Skip to main content Skip to search
02 Apr 2019
2 min 34 sec
Ariana Maki
Video Overview
Creators: 
Tibetan and Himalayan Library

"Praising the Man on the Throne," is commonly known in Khyungchu in Zangkar. 

The song lyrics in this video include the following:

On the rainbow like prairie

Stood a goddess like lady

Her body is as beautiful as lotus trunk

she truly is the fruit of the lotus flower

མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་ས་འཇའ་དྲུག་གདན་སྟེང་གི་མི་བུ་ཞེས་པ།

བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ། ས་འཇའ་དྲུག་གདན་གྱི་སྟེང་ན། མ་མཁའ་འགྲོ་འབུམ་གྱི་བཙུན་མོ་རེད། ལུས་བབ་ཆགས་པད་མའི་སྡོང་བུ་རེད། ལ་པད་མའི་དངོས་མའི་འབྲས་བུ་རེད།

在藏族安多邛溪壤噶地区广为流传的传统牧民民歌 -《宝座之上人》。

视频中的歌词一部分以如下:

在彩虹般的草原上

有一个仙女般的女人

她的身体如莲花的树干

她真的是莲花的果实

Transcript search
No results found for this search
0 of 0
  • ཨ་སྐྱིད།
    ས་འཇའ་དྲུག་གདན་གྱི་སྟེང་ན། མ་མཁའ་འགྲོ་འབུམ་གྱི་བཙུན་མོ་རེད།
  • ལུས་བབ་ཆགས་པད་མའི་སྡོང་བུ་རེད། ལ་པད་མའི་དངོས་མའི་འབྲས་བུ་རེད།
  • ཕྱོགས་ཅ་ལ་ཅན་གྱི་ཡུལ་ལ། སྐུ་འཛམ་གླིང་ཉི་ཟླ་འཁྲུངས་སོང་།
  • འདིའི་དྲོད་པ་གླིང་དུ་རྒྱས་པ། བོད་མགོ་ནག་བདེ་སྐྱིད་ལྡན་སོང་།
  • ཡར་རྒྱལ་པོ་དུང་ཚ་དཀར་པོ། སྨག་ནག་པོའི་མུན་པ་སེལ་སོང་།
  • འདིའི་ཨ་ལོ་ཐོ་རངས་སྐར་ཆེན། སང་ནམ་ཁ་ལངས་དུས་འཆར་སོང་།
  • ས་དབྱར་སའི་གཡུ་ལུང་ཐང་ན། སྐྱ་སྟོང་གི་ཆིབས་བསུ་བྱེད་པ།
  • དར་དཀར་དམར་ནམ་མཁའི་འཇའ་རེད། སོག་སེར་པོ་དམག་གི་བརྒྱན་རེད།
  • ཁ་ཁོག་པ་རྒས་ན་མེད་དུས། རྒས་བསམ་པ་ཡུལ་ན་མེད་པ།
  • བློ་རིག་པ་གསེར་ནག་ཐུར་མ་རེད། གསེར་ཕྱིས་གྱིན་ཕྱིས་གྱིན་ཇེ་ཡག་རེད།
  • ཁ་ཁོག་པ་དུང་གི་དཀར་རེད། དུང་བུས་གྱིན་བུས་གྱིན་ཇེ་དཀར་རེད།