Skip to main content Skip to search
15 Feb 2017
5 min 34 sec
Rinchen Dorji
Video Overview
Creators: 
Dawa Tshering, Thinley Dorji

སྒྲ་བཟུང་འདི་ རབ་གསལ་ལྷོང་པའི་སྐབས་སུ་འབད་ཡོདཔ་ད་ གཡུས་ཁའི་ཕོ་སྐྱེས་དང་ ཨམ་སྲུ་ཚུ་གིས་ རྟེན་འབྲེལ་འདི་ཁར་ བཅའ་མར་གཏོགས་ཡོདཔ་ཨིན། ཁོང་གིས་དང་པ་ར་ ལྷ་བསངས་བཏང་ཞིནམ་ལས་ ཆོ་གུ་བཏང་མི་གིས་ ཆོ་གུའི་ཚིག་བྲིས་མི་ནང་ སླབ་ཐངས་དང་འཁྲིལ་བ་ཅིན་ ཁྱིམ་ཐོག་ཚད་དང་པའི་ རབ་གསལ་སྦུག་གི་འདི་ བཙུགས་དགོ་ཟེར་ཨིནམ་ད་ རབ་གསལ་བཙུགས་ཞིནམ་ལས་ ཁྱིམ་ཇོ་བདག་གི་ ཁྱིམ་ཚང་དང་ གཉེན་ཉེའུ་ཚུ་གིས་ སྦང་ཅུང་ནང་ལྟོ་དང་ ཇ་འདི་ཚུ་འབག་འོངམ་ཨིན་པས། ཇ་ཆང་ཟེར་ ལྟོ་བང་ཅུང་གང་དང་ཇ་བསྡུ་བསྡུཝ་འདི་ འགོ་འབྱེད་རྟེན་འབྲེལ་གྱི་སྐབས་སུ་ གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོ་ཨིན་པས། གླུ་གཞས་འདི་ རྟེན་འབྲེལ་མཛད་སྒོ་དང་ དུས་སྟོན་ཁག་ཆེ་ཏོག་ཏོ་སྐབས་ མེད་ཐབས་མེདཔ་ཅིག་ཨིན་པས། 

 

This video depicts a ceremony connected to the installation of rabsel, the window frames of a house. First, they perform a ritual called lhabsang. In this ritual, the liturgical text speaks about installing the rabsel in the mid-level floor windows. Thus, to mark and celebrate such auspicious occasion, the villagers and relatives come with rice in a bangchung (a Bhutanese traditional plate made from bamboo) and tea, while they also happily sing.  According to the lyrics, it says they are happy and fortunate to have a house filled with immeasurable joy and excitement which should be offered to the gods and goddess of the celestial world. Likewise, they also pray for the longevity of the teacher and the king. Thus, these similar songs are performed during such occasion to mark the happiness of being together.   

 

Transcript search
No results found for this search
0 of 0
  • ཟླ་བ་ཚེ་རིང་ Dawa Tshering
    ང་བཅས་ར་ སྤྱིར་བཏང་སྨོ་ལགས?
  • མཛེ་ཀོ Zeko
    ཨོང།
  • ཟླ་བ་ཚེ་རིང་ Dawa Tshering
    འབྲུག་རྒྱལ་ཁབ་ནང་ལུ་ ད་ཁྱིམ་རྐྱབ་པའི་ལུགས་སྲོལ་ ཏེ་ང་བཅས་ར་གི་ སྲོལ་བཟང་པོ་ཅིག་འདུག་བ་སྨོ་ལགས?
  • མཛེ་ཀོ Zeko
    ཨོང་ལགས། ཨོང་ལགས།
  • ཟླ་བ་ཚེ་རིང་ Dawa Tshering
    ཏེ༌ང་བཅས་ར་གི་ རང་ལུགས་ཀྱི་ཐོག་ལས་འབད་ ཁྱིམ་རྐྱབ་ནི་འདི། ཏེ་ད་ ནཱ་སློབ་དཔོན་གྱིས་འབད་བ་ཅིན་ ག་དེ་སྦེ་ ཚོརཝ་མས་ལགས། ཁྱིམ་རྐྱབ་ནི་གི་ལུགས་སྲོལ་འདི་ ཏེ་ད་ ནམ་ལས་དར་དརཝ་ཨིན་ན་སྨོ་ཤིག་ལགས?
