Skip to main content Skip to search
15 Dec 2011
30 min 13 sec
David Germano
Video Overview
Creators: 
Unknown

A tangka painter in Lhasa instructs his student in how to paint the background of a tangka.

先要画天空的底色和青山的底色,待底色干后再用深一些的颜色染色,染出重到淡的变化。 唐卡的上色分底色和染色。

Transcript search
No results found for this search
0 of 0
  • ལྷ་བྲི་བ། Tangka painter
    པིར་ཕར་ཤུགས་ཆེ་ཙམ་གཡུགས།
    Paint with little more force.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཕར་གིར་ཕར་དེད་དང་པིར་གྱི་བྱུག་ཁུལ་སླེབས་ཀྱི་མ་རེད། འོ་འདུག་སེ། ཕར་ཤུགས་ཆེ་ཙམ་ཕར་དེད།
    Brush like this so that it won’t leave its mark on the canvas. Just like that, little harder.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    སྤྲིན་པའི་སྒང་ལ་ཚོན་མ་ཤོར་བ་བྱས། གཟབ་པོ་བྱས།
    Don’t apply color on the clouds. Be cautious.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འདི་སྤྲིན་པའི་སྟོང་འདིའི་ནང་ལོགས་འདི་ལ་གཏོང་རྒྱུ་རེད་དཱ། འདིར་ཆུང་ཆུང་ཞིག་འདུག་གཱ སྟོང་ཆུང་ཆུང་ཞིག
    You have to paint in the space between the clouds. This minute one and don't forget it.
  • དགེ་ཕྲུག Apprentice
    འོ། Yes.
  • ལྷ་བྲི་བ། Tangka painter
    དེའི་འོག་གོ་འདི། ད་ལྟའི་ད་གར། ད་ལྟའི་དེའི་འོག་འདི་གས། འོ་འདི་གས།
    Under that one. Yes, all of these.
  • དགེ་ཕྲུག Apprentice
    ལཱ་སེ།
  • ལྷ་བྲི་བ། Tangka painter
    པིར་ཁོ་ར་ཕར་ཤུགས་ཆེ་ཙམ་གཡུག་དགོས་རེད།
    Apply the paint with little more force.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཤིན་པིར་འདི་བྱས་ན་ཤོར་ཆེ་འདུག་གཱ འདི། འོ་འདི་བྱེད་ཤག
    This brush is better. Use this one.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ད་ཤོར་ཆེ་ཙམ་བྱས།
    Use slightly more color.
  • དགེ་ཕྲུག Apprentice
    ཤུགས་ཞེ་དྲགས་མི་འདུག་འདིར།
    This one is not very strong.
  • ལྷ་བྲི་བ། Tangka painter
    འོ། འོ་འདི། བཀག་ཡག་འདྲ་པོ། ཤོ་བྱེད་ཀྱི་རེད།
    Yes. Like this.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    པིར་སྐོར་ར་རྒྱབ་གིན་རྒྱབ་གིན་བྱེད་དགོས་ཀྱི་རེད།
    The paintbrush needs to roll a little while using it.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    པིར་དེས་ས་གཅིག་ལ་དེད་དང་པིར་ལེབ་ལེབ་ཆགས་འགྲོ་གི་རེད། ཕར་སྐོར་ར་རྒྱབ་གིན་རྒྱབ་གིན། འོ་འདུག་ས།
    If you hold the brush rigidly will make its tip flat. You need to roll it a little. Yes, like this.
