Skip to main content Skip to search
19 Jun 2018
6 min 7 sec
Rinchen Dorji
Video Overview
Creators: 
Sonam Tobgye

Dechen Peldrön, Jangchub Peldrön and Sonam Dema from Lubi village sing "Trangmoi Neysu," an old boedra song. This is a sad song, one that is usually sung by people who are feeling gloomy or recovering from an illness. The song requests that nature stays forever beautiful and verdant so as to foster one's own happiness. Change in the environment could bring emotional and physical destruction to its inhabitants, human, animal and otherwise. The song supplicates in particular for constant white snow, plentiful turquoise-blue lakes, and beautiful blossoms of hollyhock flowers, expressing the hope that none of these things will ever be destroyed either by sun rays or strong winds. 

༉  ལྷུན་རྩེ་རྫོང་ཁག་ལུ་བི་གཡུས་ཚན་ནང་ལས་བདེ་ཆེན་དཔལ་སྒྲོན་དང་བྱང་ཆུབ་དཔལ་སྒྲོན་ དེ་ལས་བསོད་ནམས་སྒྲོལ་མ་ཚུ་གིས་ འབོད་སྒྲའི་གླུ་གཞས་རྙིང་ཤོས་ སྤྲང་མོའི་གནས་སུ་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ རང་སེམས་མ་དགའ་བར་སྡོད་པའི་སྐབས་ལུ་དང་སྡུག་བསྔལ་མྱོང་སྡོད་པའི་སྐབས་ གཞན་ཡང་ནད་ལས་དྲག་པའི་སྐབས་ལུ་འཐེན་དོ་ཡོདཔ་ཨིན་མས། དེ་མ་ཚད་གླུ་གཞས་འདི་གིས་ མཛེས་ཆ་དང་ལྡན་པའི་རང་བཞིན་གནས་སྟངས་ཚུ་ལུ་ཡང་དུས་རྒྱུན་དུ་མཛེས་ཆ་གིས་ཕྱུགཔོ་སྦེ་བཞུགས་ཏེ་ དགའ་བ་ཕུན་སུམ་ཚོགས་ཏོག་ཏོ་གནས་བཅུག་ཟེར་སླབ་དོ་ཡོདཔ་ཨིན། འདི་མེན་རང་བཞིན་གནས་སྟངས་ལུ་གྱུར་བ་འགྱོ་བ་ཅིན་ གཞིས་ཆགས་ཏེ་སྡོད་མི་ཚུ་ལུ་ སེམས་དང་ལུས་གཉིས་ཆ་ར་ལུ་ཞི་བདེ་མེདཔ་འགྱོ་འོང་ཟེར་ཨིན་པས། དམིགས་བསལ་དུ་ གཞིས་གནསཔ་ཚུ་ལུ་དུས་གཏན་ཀྱང་མཛེས་ཆ་ལྡན་པའི་ཁཝ་དཀརཔོ་དང་སྔོ་ལྗང་ལྡན་པའི་གཡུ་མཚོ་ དེ་ལས་ག་ནི་ལས་མཛེས་པའི་ཧ་ལོའི་མེ་ཏོག་ཤར་མི་ཚུ་ ཉི་མའི་འོད་དང་འཚུབས་ཆེ་བའི་རླུང་མ་ཚུ་གིས་མེདཔ་གཏང་མ་བཅུག་ཟེར་ སྨོན་ཚིག་བཏབ་དོ་ཡོདཔ་ཨིན་མས། གླུ་གཞས་འདི་ ལུང་ཕྱོགས་སོ་སོ་ལས་ཕར་ཡོངས་གྲགས་ཅན་ཅིག་མེན་རུང་ གཡུས་འདི་ནང་གི་ཕམ་རྒན་ཤོས་ཚུ་གིས་འཐེན་སྲོལ་འདུག

