Skip to main content Skip to search
16 Feb 2017
2 min 18 sec
Video Overview

གཙང་མོ་ཟེར་མི་འདི་ མི་ཚུ་གིས་ ཁོང་རའི་ནང་ན་གི་ཚོར་སྣང་འདི་ གདངས་མ་འདྲཝ་གི་ཐོག་ལས་སྦེ་ ཕྱི་ཁར་བཏོན་ཏེ་མི་གཞན་ལུ་ སླབ་མི་ལུ་གོཝ་ཨིན་པས། གཙང་མོའི་དབྱེ་ཁ་ལེ་ཤ་ཡོད་མི་ལས་ ད་ལྟོ་ནཱ་གི་འདི་ ཉན་མི་ཚུ་ལུ་ གནམ་བསྐོས་ཀྱི་སྐོར་ལས་ སླབ་ཨིནམ་ལས་ འབྲུག་གི་ གཙང་མོའི་ལམ་སྲོལ་དབྱེ་རིམ་ལས་ གཉེན་གླུ་གི་དབྱེ་ཁག་ནང་ཚུདཔ་ཨིན་པས། གཙང་མོ་བརྩམས་མི་འདི་གིས་ རྒྱ་མཚོའི་ཕར་ཁ་ཡོད་པའི་ ཁོ་རའི་ལས་གནམ་བསྐོས་ཅན་གྱི་ གཉེན་གྲོགས་དང་ཅིག་ཁར་ ཕྱད་དགོ་མནོ་བའི་སྐོར་ལས་ཨིན་པས།