  • ལྷ་བྲི་བ། Tangka painter
    དེད་ས་གཅིག་ཁོ་ན་དེད་དགོས་ཀྱི་རེད་དཱ། Brush in one direction.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    མར་འོག་ལ་མར་ཞེ་དྲགས་བྱས་བྱས། ཡང་འདི་བྱས་འགྲོ་གི་རེད། རི་མོ་འཐེན་འགྲོ་གི་རེད།
    Straying below the designated area of the sketch will leave markings.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཚུར་ཁ་ཐུག་དེད་དང་རི་མོ་འཐེན་གྱི་མ་རེད།
    Drive it straight and no new line will be created.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཚོན་དེ་གཏོང་དུས་ཙམ་ལ་དཔྱད་ཀྱི་ཕྱེད་ཀ་ཟ་དགོས་ཀྱི་རེད།
    When applying the color, it should take the half of the outline.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    དཔྱད་ཀྱི་ཕྱེད་ཀ་བཟས་པ་རེད་པཱ། ཞུ་གུ་ཚོན་རང་གཏོང་དུ་ཙམ་ལ་དཔྱད་ཀྱི་ཕྱེད་ཀ་གཅིག་དེ་ཟས།
    If you take the half of the sketch now, later when you apply more color, you can fill the other half.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    གོང་མ་འདི།
    The above one.
  • ལྷ་བྲི་བ། Tangka painter
    མེ་ཏོག་གི་ཁའི་ནང་ལོགས་འདིར་ལ་ལས་སོང་།
    You forgot the space inside the flower.
  • ལྷ་བྲི་བ། Tangka painter
    ཞུ་གུ་དཔྱད་ཀྱི་ཟ་རོ་མ་རོ་ལུས་ཀྱི་མ་རེད་པཱ།
    Then later there won’t be unnecessary left out bits.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ལྟ་ཚུར་ཁ་ཐུག་བྱེད་དང། འདུག་ས་ཕར་བྱས། འོ་ཡག འོ་ཧཱ། འོ་འདུག་སེ།
    Sit straight. Move a little. Good. Just like that.
  • ལྷ་བྲི་བ། Tangka painter
    ཐང་ཀ་ཤོར་ཡོང་།
    Be careful, the tangka might fall.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཕར་ཕྱོགས་འདི་ནས་མར་གཏོང་ཤོག
    Paint from the other side.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    སྒང་ཡེ་ནས་མར།
    From top to bottom.
  • ལྷ་བྲི་བ། Tangka painter
    དེ་ཕྱོགས་དེ་ནས་དེ་ཕྱོགས། འོ་དེ་གས། ཕ་གིའི་ལོ་མའི་མིག་ཅིག་ལས་ཤག འོ་འདུག་སེ།
    Paint on the other side. Yes, those. Don't forget to paint the space between the leaves.
  • ལྷ་བྲི་བ། Tangka painter
    ཚོན་ཕར་ཚུར་དེད་དུས་ཙམ་ལ་ཁོད་སྙོམས་པོ་བྱས་དེད་དགོས་ཀྱི་རེད།
    When applying the color, make sure you apply it evenly.
  • དགེ་ཕྲུག Apprentice
    ལགས་སོ།
    Okay.
  • ལྷ་བྲི་བ། Tangka painter
    ཁོད་སྙོམས་པོ་བྱུང་ན། ཞུ་གུ་འདི་སྒང་ལ་ནམ་མཁའ་སྒྲུབ་ཡོང་དུས་ཙམ་པ་ལ་བདེ་བ་ཡོག་རེད།
    If you achieve evenness now, later when you create the sky on top of this, it is easier.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཁོད་སྙོམས་པོ་མ་བྱས་པ་ཡིན་ན་ཡང་ནམ་མཁའ་དེ་སྒྲུབ་དུས་ཙམ་ལ་ཁྲ་ཁྲ་ཆགས་འགྲོ་གི་རེད།
    If you create the sky by applying color unevenly, then it won't look nice later on.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ལོ་མ་དང་། འདི་ཚོའི་སྒང་ལ་ཡཱ། སྐུ་གཟུགས་དང་འདི་ཚོའི་སྒང་ལ་ཡཱ་ཚུར་ནམ་མཁའ་འདི་བཞོན་པ་ཡིན་ན་ཞུ་གུ་མཚོན་བརྩེགས་ཏོ་བརྒྱབ་ཡོད་པ་མ་ཤེས། ཚོན་གཉིས་ཆགས་ཕྱིན་བྱས་ཚོན་མཐུག་པོ་ཆགས་ཨ་ནི་ཡང་ཐང་ཀ་མཐུག་པོ་ཆགས་འགྲོ་གི་རེད།
    Later, when the sky is combined with other components of the composition, like the leaves and figures, can result in layers of colors and make the tangka undesirably thick.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ལྟ་སྒང་ཡེ་ནས་མར་དེད།
    Now paint from the top.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ལྟ་སྤྲིན་པའི་འོག་ནས་མར་ཞིག་གཏོང་ཤོག
    Paint from below the clouds.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཆུ་ཐིགས་པ་ཐིགས་པ་བླུགས། དཱ་ག་སི་མར་མཛེས་ཆ་ར་གཅིག་མ་གཏོགས།
    Put some drops of water to make the color look nicer.
