    Giving birth from the mouth. What is it?
  • དབྱངས་འཛོམས Yangzom
    ངང་ལག།
    Banana
  • བྱམས་ཅུམ Jumchum
    དེ་ལས་འ་ནི་ ལུང་པའི་ནང་ལས་དར་འཕྱར་མི་འདི་ག་ཅི་སྨོ?
    The hosting of flags from the valleys. What is it?
  • དབྱངས་འཛོམས Yangzom
    ས་མུ་
    Clouds
  • བྱམས་ཅུམ Jumchum
    དེ་ལས་འ་ནི་ ཞིང་གི་མཐའ་མར་བདའ་ འ་ནི་ དགེ་སློང་གི་ན་བཟའ་བཞེས་སྡོད་མི་འདི་ག་ཅི་སྨོ?
    Dressed up like monks along the side of the orchards.What is it?
  • དབྱངས་འཛོམས Yangzom
    སེ་ཁེག།
    Wheat
  • བྱམས་ཅུམ Jumchum
    དེ་ལས་བྱ་ཁུག་གནགཔོ་གཅིག་ནང་གླང་དམརཔོ་ཅིག་གང་འགྱེལ་འབད་ཉལ་སྡོད་མི་འདི་ག་ཅི་སྨོ?
    Sleeping of red ox inside the back cave. What is it?
  • དབྱངས་འཛོམས Yangzom
    ཁ་ནང་གི་ལྕེ།
    Tongue
  • བྱམས་ཅུམ Jumchum
    དེ་ལས་དེ་ལས་ སེ་ཁེ་ཕརཔ་ཅུང་གང་གིས་ཞིང་མགོ་ཞིང་མཇུག་མེད་པར་ཡོབ་མི་འདི་ག་ཅི་སྨོ?
    A cup of wheat can be enough for the whole cultivation land. What is it?
  • དབྱངས་འཛོམས Yangzom
    གནམ་མཁའི་སྐརམོ།
    Stars in the sky
  • བྱམས་ཅུམ
    དེ་ལས་ ལམ་ཁར་བྱེ་ཏོ་སྤུབས་མི་འདི་ག་ཅི་སྨོ?
  • དབྱངས་འཛོམས Yangzom
    ཨཔ་སྟག་གི་རྗེས།
    The footprint of tiger.