Transcript search
No results found for this search
0 of 0
  • Dechen Peldon, Jangchub Peldon, Sonam Dema: སྤྲང་མོའི་གནས་སུ་ནགས་མོའི་ཡ་ལ་ཤིང་འཁྲུངས་ན་ལ། །དེ་ནས་སྤྲང་མོའི་སྙིང་ནས་ཡ་ལ་སྐྱོ་བའི་གླུ་ལ། །དེ་ནས་སྤྲང་མོའི་སྙིང་ནས་ཡ་ལ་སྐྱོ་བའི་གླུ། །རི་བོའི་རྩེ་ལ་གངས་རི་ཡ་ལ་དཀར་པོ་ཆགས་ལ། །དཀར་ལ་འོད་ཀྱིས་མདངས་ཚེ་ཡ་ལ་སེམས་རེ་དགའ་ལ། །དཀར་ལ་འོད་ཀྱིས་མདངས་ཚེ་ཡ་ལ་སེམས་རེ་དགའ། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: གངས་རི་ཉི་མས་ཞུ་ཚེ་ཡ་ལ་སེམས་རེ་སྐྱོ་ལ། །སེང་གེ་འཁོར་ས་མེད་པ་ཡ་ལ་ཡིད་རེ་འབབ(སྐྱོ)། །སེང་གེ་འཁོར་ས་མེད་པ་ཡ་ལ་ཡིད་རེ་(སྐྱོ)། །གངས་རི་དཀར་པོ་སྔར་བཞིན་ཡ་ལ་ཆགས་པར་ཤོག །དེ་ནས་སེང་གེ་ང་ཡང་ཡ་ལ་སེམས་རེ་དགའ་ལ། །དེ་ནས་སེང་གེ་ང་ཡང་ཡ་ལ་སེམས་རེ་དགའ། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: ལྡུམ་རའི་ནང་དུ་མེ་ཏོག་མེན་་་་་ རི་བོའི་རྩ་ལ་གཡུ་མཚོ་ཡ་ལ་སྔོན་མོ་བསྐྱིལ་ལ། །སྔོན་མོ་གཡུ་ཡིས་མདངས་ཚེ་ཡ་ལ་སེམས་རེ་དགའ་ལ། །སྔོན་མོ་གཡུ་ཡིས་མདངས་ཚེ་ཡ་ལ་སེམས་རེ་དགའ། །གཡུ་མཚོ་[ཐན་མས?]སྐམ་ཚེ་ཡ་ལ་སེམས་ཚེ་སྙིང་རེ་སྐྱོ་ལ། །ཉ་མོ་འཁོར་ས་མེད་པ་ཡ་ལ་ཡིད་རེ་འབབ(སྐྱོ་)ལ། །ཉ་མོ་འཁོར་ས་མེད་པ་ཡ་ལ་ཡིད་རེ་(སྐྱོ)། །གཡུ་མཚོ་སྔོན་མོ་སྔར་བཞིན་ཡ་ལ་བསྐྱིལ་བར་ཤོག་ལ། །དེ་ནས་ཉ་མོ་ང་ཡང་ཡ་ལ་སེམས་རེ་དགའ་ལ། །དེ་ནས་ཉ་མོ་ང་ཡང་ཡ་ལ་སེམས་རེ་དགའ། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: མཁར་ཆུ་སྤྲལ་གྱི་ཉི་མ་ཡ་ལ་ཤར་བར་ཤོག་ལ། །ལྡུམ་ར་ནང་ལས་ཧ་ལོ་ཡ་ལ་མེ་ཏོག་འཁྲུངས་ལ། །ལྡུམ་ར་ནང་ལས་ཧ་ལོ་ཡ་ལ་མེ་ཏོག་འཁྲུངས། །ཕྱི་མ་རླུང་གིས་གཡབ་ཚེ་ཡ་ལ་སྙིང་རེ་སྐྱོ་ལ། །སེར་སྦྲང་འཁོར་ས་མེད་པ་ཡ་ལ་ཡིད་རེ་འབབ(སྐྱོ་)ལ། །སེར་སྦྲང་འཁོར་ས་མེད་པ་ཡ་ལ་ཡིད་རེ་(སྐྱོ)། །ཧ་ལོ་མེ་ཏོག་སྔར་བཞིན་ཡ་ལ་ཤར་བར་ཤོག་ལ། །དེ་ནས་སེར་སྦྲང་ང་ཡང་ཡ་ལ་སེམས་རེ་དགའ་ལ། །དེ་ནས་སེར་སྦྲང་ང་ཡང་ཡ་ལ་སེམས་རེ་དགའ། །ལགས་སོ་ད་ ཨེ་ཧེ་ཧེ་ཧེ་་་་།། །།
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།