  • ལྷ་བྲི་བ། Tangka painter
    གར་སླ་འདི་གང་བྱེད་གས།
    How about the thickness?
  • དགེ་ཕྲུག Apprentice
    ཏིག་ཙམ་གར་དྲགས་མི་འདུག་གམ།
    I think it is too thick.
  • ལྷ་བྲི་བ། Tangka painter
    ཨོའོ། གར་དྲགས་ཤགས།
    Oh, it is too thick.
  • དགེ་ཕྲུག Apprentice
    ཨེ་འདྲས་བྱུག་ན་འགྲིག
    Can I apply like this?
  • ལྷ་བྲི་བ། Tangka painter
    འོ། Yes.
  • ལྷ་བྲི་བ། Tangka painter
    འོ་ཨེ་འདྲས་ཤིག་གཏོང་ཤག སླ་ལོས་དེ་འདྲ་ཞིག་བྱུང་ན་འགྲིག་གི་ཡོག་རེད།
    Yes, paint like that. And this thickness of the paint solution is good.
  • ལྷ་བྲི་བ། Tangka painter
    དེའི་སྒང་འདི་ལ་ལོ་མ་འདིའི་བར་ལ་ལས་སོང་། སྒང་འདིར། འོ་འདིར།
    You forgot to color the space between the leaves. On the top. Yes, there.
  • ལྷ་བྲི་བ། Tangka painter
    འོ་འདི། འདིའི་ཕ་ཕྱོགས་འདི་ནས་གཏོང་ཤོག ལོ་མ་འདིའི་བར་ནས། འོ་འདི་ནས་མར་བྱས་གཏོང་ཤོག
    Right. Paint from other side. Between the leaves. Right, from this one and move downward.
  • ལྷ་བྲི་བ། Tangka painter
    འདིའི་བར་ལ་ཐེའུ་ཡོག་རེད། ད་ལྟའི་འདིར།
    The bud is in between them.
  • ལྷ་བྲི་བ། Tangka painter
    འོ་འདིའི་བར་ལ་གཏོང་བཞག
    Paint in between this.
  • ལྷ་བྲི་བ། Tangka painter
    འོ་འགྲིག་ཤག
    Right, that is good.
  • ལྷ་བྲི་བ། Tangka painter
    དངོས་ནས་བྱས་ན་ཐང་ཀ་ཟེར་དུས་ཙམ་པ་དེ་ཚོ་ས་གཞི་དེ་ཚོ་གཏོང་ཡག་དེ་སྤང་སྐྱ་གཏོང་དགོས་ཀྱི་རེད་པཱ། ཡིན་ནའི་ལྟ་དེང་སང་ཐང་ཀ་ཏིག་ཙམ་ཚོས་གཞི་སྣུམ་དུ་འགྲོ་ཡག་བྱས་བྱས་སེར་སྐྱ་དེ་བཏང་བ་རེད་པཱ།
    Originally, the earth should be painted in pale grass-green color. But nowadays, to give the tangka an oily look, pale yellow color is used instead.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ལྟ་གང་ནས་མར་དེད་ཤོག འདི་ནས་མར་བྱས།
    Now drive from top down. From there.
  • ལྷ་བྲི་བ། Tangka painter
    སླ་སླ་ཞིག་བཟོས། སླ་པོའི་ཞིག་བཟོས།
    Make it diluted.