  • མཛེ་ཀོ Zeko
    ཨོང་ལགས།
  • ཟླ་བ་ཚེ་རིང་ Dawa Tshering
    ཏེ་ག་དེ་སྦེ་ ལུགས་སྲོལ་འདི་ ག་དེ་སྦེ་ཨིན་ན་ འ་ནཱི་ཅིག་ ཏེ་ནཱ་གིས་གསུང་གནང་ཟེར་།
  • མཛེ་ཀོ Zeko
    ཨོང་ ལགས་སོ། །
  • མཛེ་ཀོ Zeko
    ད་ ཁྱིམ་རྐྱབ་ནི་དེ་ འགོ་དང་པ་ ག་དེ་སྦེ་བཙུགས་ཅི་ག་འདི་ ང་བཅས་ཀྱིས་ཡང་ གནམ་མེད་ས་མེད་སླབ་མི་ཤེས་པས། ཏེ་ང་ར་གི་བསམ་འཆར་ལས་འབད་བ་ཅིན་ ཞབས་དྲུང་ ནཱ་བྱོན་ཞིནམ་ལས་ཚུར་ འ་ནཱ་ལས་ དར་དརཝ་མེན་ན་ཟེར་ མནོ་བསམ་དེ་སྦེ་བཏངམ་མས་ ཟེར་ཞུ་ནི།
  • ཟླ་བ་ཚེ་རིང་ Dawa Tshering
    ད་ སྨོ་ལགས? ད་འ་ནཱི་ཅིག་ཞུ་དགོ་པས་ལགས་ ད་ང་ཨཔ་བཟོཝ་ལུ། ཏེ་ད་ ང་བཅས་ར་གི་ཁྱིམ་རྐྱབ་ད་ལུ་ ཏེ་ད་ང་གིས་ ཕར་ཚུར་ ང་ར་གི་ཉམས་མྱོང་ལྟར་དུ་འབད་བ་ཅིན་ ཏེ་ད་ སྤྱིར་བཏང་ང་བཅས་ར་གི་ གྱང་གི་སྦེ་ བརྡུངས་ཏེ་སྦེ་སྨོ་ལགས།
  • ཟླ་བ་ཚེ་རིང་དང་མཛེ་ཀོ Dawa Tshering & Zeko
    ཨོང་ལགས། ས་པར་བརྡུངས་ཏེ་གིས་འབད་ རྐྱབ་ནི་གཅིག་དང་ ཏེ་ད་རུང་ ང་བཅས་ར་ ཙིགཔ་གིས་འབད་སྨོ་ལགས། ཨོང་ལགས། རྡོ་གིས་འབད་ རྡོ་གིས་འབད་མི་ རྐྱབ་ནི་ཅིག་ གཉིས་འདུག་བ་སྨོ་ལགས?
  • མཛེ་ཀོ Zeko
    ཡོད་ལགས་ ཡོད།
  • ཟླ་བ་ཚེ་རིང་ Dawa Tshering
    འདི་གཉིས་ཀྱི་ཁྱད་པར་ཅིག་ ག་དེ་སྦེ་གཟིགཔ་སྨོ་ལགས? ནཱ་གིས་ ད་ག་དེ་སྦེ་ མཐོངམ་མས་ལགས?
