Skip to main content Skip to search
21 Jun 2018
7 min 17 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

Lobzang Dorji from Radhi, Trashigang, discusses astrology. Oral history heard by Lobzang says that astrology came into existence during the time of the Tibetan King Songtsen Gyampo. When Queen Jaza was asked to come from China to marry the king, it is said that astrologers studied the fate of the queen; from that time, astrology came into existence. It is also said that astrology was practiced after it was blessed by Manjushree, at an unknown time. Astrologers of different kinds are approached for different reasons, to learn about births, deaths, construction projects, travelling, rituals, or sickness. People follow the instructions of the astrologer and carry out things accordingly.

 

ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ རྩིས་རིག་པའི་ འབྱུང་ཁུངས་དང་ དགོས་པ་ཚུ་བཤདཔ་ཨིན། སློབ་བཟང་རྡོེ་གིས་ རྩིས་རིག་པའི་ འབྱུང་ཁུངས་ ཁ་རྒྱུན་སྦེ་གོ་མི་ནང་ རྩིས་རིག་པ་འདི་ བོད་ཀྱི་རྒྱལ་པོ་ སྲོང་བཙན་གམ་པོའི་སྐབས་ལས་ འབྱུང་འབྱུངམ་ཨིན་ཟེར་བཤདཔ་ཨིན། དེ་ཡང་ རྒྱ་མི་རྒྱལ་ཁབ་ལས་ ཨ་ཞེས་མཇའ་ཟ་འདི་ བོད་ཀྱི་རྒྱལ་པོ་ སྲོང་བཙན་གམ་པོ་དང་ གཉེན་རྐྱབ་པ་ཅིན་ རྒྱལ་ཁབ་ཀྱི་གཞི་བདེ་ལུ་ ཕན་ཐོག་ནི་མས་ཟེར་ རྩིས་རིག་པ་གིས་ཤེསཔ་ལས་ དུས་དེ་ལས་འགོ་བཟུང་ རྩིས་རིག་པ་འདི་ འབྱུང་འབྱུངམ་ཨིན་མས། ད་རུང་ བཤད་སྲོལ་ཅིག་ལས་འབད་བ་ཅིན་ རྩིས་རིག་པ་འདི་ ཤེས་རབ་ཀྱི་ལྷ་འཇམ་དཔལ་དབྱངས་ཀྱིས་ བྱིན་གྱིས་བརླབས་པའི་ཤུལ་ལུ་ འབྱུང་འབྱུངམ་ཨིན་ཟེར་ཡང་བཤད་ནི་འདུག ཨིན་རུང་དུས་ནམས་འབྱུང་ཡི་ག་ ཁ་གསལ་ཅིག་མེདཔ་ཨིན། རྩིས་བལྟ་ནིའི་ རྒྱུ་མཚན་མ་འདྲཝ་ ལས་ཤ་ཡོདཔ་ལས་ དཔེར་ན་ སྐྱེས་རྩིས་ ཤིན་རྩིས་ ཁྱིམ་རྐྱབ་པའི་སྐབས་ འབད་བཏུབ་དང་མ་བཏུབ་པའི་ བཟང་ངན་གྱི་ལཱ་བལྟ་ནི་དང་ ལམ་འགྲུལ་འབད་བའི་སྐབས་དང་ ཆོ་ག་བཏང་པའི་སྐབས་དང་ དེ་ལས་ལུས་ལུ་ནཱ་ཚ་འཕོག་པའི་སྐབས་ལུ་ རྩིས་བལྟ་ཞིནམ་ལས་ ལཱ་དང་བྱ་བ་ཡང་ རྩིསཔ་ཀྱིས་ག་སླབ་ལྟར་དུ་འབདཝ་ཨིན། 

Transcript search
No results found for this search
0 of 0
  • བློ་བཟང་རྡོ་རྗེ་ Lobzang Dorji
    ལགས་སོ་ཏེ་ད་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་གི་ ཏེ་དང་ཕུ་སྔར་གྱི་ ཏེ་ལམ་ལུགས་སྲོལ་ རྩིས་བལྟ་སྦེ་ ཏེ་འབད་དགོ་པའི་ ཏེ་མི་ མནའམ་འགྱོ་བ་ཅིན་ མནའམ་འགྱོ་བའི་ལུགས་སྲོལ་རྩིས། ཁྱིམ་རྐྱབ་པ་ཅིན་ཁྱིམ་རྐྱབ་པའི་ལུགས་སྲོལ་རྩིས། དེ་ལས་ད་ ཚོང་རྐྱབ་པ་ཅིན་ཚོང་རྐྱབ་པའི་རྩིས། ཏེ་ད་ཐ་ན་ང་བཅས་ར་གོ་ལ་གསརཔ་དྲ་ནི་ལས་འགོ་བཟུང་ ཏེ་གོ་ལ་གསརཔ་དྲ་སྦེ་བཙེམས་ བཙེམས་ཏེ་འཇའ་དང་གོང་བཀལ་སྦེ་ ཏེ་གོང་བཀལ་ཚར་ཞིནམ་ལས་ བཙེམས་ཚར་ཞིནམ་ལས་ གྱོན་ནི་གི་ཚེས་གྲངས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འ་ནཱི་བཟུམ་ རྩིས་བལྟ་དགོཔ་གི་ ཏེ་ལུགས་སྲོལ་དེ་ཡང་ ཏེ་ཧེ་མ་ དུས་རབས་འདི་ང་གིས་ཞུ་མི་ཤེས་པས། ཏེ་ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ རྒྱལཔོ་སྲོང་བཙན་སྒམ་པོའི་སྐབས་ལས་ཡར་ ཏེ་རྩིས་འདི་བཟུམ་ཅིག་ ང་གིས་དྲན་དོ་བཟུམ་ཅིག་འབད་བ་ཅིན་ ཕམ་ཚུ་གིས་ རྒྱལཔོ་སྲོང་བཙན་སྒམ་པོའི་སྐབས་ལུ་ རྒྱ་བཟའ་མོ་བོད་ལུ་གདན་དྲངས་སྦེ་ ཏེ་འ་ནཱི་སྐབས་ལུ་ ཏེ་རྩིས་ཀྱི་འབད་རྒྱ་བཟའ་མོ་ལུ་ མཁའ་འགྲོའི་མཚན་རྟགས་བརྟགས་ཏེ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་རྩིས་ཀྱི་འབྱུང་ཁུངས་འ་ནཱ་ལས་ཡར་བྱུང་སྟེ་ ང་བཅས་ཆ་ཁྱབ་རྩིས་བརྩི་དགོཔ་འདི་བཟུམ་ཅིག་ཨིན་ཟེར་ ངེའི་རྣམ་ཅོ་གོ་ཐངས་འདི་བཟུམ་ཅིག་ཨིན་མས་ ཏེ་ད་ རྩིས་ཀྱི་ལུགས་སྲོལ་འདི་ ད་ང་བཅས་མི་འདི་ མ་པ་ལས་རང་འབྱུང་བ་ཕུང་པོ་འདི་ འབྱུང་བ་བཞི་ལུ་བརྟེན་ཏེ་ ས་ཆུ་མེ་རླུང་གིས་བསྡུ་བའི་ཕུང་པོ་འབདཝ་ལས་བརྟེན་ ཏེ་དུས་གནམ་ཅིག་ཤི་དགོ་པའི་རྒྱུ་ཨིན་མས་ ཏེ་ཤིཝ་ད་ལུ་ ཏེ་ལོག་སྟེ་རང་ ཏེ་ང་བཅས་མི་འགྲོ་བ་འདི་ རྣམ་རྟོག་གི་ནང་ན་སྡོད་པའི་མི་འབདཝ་ལས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    རྣམ་རྟོག་དག་ནི་གི་ རོགས་བླམ་ལེགས་ཤོམ་རེ་ཨིན་པ་ཅིན་ ཏེ་ཆོས་ཡང་དག་གི་ཐོག་ལས་ ཏེ་ཉམས་ལེན་ལེགས་ཤོམ་གནང་སྦེ་ ཏེ་རྣམ་རྟོག་དགཔ་ཨིན་མས། ཏེ་འ་ནཱི་ ང་བཅས་ར་མི་སེར་སྤྱིར་བཏང་གིས་ ཏེ་ཆོས་ཡང་དག་གི་ལམ་ལུ་སྦྱར་མ་ཚུགས་མི་ཚུ་འདིནི་ རྩིས་འདི་ལུ་ རྣམ་རྟོག་ རྩིས་ཀྱི་ཐོག་ལས་ ཏེ་རྣམ་རྟོག་འ་ནཱི་གིས་དག་དགོཔ་འདི་ ཏེ་རྩིས་འདི་ འཕགས་པ་འཇམ་དཔལ་དབྱངས་ཀྱིས་ རྒྱ་ནག་རི་བོ་རྩེ་ལྔའི་ཐོག་ལུ་འབད་ ཏེ་བྱོན་སྦེ་ ཏེ་རྒྱ་ནག་རི་བོརྩེ་ལྔ་ཐོག་ལུ་ འཕགས་པ་འཇམ་དཔལ་དབྱངས་ཀྱིས་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ཟེར་ འཇམ་དཔལ་དབྱངས་རིགས་ལྔ་ལས་ཡང་ ཏེ་དབུས་ཀྱི་འཇམ་དཔལ་གཞོན་ནུར་གྱུར་པ་གི་འབད་ རྩིས་འདི་བཟུང་སྦེ་ ཏེ་འགྲོ་བའི་རྣམ་རྟོག་དག་ནི་གི་དོན་ལས་ ཏེ་རྩིས་འདི་འ་ནཱ་ལས་ཡར་བྱུང་བའི་ རྒྱ་ནག་ལས་ཡར་བྱུང་བའི་ རྒྱ་ནག་ལས་ཧོར་ལུ་དར་ ད་ལྟོ་ང་བཅས་ར་ཚུ་ ཧོར་ལུགས་ཧོར་ལུགས་ཟེར་བརྩི་དགོ་མི་དེ་ཡང་ འ་ནཱ་ལས་ཡར་ ཏེ་རྩིས་ཀྱི་ལུགས་སྲོལ་སྦེ་བྱུང་བྱུངམ་ཅིག་ཨིན་མས་ཟེར་ཞུ་ནི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ རྩིས་འདི་མ་བརྩི་བ་ཅིན་ ད་ང་གི་ ཧེ་མ་ཕམ་ཚུ་གིས་ ཏེ་ང་ལུ་ རྣམ་ཅོ་ཁར་བརྒྱུད་བརྒྱུདཔ་བཟུམ་ཅིག་འབད་བ་ཅིན་ ཏེ་ད་ཧེ་མ་ བོད་ལུ་ རྒྱ་ནག་ལུ་ཨིན་མས་ ཏེ་རྩིས་འདི་ ཏེ་འཕགས་པ་འཇམ་དཔལ་དབྱངས་ སྐུ་དངོས་བྱོན་སྦེ་ ཏེ་སངས་རྒྱས་འབྱོན་པའི་སྐབས་ལུ་ སངས་རྒྱས་ཀྱི་ཆོས་འདི་ མི་སེར་གྱིས་ ཏེ་གནམ་མེད་ས་མེད་ ཏེ་རྣམ་ཅོ་ཉན་མ་བཏུབ་པར་ ཏེ་འཕགས་པ་འཇམ་དཔལ་དབྱངས་འབྱོན་པའི་སྐབས་ལུ་ འཕགས་པ་འཇམ་དཔལ་དབྱངས་ཀྱིས་ རྩིས་གསུངམ་ད་རྐྱངམ་ཅིག་ རྣམ་ཅོ་ཉན་ཉནམ་ཨིན་ཟེར་བའི་ལོ་རྒྱུས་ཅིག་ ཏེ་འདི་བཟུམ་ཅིག་རྣམ་ཅོ་གོ་ཡི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འཕགས་པ་འཇམ་དཔལ་དབྱངས་ཀྱིས་ཏེ་ དབའི་ ཏེ་སངས་རྒྱས་ཀྱི་ཆོས་གནམ་མེད་ས་མེད་རྟིང་ཟབ་དྲག་ བྱིན་རླབས་ཅན་ཚུ་ལས་འདི་ ཏེ་རྩིས་འདི་འགོ་བཙུགས་པ་ཅིན་འདི་ ཏེ་སངས་རྒྱས་ཀྱི་ཆོས་འདི་ མེདཔ་འགྱོ་ནི་ཨིན་མས་ ཏེ་སངས་རྒྱས་ཀྱི་ཆོས་འདི་ བཀག་འགྱོ་ནི་ཨིན་མས། དེ་བ་འདི་རྩིས་འདི་ བསྡམ་བཞག་པ་ཅིན་བཏུབ་ནི་འདྲས་ཟེར་ འཕགས་པ་འཇམ་དཔལ་དབྱངས་ཀྱིས་ ཏེ་རྩིས་འདི་བཅུད་བསྡུ་སྦེ་ ཟངས་ཆེན་ཁ་སྦྱོར་ནང་ན་བསྡམས་སྦེ་ ཏེ་ལོག་གཏེར་ལུ་སྦ་བཞགཔ་ད་ལུ་ ཏེ་རྒྱ་ནག་གི་མི་ཚུ་ ཏེ་གནམ་མེད་ས་མེད་རྣམ་རྟོག་ལངས་སྦེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་རྣམ་རྟོག་ལེ་ཤཱ་ཐོན་སྦེ་ ཏེ་ཤི་ཆ་ན་ཆ་བྱུང་སྟེ་ དེ་འབདཝ་ལས་ ཏེ་སྤྱན་རས་གཟིགས་ཀྱིས་ ཏེ་འཕགས་པ་སྤྱན་རས་གཟིགས་ཀྱིས་ ཏེ་འཇམ་དཔལ་དབྱངས་ལུ་ལོག་སྟེ་ རྩིས་འདི་ལོག་བཏོན་དགོ་ ཏེ་འཕགས་པ་སྤྱན་རས་གཟིགས་ཀྱིས་ ཏེ་འཁོར་བ་ངན་སོང་འདི་ ང་གིས་ཚར་གསུམ་དེ་ཅིག་ ཏེ་ངན་སོང་དོང་དཀྲུགས་སྦེ་བསྐོར་ར་བསྐོར་སྦེ་བལྟ་བའི་བསྒང་ལུ་ ཏེ་འཁོར་བའི་སྡུག་བསྔལ་དག་མ་ཚུགས་ ཏེ་འབྱུང་བ་རྩིས་ཀྱིས་རྐྱངམ་གཅིག་ ཏེ་རྣམ་རྟོག་དག་བཏུབ་པའི་མི་ཅིག་ཨིན་མས་ འ་ནཱི་རྒྱ་ནག་གི་གཡུས་ལུ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འ་ནཱི་རྩིས་འདི་ ལོག་སྟེ་བཏོན་གནང་དགོ་ཟེར་ ཏེ་ལོག་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱིས་ འཇམ་དཔལ་དབྱངས་ལུ་གསོལ་བ་བཏབ་སྦེ་ ཏེ་འ་ནཱ་ལས་ཡར་ ལོག་སྟེ་རྩིས་འདི་བཟུམ་ཅིག་བྱུང་བྱུངམ་ཨིན་ཟེར་བའི་ ཏེ་འ་ནཱི་གུ་རུ་རིན་པོ་ཆེའི་གསེར་ཕྲེང་རྣམ་ཐར་ནང་ཡང་ འདི་བཟུམ་ཅིག་ མཇལ་དོ་བཟུམ་ཅིག་འབད་ཡི། ཏེ་དེ་ལས་ འ་ནཱ་ལས་མར་ རྩིས་འདི་བྱུང་སྟེ་ ད་ལྟོ་ང་བཅས་ར་མི་ ཏེ་རྩིས་དེ་ཡང་ བོད་གངས་ཅན་ལྗོངས་ལས་སྦེ་དར་ཏེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ལྟོ་ ང་བཅས་ར་ནཱ་ འབྲུག་ལུ་ཡང་རྩིས་རྒྱུན་འདི་ མ་ཉམས་པར་ ཏེ་ད་ལྟོ་ ང་ར་ཨིན་རུང་ རྩིས་ཀྱི་ལམ་ལུགས་སྲོལ་ཅིག་སྦེ་ ཏེ་རྩིས་པའི་ལས་འགན་ཙམ་ཅིག་སྦེ་ ང་གིས་ད་རེས་ ལོ་སུམ་ཅུ་སོ་དྲུག་དེམ་ཅིག་ ཏེ་རྩིས་པའི་ལས་འགན་འབད་དེ་ ད་ལྟོ་མི་ཤི་བ་ཅིན་ ད་གཟའ་སྐར་ཚེས་གྲངས་ ག་དེམ་ཅིག་ལུ་ འཐོན་བཏུབ་པས་ག་ ཏེ་ག་དེམ་ཅིག་ སྲོག་ག་དེ་སྦེ་རྒུད་དེ་ཤི་ཤིཝ་ཨིན་ན་ ལུས་ག་དེ་སྦེ་རྒུད་དེ་ཤི་ཤིཝ་ཨིན་ན་ དབང་ཐང་ག་དེ་སྦེ་རྒུད་ཅི་ག་ འདི་བཟུམ་སྦེ་རྒུད་དེ་ཤི་ཤིཝ་ཨིནམ་པ་ཅིན་ ཏེ་རིམ་གྲོ་ག་དེ་སྦེ་འཐོནམ་ཨིན་ན།
  • བློ་བཟང་རྡོ་རྗེ་ Lobzang Dorji
    གསོན་དོན་གི་རིམ་གྲོ་ག་དེ་སྦེ་ཨིན་ན་ གཤིན་དོན་གི་དགེ་རྩ་ག་དེ་སྦེ་ ག་ཅི་འབདཝ་ད་དྲག་ག་ ཏེ་འཁོར་བ་འཛམ་བུ་གླིང་ནང་ལུ་ ཏེ་མ་སྐྱེ་ནི་གི་དོན་ལས་ གཤིན་པོ་ལུ་ ཏེ་དགེ་བ་ག་ཅི་འབདན་ན་ གཤིན་པོའི་དོན་ལས་ ཏེ་ཁོ་ལུ་ སྐྱེ་བ་དང་བསྟུན་པའི་སྐུ་ག་ཅི་བཞེངས་ནི་ཨིན་ན་ག་ར་ ཏེ་རྩིས་ནང་ལས་ཐོན་སྦེ་ ཏེ་འདི་བཟུམ་སྦེ་རྩིས་པ་གི་འབད་ ཏེ་སྦྱིན་བདག་ལུ་སླབ་སྦེ་ མི་སེར་ལུ་སླབ་སྦེ་ ཏེ་འདི་བཟུམ་སྦེ་ གཤིན་པོའི་དགེ་བ་འདི་བཟུམ་ཅིག་བསྒྲུབས་ཏེ་མཐོ་རི་འགྱོ་ནི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    གསོནཔོ་ཚུ་གི་རིམ་འགྲོ་འདི་བཟུམ་ཅིག་བསྒྲུབས་སྦེ་ ཏེ་གསོནཔོ་ཚུ་ལུ་ འགལ་རྐྱེན་བར་ཆད་ཞི་ནི་གི་བཟློག་ཐབས་ འདི་བཟུམ་སྦེ་འཕགས་པ་འཇམ་དཔལ་དབྱངས་ཀྱི་གསུངས་ཞིནམ་ལས་ ཏེ་ད་ལྟོ་ཚུན་ཚོད་ རྩིས་ཀྱི་སྐོར་ལས་ ཏེ་རྣམ་རྟོག་དག་སྟེ་ འཕགས་པ་འཇམ་དཔལ་དབྱངས་ཀྱི་གོ་འཕང་ལུ་ སྐྱེ་ནི་གི་ལུང་བསྟན་འདི་ འཕགས་པ་འཇམ་དཔལ་དབྱངས་ཀྱིས་གསུངས་གསུངསམ་ཅིག་ ཏེ་ཨིན་མས་ཟེར་ཞུ་ནི་ལགས།། །།