Skip to main content Skip to search
02 Nov 2014
4 min 46 sec
Bradley Aaron
Video Overview
Creators: 
Tibetan & Himalayan Library

Jikko from Meshül village in Tsekhok tells the origin story of the holy mountain Anyé Drakkar.

བརྙན་ཐུང་འདིར་ཨ་མྱེས་བྲག་དཀར་ནི་ཇི་ལྟར་བྱུང་བའི་གཏམ་རྒྱུད་དེ་ཕ་མེས་ཀྱི་ངག་རྒྱུན་ཇི་བཞིན་བརྗོད་ཡོད་དོ།

སྔོན་རྒྱལ་བོ་བོང་ཟེར་བ་ཞིག་ས་གནས་ཤིག་ལ་ཐོན་པ་དང་སྡེ་བ་རེའི་ཁྱིམ་ཚང་རེ་རེའི་ཁོང་ལ་ཟས་ཐུན་རེ་འདྲེན་དགོས་ཀྱི་ཡོད། རེ་ཞིག་བུ་མོ་མངལ་ཆགས་ཡོད་པ་ཞིག་གིས་རྒྱལ་བོ་ལ་ཟ་མ་གཡོ་སྐོལ་བྱེད་སྐབས་དུས་ཚོད་འགོར་སོང་སྙམ་ནས་འཚབ་པས།  ཁོག་གི་བྱིས་པ་དེ་སླ་ངའི་ནང་དུ་ལྷུང་བ་རེད། རྒྱལ་བས་བཞེས་སྐབས་གཞན་དང་མི་མཚུངས་པའི་རོ་ཞིམ་པོ་གདའ་བས་ཕྱིར་ཉིན་ནས་བཟུང་དེ་དགོས་ཟེར། རེད་ཀྱང་བློན་པོ་ཚོས་གནས་ཚུལ་དེ་ཤེས་རྗེས་མོ་རང་གསོད་རྩིས་བྱས་མོད། དེའི་ནང་གི་བློན་པོ་གཅིག་གིས་གསང་བརྡ་བཏང་ནས་མོ་རང་བྲོས་སོང་བ་དང་། དེ་ནས་བྲག་རི་རྫ་གསུམ་ལ་ཐོན་རྗེས་ཤི་སོང་བ་རེད། རྗེས་ནས་བན་དེ་གསུམ་གྱི་སྐྱེས་པ་བླངས་པ་དང་ཡང་རྗེས་ནས་གསད་པ་རེད། མཐར་བྲག་རི་རྫ་གསུམ་གྱི་གནས་དེར་ཐོན་ནས་གཞི་བདག་གི་འཁོར་བྱས་ཏེ་མི་རྣམས་ལ་མགོན་སྐྱོབས་གནང་བའི་ངག་རྒྱུན་ཅིག་བརྗོད་ཡོད། 

讲述了神山阿尼智嘎是如何而来,如何起名的民间传说。

这段视频讲述了一位叫旺国王到某地,当地的村民每天都要按顺序要给国王送餐。有一天一位孕妇因为赶时间紧张得把肚子里的给到掉锅里,国王用完餐喜欢上了这个特殊的味道,并嘱咐每天都要。但是大臣们知道实情后准备杀了那个女人,然而一位大臣告诉了她让她逃跑,等到了一个山头累死了。之后她的化身成了三个僧人,最后还是被人陷害了。然后到了山神智嘎开始保佑人们。

Transcript search
No results found for this search
0 of 0