  • མཛེ་ཀོ Zeko
    ད་ ང་བཅས་ཀྱི་ལུགས་སྲོལ་ལས་འབད་བ་ཅིན་ ང་བཅས་ པར་འཆམ་ འ་ནཱི་ པར་འཆམ་སྦེ་བརྡུངས་མི་འདི་ སྒྲིང་ཡང་འདི་སྒྲིང་། ཏེ་ཁྱིམ་ ཨ་ནཱི་སྦེ་ སྦྱིས་རྐྱབ་དགོཔ་ཅིག་འབད་རུང་ ལཱ་ཡང་འདི་རང་འཇམ། འཇའ་ཆི་ཆི་ཡང་ འདི་རང་མཐོང་ཟེར་ སླབ་ནི།
  • མཛེ་ཀོ Zeko
    ཏེ་རྩིག་པ་རྐྱབ་མི་འདི་ དངམ་གཅིག་ལུ་ རྩིག་བཟོཔ་འདི་ གནམ་མེད་ས་མེད་མཁས་དྲགས་སྦེ་ གནམ་མེད་ས་མེད་ ཕར་རྡོ་གནམ་མེད་ས་མེད་ ལྷ་ཤེས་པ་ཅིན་འདི་ ཏེ་སྒྲིང་སྒྲིང་འོང་ལགས། ཏེ་རྡོ་གནམ་མེད་ས་མེད་ལྷ་མ་ཚུགསཔ་ རྡོ་ཕྱི་གི་འདི་ཕྱི་རང་སོ་སོ་ ནང་གི་འདི་ནང་རང་སོ་སོ་ ཏེ་འ་ནཱེ་སྦེ་ཡར་སོང་པ་ཅིན་ ཏེ་འདི་ ཕྱེད་ཀ་རྐྱབ་བོག་འགྱོ་ནི་གི་ཉེན་ཁ་ཡོད་བ་ལགས། འ་ནཱི་འབད་ནི་འདི་གིས་ འབད་ཚུགསན་ང་བཅས་ར་འགྱང་ འཆམ་བརྡུང་མི་འདི་ར་ ཏེ་འདི་ར་དྲག་ ཟེར་སླབ་ནི།
  • ཟླ་བ་ཚེ་རིང་ Dawa Tshering
    ལགས་སོ་ལགས། ཏེ་གྱང་བརྡུང་པའི་སྐབས་ལུ་སྨོ་ལགས? ད་ང་བཅས་ གཡུས་སྒོ་ཅིག་ནང་ དེམ་སྦེ་འབདཝ་ད་ལུ་ ཁྱིམ་རྐྱབ་འབདཝ་ད་ལུ་ ད་ ཡང་ཅིན་ ང་བཅས་ ཏེ་གཡུས་ཁ་གི་མི་ ཏེ་གྱང་བརྡུངས་པའི་སྐབས་ལུ་ ཏེ་གཡུས་ཁ་གི་ཁྱིམ་ཚང་འདྲཝ་ ཡང་ཅིན་སྨོ་ལགས?
  • མཛེ་ཀོ Zeko
    ཨོང་ལགས།
  • ཟླ་བ་ཚེ་རིང་ Dawa Tshering
    གཉེན་ཉེཝ་འདྲཝ་ ཨ་ནཱི་ཁྱིམ་རྐྱབ་མི་གི་སྦྱི་བདག་འདི་གི་གཉེན་ཉེའཝ་འདྲཝ་ ཏེ་ཨ་ནཱི་སྦེ་འོང་སྟེ་སྦེ་བརྡུངམ་ཨིན་ན། ཡང་ཅིན་ ཏེ་གླ་སྤྲོད་དེ་གིས་སྦེ་བརྡུངམ་ཨིན་ན་ ག་དེ་སྦེ་བརྡུངམ་ཨིན་ན་ལགས།
  • མཛེ་ཀོ Zeko
    ད་ རང་གི་སྤུན་སྤུན་ཆ་རེ་ཡོད་ འ་ནཱི་བཟུམ་འབད་བ་ཅིན་ ཏེ་ཨ་ཙི་རེ་རུབ་པ་འོང་ནི་ཡོད་ལགས་ འདི་འདི། ཉིནམ་གཉིས་གཉིས་ གསུམ་གསུམ་ ལྔ་ལྔ་ དྲུག་དྲུག་ འ་ནཱེ་སྦེ་རུབ་ཨིན། ཏེ་ཕྱི་རུ་མཚམས་འབད་ཅིན་ ཏེ་བཞེས་སྒོ་འདི་ བྱིན་དགོཔ་མམ་ ཏེ་གླ་སྤྲོདམི་དགོ་ལགས། ཏེ་ཉི༌མ་གི་འདི་འབད་བ་ཅིན་ ཏེ་ཕྱི་ལས་འཚོལ་མི་ཚུ་འབད་བ་ཅིན་ ཏེ་ཉིནམ་ག་སོང་གི་གླ་རྩིས་རྐྱབ་སྤྲོད་དགོ་ ཟེར་སླབ་ནི།