  • ལྷ་བྲི་བ། Tangka painter
    ཏིག་ཙམ་བླུགས་ན་འགྲིག
    You can put a little bit.
  • ལྷ་བྲི་བ། Tangka painter
    སླ་པོ་ཞིག་མ་བཟོས་ན་ད་ལྟ་རང་རླག་འཁྱེར་གྱི་མ་རེད་རང་།
    If you don’t dilute it, It is going to be hard for you to handle the color.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཏིང་།
    The cup.
  • ལྷ་བྲི་བ། Tangka painter
    འོ་ལྟ། ཡག་པོ་ཆགས་ཡོད་རེད།
    Now it is good.
  • ལྷ་བྲི་བ། Tangka painter
    འོ་འགྲིག་ཤག ཨཱ་ལེ་ད་གི་ཙམ་མར་ཕུར་ཤོག ད་གི་ཙམ་ལས་མ་འཕུར།
    Good. First apply till this point. Not more than this.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འོ་འོ།
    Good.
  • ལྷ་བྲི་བ། Tangka painter
    འོ་འདུག་ས་བྱས། སླ་ལོས་འོ་ཨེ་འདྲས་འདྲ་པོ་ཐོང་། ཨ་ནི་འདིའི་སྒང་ལ་བརྩེགས་ཏོ་བརྒྱབ། བརྩེགས་ཏོ་བརྒྱབ།
    Yes, do like that and apply the same thickness. Then later apply more paint and create layers of paint.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    སླ་པོ་ཐེངས་མ་གསུམ་ཙམ་བཞི་ཙམ་ལྔ་ཙམ་བཏང་ཚར་སོང་ན་ཨ་ནི་གཞི་ནས་ཕྲ་རུ་འགྲོ་གི་རེད།
    After applying few thin layers of paint one upon the other, it creates detail.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འོ་ཡག སླ་ལོས་འོ་འདི་འདྲས་ཤིག་བཏང་ཤག་དང་འགྲིག་གི་ཡོད་རེད།
    Good. Applying thickness like this is enough.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཨ་ནི་གར་ར་གར་རུ་ཚ་སེ་བཏང་བྱས། ཨཱ་ལས་ཆུང་དག་ཁ་ཆས་ཤིག་བརྒྱབ། ཨཱ་ནི་ཞུ་གུ་ལ་དེར་ཕྲ་རུ་འགྲོ་གི་རེད་དཱ།
    Then slowly increase the thickness.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འདི་ཆ་ཚང་མར་ཕབ་པས།
    You brought all these down?
  • དགེ་ཕྲུག Apprentice
    འོ་ཕབ་ཚར།
    Yes.
  • ལྷ་བྲི་བ། Tangka painter
    སྔོན་པའི་སྒང་མ་ཞེ་དྲགས་མ་དེད་མ་གཏོགས་དེད་ཡོང་གི་རེད་དཱ་ཚུར།
    Don’t apply too much on the blue color, else it will spill over.
  • དགེ་ཕྲུག Apprentice
    ལཱ་སེ།
    Yes.
  • ལྷ་བྲི་བ། Tangka painter
    མར་ཙམ་བཏང་། ཨ་ནི་ཡལ་བསྡད་པའི་བཟོ་ལྟ།
    Paint a little bit down. And then make it look melted.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཆུ་སྣག་བཟོ་ལྟ་བྱས་རྒྱག་གིན་རྒྱག་གིན་བྱས།
    Make the ink diluted and continue applying color.
  • ལྷ་བྲི་བ། Tangka painter
    འོ་འདི་ནས་མར་ཡལ་བསྡད་རྒྱོག་བཟོ་ལྟ།
    From there, make it look like it is disappearing.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ལྕེ་ལེབ་འདི་ལ་ཐུག་ཙམ་ཐུག་ཙམ་བྱས་ན་དགའ་བ་མི་འདུག་གས།
    Don’t you think it is better to adjust the tip of the brush with your lips?
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཚུར་ཏིག་ཙམ།
    Paint little toward here.
  • དགེ་ཕྲུག Apprentice
    ཡག་ཡག
    Okay.
