Skip to main content Skip to search
28 Aug 2018
5 min
Ariana Maki
Video Overview
Creators: 
Sonam Tobgye

ས་འདི་བྱང་ཤིང་རྩ་བ་ལ་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ ལྷུན་རྩེ་རྫོང་ཁག་ སྨད་མཚོ་རྒེད་འོག་ལས་ ཡེ་ཤེས་རྒྱལ་མཚན་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ ཚིག་འདི་ཚུ་ གསལ་ཏོག་ཏོ་ཅིག་མེན་རུང་ རྩོམ་པ་པོ་འདི་གིས་ ཞིང་ཁམས་ལས་གནང་མི་ བྱིན་རླབས་འདི་ལུ་ དད་པ་དང་གུས་བཏུད་ཕུལཝ་བཟུམ་ཅིག་འདུག། གླུ་གཞས་འདི་ཡང་ ཆུ་དང་ཉ་མོ་འདི་ཚུ་ལུ་ དཔེ་སྦྱར་ཐོག་ལས་བརྩམས་ཏེ་འདུག། 

 

An old Boedra song, Sadi Jangshing Tsawai La was sang by Yeshi Gyeltshen from Maedtsho geog under Lhuentse Dzongkhag. The lyrics of the song is unclear but it seems that the author is trying to pay his respect for offerings made from the heaven. The song was exaggerated through the use of examples such as fish in the river etc.

 

Transcript search
No results found for this search
0 of 0
  • ཚེ་དབང་རིན་འཛིན Tshewang Rinzin
    ས་འདི་བྱང་ཤིང་རྩ་བའི་ལ་ར་སྐྱོ་ང་། །ར་སྐྱོ་སྐྱིད་གླུ་བཤད་པ་ལ་[དར་མ་བཞེས]། །[དར་མ་བཞེས]། །
  • ཚེ་དབང་རིན་འཛིན Tshewang Rinzin
    ང་ལ་[དར་ངོ་]སྟོན་དང་ལ་གྲོང་གི་སྦུག །འདི་དུ་ནང་ཞིང་[དར་ངོ་]ལ་བཤད་པའི་ཚེ། །བཤད་པའི་ཚེ། །
  • ཚེ་དབང་རིན་འཛིན Tshewang Rinzin
    འཕྲལ་འདི་དགའ་འཚོར་ཤར་བའི་ལ་སེམས་ལ་ཤར། །མཇུག་འདི་དྲིན་ལན་གྲོང་གི་ལ་ཕྱོགས་ལུ་མཇལ། །ཕྱོགས་ལུ་མཇལ། །
  • ཚེ་དབང་རིན་འཛིན Tshewang Rinzin
    ཆུ་འདི་མེད་ལ་སྐྱེས་པའི་ལ་ཉ་མོ་ང་། །ཉ་མོ་སྐེད་ལུ་ཤེས་པ་ལ་[དར་མ་ཤེས]། །[དར་མ་ཤེས]། །
  • ཚེ་དབང་རིན་འཛིན Tshewang Rinzin
    ང་ལ་ཕུར་ངོ་སྟོན་དང་ལ་སྐྱིད་སྐྱིད་པུ། འདི་དུ་ནང་ཞིང་[ཕུར་ངོ་]ལ་བཤད་པའི་ཚེ། །བཤད་པའི་ཚེ། །
  • ཚེ་དབང་རིན་འཛིན Tshewang Rinzin
    འཕྲལ་འདི་དགའ་འཚོར་ཉམས་མོའི་ལ་སེམས་ལ་ཤར། །མཇུག་འདི་དྲིན་ལན་རང་གི་ལ་ཕྱོགས་ལུ་མཇལ། །ཕྱོགས་ལུ་མཇལ། །
  • ཚེ་དབང་རིན་འཛིན Tshewang Rinzin
    ཆུང་འདི་ཨ་མའི་སྐྱེས་པའི་ལ་སྤྲང་པོ་ང་། །སྤྲང་པོ་སྐེད་ལུ་ཤེས་པ་ལ་ཆོས་མ་ཤེས། །ཆོས་མ་ཤེས། །
  • ཚེ་དབང་རིན་འཛིན Tshewang Rinzin
    ང་ལ་ཆོས་ལུ་སྟོན་དང་ལ་ངེའི་སློབ་དཔོན། འདི་དུ་ནང་ཞིང་ཆོས་ངོ་ལ་བཤད་པའི་ཚེ། །བཤད་པའི་ཚེ། །
  • ཚེ་དབང་རིན་འཛིན Tshewang Rinzin
    འཕྲལ་འདི་དགའ་འཚོར་སྤྲང་པོའི་ལ་སེམས་ལ་ཤར། །མཇུག་འདི་དྲིན་ལན་མཚན་ལྡན་ལ་ཕྱོགས་ལུ་མཇལ། །ཕྱོགས་ལུ་མཇལ། །
  • ཚེ་དབང་རིན་འཛིན Tshewang Rinzin
    ལགས་སོ་ལགས།