  • ཟླ་བ་ཚེ་རིང་ Dawa Tshering
    ཏེ་ད་ སྔོན་མ་འབད་བ་ཅིན་ ག་དེ་སྦེ་ཡོདཔ་སྨོ་ལགས? ད་ ད་རེས་འབད་བ་ཅིན་ ག་དེ་སྦེ་ཡོདཔ་སྨོ་ལགས? འ་ནཱི་ལུགས་སྲོལ་འདི་ ད་སྔོན་མ་ལས་ར་ དེ་སྦེ་རང་ཨིན་ན་ལགས།
  • རྫེ་ཀོ Zeko
    ཧེ་མ་ལས་རང་ ཏེ་ལུགས་སྲོལ་འདི་གུ་ར་བཀལ་འདུག་ལགས། མ་པ་ ལ་ལུ་ དང་ཕུ་འབད་བ་ཅིན་ ཏེ་ང་བཅས་ཀྱི་ ཨ་པའི་སྐབས་ལུ་ མ་པ་ བཟོ་བོ་སྦེ་རྐྱབ་སྟེ་འདུག འདི་གི་སྐབས་ལུ་འདི་ ཏེ་གླ་ཟེར་ དེ་སྦེ་གནམ་མེད་ས་མེད་སྤྲོད་ནི་མིན་ནུག རོགས་ཁྱིམ་ཚང་ཚུ་གིས་རབ་རུབ་བཏང་ ཨ་ཙི་རེ་འཆམ། འ་ནཱི་སྦེ་རང་ འབདཝ་མས་ལགས་འབད་ནི་འདི།
  • མཛེ་ཀོ Zeko
    ད་ སྐབས་ཅིག་ལས་ ཏེ་ད་ ག་ར་ ཏེ་གླ་ ཏི་རུ་ལུ་བརྟེན་ ལཱ་འབད་ཟ་སྡོད་དགོ་ནི་འདི་གིས་ ཏེ་ད་ གླ་འདི་གུ་ ཤུགས་ཆེ་སུ་ཅིག་ འགྱོཝ་མས་ཟེར།
  • ཟླ་བ་ཚེ་རིང་ Dawa Tshering
    ལགས་སོ་ལགས། ད་སྨོ་ལགས? ད་ ཨ་ནཱི་ཁྱིམ་འདི་རྐྱབ་པའི་ནམ་དུས་ལུ་སྨོ་ལགས? ཏེ་དང་པ་ར་ ག་ཅི་ལྷོང་དགོཔ་སྨོ་ལགས? ང་བཅས་ ཤིང་འབད་བ་ཅིན་ ཤིང་ག་ཅི་ཟེར་མི་འདི་ལྷོང་དགོཔ་སྨོ? ཏེ་དེ་ལས་ ག་དེ་སྦེ་འབདཝ་ཨིན་ན་སྨོ་ལགས། འ་ནཱི་ཅིག་གསུང་གནང་ཟེར།
  • མཛེ་ཀོ Zeko
    ད་ ཁྱིམ་འདི་རྐྱབ་ད་ དང་པ་ར་ བར་ན་བརྐོ་(དོང་རྐོ་) དེ་ལས་ རྩིགཔ་འདི་རྐྱབ་ རྩིགཔ་འདི་འདྲན་འདྲ་བཟོ་ཚརཝ་ཅིག་ ཏེ་དེ་ལས་སྦེ་ སྒོ་ལྷོང་། སྒོ་ལྷོང་ཚརཝ་ཅིག་ ཏེ་པར་འདི་ཨ་ཙི་འཆམ། པར་ཐེངས་གཅིག་དེ་ཅིག་འདྲན་འདྲ་བཟོ་འབད་སྦེ་ དེ་ལས་ མར་ལས་ཕར་སྒོ་ཅུང་འདྲཝ་ པ་ཡབ་ཟེར་ ཨ་ནཱི་སྦེ་ ཧེ་མ་དང་ཕུ་འབད་བ་ཅིན་ གྱལ་དཀར་འབད་ བཙུགསཔ་མས་སྨོ་ལགས?