  • ལྷ་བྲི་བ། Tangka painter
    འོ་འདི། ད་ལྟར་མར་དེད་དང་། གཤམ་དེ་ལས་མར་ཚུར་ཙམ་བཟོས་ཤོག
    Now first drive it down. Little toward here than the one below it.
  • དགེ་ཕྲུག Apprentice
    ལཱ་སེ།
    Yes.
  • ལྷ་བྲི་བ། Tangka painter
    འོ་ཡག
    Good
  • དགེ་ཕྲུག Apprentice
    དེ་ལ་ལྗང་གུ་དེ་ཞེ་དྲགས་མཐོང་གི་མི་འདུག་གཱ
    This green color is not that noticeable.
  • ལྷ་བྲི་བ། Tangka painter
    འདི་ནས་མར་བཏང་བཞག་ན།
    Paint from here and then move down.
  • ལྷ་བྲི་བ། Tangka painter
    དཔྱད་སྒང་ལ་ཚུར་ཞེ་དྲགས་མ་འཐེན།
    Don’t drive too much over the outline.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཚོན་མཐུག་པོ་ཆགས་འགྲོ་གི་རེད་ཞུ་གུ
    Later the paint will become thick.
  • ལྷ་བྲི་བ། Tangka painter
    འདྲ་པོ་འདྲ་པོ་ཆགས་ཤག
    It's almost the same now.
  • ལྷ་བྲི་བ། Tangka painter
    འོ། འོ།
    Right.
  • ལྷ་བྲི་བ། Tangka painter
    པིར་ཆུང་བ་དེ་བཟོས་དང་། རང་གི་འདི། འོ་འདི།
    Prepare the smaller brush. The one you have. Yes, that one.
  • ལྷ་བྲི་བ། Tangka painter
    འདིར་མཚོན།
    Here take the color.
  • ལྷ་བྲི་བ། Tangka painter
    ཉམས་ཏོག་ཙམ་ཚོབ་བྱས་པ་སྐྱོན་མི་འདུག
    A little bit of thickness is acceptable.
  • དགེ་ཕྲུག Apprentice
    ཕྲ་སླ་རུ་འགྲོ་གི་རེད་པཱ།
    It will get thinner right?
  • ལྷ་བྲི་བ། Tangka painter
    འོ་ཨོའོ། རྡོག་རྡོག་བྱས་ནས་མར་སྒྲུག་སྒང་དེ་ནས་མར།
    Oh, yes. Pick a small chunk from there.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཕར་མང་ཙམ་བྱུག་མ་གཞི་མཐོང་གི་མ་རེད།
    You need to apply little bit more over there. Otherwise it won’t be visible.
  • ལྷ་བྲི་བ། Tangka painter
    མར་སྒྲུག་ཡོང་དུས་སླ་རུ་སླ་རུ་སླ་རུ་གཏོང་ཐང་ཨ་ནི་ཡག་པོ་ཆགས་ཡོང་གི་རེད།
    As you create the piece and dilute it further, then it will have a nice effect.
  • དགེ་ཕྲུག Apprentice
    ལཱ་སེ།
    Yes.
  • ལྷ་བྲི་བ། Tangka painter
    འོ་དེ་ལྟ་ས་གཞི་དེ་འཁྱེར་ཤོག་དང་།
    Bring the earth color.
  • ལྷ་བྲི་བ། Tangka painter
    འོག་ལ་མར་སླེབས་དུས་ཕྲ་ཆུང་རུ་ཆུང་རུ་གཏོང་དགོས།
    As you move download, decrease the size of the stroke.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ནམ་མཁའ་དེ་འཁྱེར་ཤོག་དང་།
    Bring the sky color.