  • མཛེ་ཀོ Zeko
    གྱལ་དཀར་འབད་ཡང་བཙུགས་ནི་ཡོད། དེ་ལས་ ད་རེས་ནངས་པར་ སྒོ་ཅུང་འབད་བཟོ་སྟེ་ཡང་བཙུགསཔ་མས་བ། ཏེ་འ་ནཱི་ཚུ་བཙུགསཔ་ཨིན། ཏེ་འ་ནཱི་སྒོ་དང་འདྲན་འདྲ་ འདྲན་འདྲ་བཟོ་ཞིནམ་ལས་ ཏེ་དེ་ལས་ ཏེ་ད་རུང་ པར་ཐེངས་གཅིག་ འདྲན་འདྲ་བསྐོར་འཁོར་འཁོར་འཆམ་ ཏེ་པར་འདི་འཆམ་ པུ་ར་(ག་ར)འབད་ཚར་ཞིནམ་ལས་ ཏེ་དེ་ལས་ འ་ནཱི་བསྒང་ལས་ གྱང་བརྡུང་ས་ བཀལ་ནི་ཡོད་ལགས།
  • མཛེ་ཀོ Zeko
    ཏེ་གྱང་བརྡུངས་བཀལ་ ཏེ་གྱང་འདི་གི་ལྟག་ལས་ ཏེ་པདྨོ་ཆོས་བརྩེགས། བཀལ་ཚུགས་མི་གིས་པདྨོ་ཆོས་བརྩེགས་བཀལ་འོང་། བཀལ་མ་ཚུགས་པ་ཅིན་ པདྨོ་རྐྱངམ་ཅིག་སྦེ་བཀལ་བཞགཔ་ཨིན་ལགས། ཏེ་འ་ནཱི་བཀལ། ཏེ་དེ་ལས་ གསེར་ཅུ་ཁ་གཉིསམ་བཀལ་ བོག་གདན་བཀལ། དེ་ལས་ བོག་གདན་བཀལ་ ཏེ་བོག་གདན་བཀལ་ཚརཝ་ད་ལས་བརྒལ་ ཏེ་རབ་གསལ་ལྷོང་ནི་མེད་ ཟེར་སླབ་ནི།
  • མཛེ་ཀོ Zeko
    བོག་གདན་གྱི་ལྟག་ལས་རབ་གསལ་ལྷོང་། ཏེ་རབ་གསལ་ལྷོང་ཚར་བའི་བསྒང་ལས་ དེ་ལས་ཡར་ལས་ཕར་ གདུང་། པདྨོ་ཆོས་བརྩེགས། དེ་ལསན་ ཏེ་བོག་གཉིས་བརྩེགས། ངངཔ་ འ་ནཱི་བཀལ་བའི་བསྒང་ལས་ ཏེ་མཇུག་བསྡུཝ་ཨིན་ལགས། ཏེ་འ་ནཱི་བཀལ་ ཏེ་དེ་ལས་ཡར་ལས་མར་ ས་ཐང་འཆམ་འབད་སྦེ་ ཏེ་དེ་ལས་ ཏེ་ཡར་ལས་ཐོག་ཆ་གི་ལཱ་འདི་ འ་ནཱ་ལས་ཕར་འབདཝ་ཨིན་ ཟེར་སླབ་ནི།
  • མཛེ་ཀོ Zeko
    ཐོག་ཆ་གི་ལཱ་ ཏེ་ཡར་ལས་ ཐོག་ཆ་ལཱ་ཟེར་རུང་ ཏེ་ཡར་ལས་ཕར་ལྡིང་རི་ རླུང་བཟེད་ འ་ནཱི་ཚུ་ པུ་ར་(ག་ར་)བཀྲམ་ པུ་ར་(ག་ར་)འབད་ཚརཝ་ད་ ཏེ་དེ་ལས་ དང་ཕུ་འབདན་ ལྕགས་ཤོག་བཀབ་མས་ ད་རེས་ནངས་པ་འབད་བ་ཅིན་ དང་ཕུ་འབད་བ་ཅིན་ ཤིང་ལེབ་བཀབ་མས་བ་སྨོ་ལགས? ད་རེས་ནངས་པར་འདི་ ལྕགས་ཤོག་བཀབ་ འ་ནཱེ་འབད་ནི་འདི་གིས་ དེ་ལས་ ལཱ་འཇུག་བསྡུ་ ཏེ་གནསཔ་འདི་ འ་ནཱི་བསྒང་ ཁྱིམ་ནང་བཙུགསཔ་ཨིན་ལགས།། །།