  • ལྷ་བྲི་བ། Tangka painter
    ཕྲ་སྔོན་དེ་བསྒྲུབས་ཚར་སོང་ན་ཞུ་གུའི་དེ་སྒྲུབ་དུས་ཙམ་པ་འདིའི་སྐྱ་ཚག་ལས་རྒྱོག་དེ་ཚའི་ནང་ལོགས་ལ་ཡང་ཕྲ་ཆུང་ཆུང་ཨཱ་ནས་སྒྲུབ་དགོས།
    After completing the blue brushstrokes and moving to the next ones, fill in all the spots that were missed.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཕྲ་མར་སྒྲུབ་ཡོང་དུས་མར་ཆུང་རུ་ཆུང་རུ་གཏོང་དང་ཨཱ་ནི་ཞུ་གུ་ཕྲ་ཆུང་ཆུང་ཆགས་དུས་ཙམ་ག་ནམ་མཁའ་འགྲིག་འགྲོ་གི་ཡོག་རེད། ལྟ་དུས་ཙམ་ག ཨ་ནི་ནམ་མཁའི་ཚོས་གཞི་ཡག་པོ་ཆགས་འགྲོ་གི་རེད།
    When you apply the paint downward, gradually reduce the size of the brushstroke and repeat the process to create the sky. Once it's done, the color of the sky will look good.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འོ་ཡག ཨེ་འདྲས་སྒྲུབ་ཤོག
    Good. Do it just like that.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    དེ་ནས་མར་ཕྲ་ཆུང་ཆུང་གཏོང་།
    Then gradually reduce the size of the brushstrokes.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཨ་ནི་དེ་འདུག་སེ་བྱས་ཕྲ་རུ་འགྲོ་དུས། འདི་ནས་མར་ཕྲ་སླེབས་དུས་ཙམ་ག་ཕྲ་ཡལ་བསྡད་རྒྱོག་བཟོས། ཕྲ་ཆུང་རུ་ཐོང་། སྒང་ཡ་གིར་ཕྲ་ཆེན་པོ་ཆགས་པ་གལ་ཡོག་མ་རེད།
    Like this, decrease the size of the brushstroke from top to bottom and make them look like they are disappearing. It is acceptable to have slightly bigger brushstrokes on the top.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཞུ་གུ་ཡར་མར་ཕྲ་ཆུང་རུ་ཆུང་རུ་ཐོང་།
    Decrease the brushstroke size later when you apply more color.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཞུ་གུ་ཕྲ་བསྒྲུབས་ཚར་རྒྱོག་ནང་ལོགས་ལ་ཡང་ཕྲ་དེ་ཚོ་ཡང་དཀར་པོ་ལས་བསྡད་རྒྱོག་ཅིག་འདུག་གཱ འོ་འདི་ཚོའི་ནང་ཕྲ་སྒྲུབ་གིན་སྒྲུབ་གིན་བྱས། ཡང་དེ་སྒྲུབ་བད་མར་ཛམ་བར་དུ་སྒྲུབ་ཚར་སོང་ན། ཡང་སྐམ་སོང་ན་སྐྱ་འཚག་ལས་བསྡད་རྒྱོག་འདུག་ག ཨཱ་ནི་འོ་འདི་ཚོའི་ནང་ཕྲ་སྒྲུབ་གིན་སྒྲུབ་གིན་བྱེད་དགོས་ཀྱི་རེད།
    Can you see the one left out white spots inside the completed portion? Such spots need to be filled in gradually. Again after going down to the bottom of the tangkha, let it dry before going back to the pale spots and filling them with brush strokes again.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འོ་འོ། ཞུ་གུ་ཕྲ་ཆུང་རུ་འགྲོ་དུས་ཙམ་ག་ནམ་མཁའ་ཚར་འགྲོ་གི་ཡོག་རེད་། སྙིང་རྗེ་རུ་འགྲོ་ཆགས་ཀྱིས།
    As the stroke size decreases, you are completing the sky. It will result in a beautiful piece.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འོ་ཡག
    Good.
  • ལྷ་བྲི་བ། Tangka painter
    ལྟ་བཙན་པོའི་ཆུང་རྟགས་བརྒྱབ་མ་ཤིག ཞུ་གུ་ང་གཉིས་བརླག་འཁྱེར་གྱི་མ་རེད་དཱ།
    Now carefully mark it, otherwise later we two might find it hard to handle.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.