Skip to main content Skip to search
20 Jun 2018
10 min 53 sec
Rinchen Dorji
Video Overview
Creators: 
Sonam Tobgye

Dechen Peldrön, Jangchup Peldrön and Sonam Dema from Lubi village sing "Lugar Zheygi Gomo," an old boedra song. This song usually is the first sung in local celebrations and annual rituals, and provides an explanation of the reasons for singing songs. It says that everyone must sing songs, “all day long, and all night long.” This is a very local song, and is not popular in other regions. 

ལྷུན་རྩེ་རྫོང་ཁག་ཁོ་མ་རྒེད་འོག་ ལུ་བུ་གཡུས་ཚན་ནང་ལས་ཨིན་མི་བདེ་ཆེན་དཔལ་སྒྲོན་དང་བྱང་ཆུབ་དཔལ་སྒྲོན་དེ་ལས་བསོད་ནམས་སྒྲོན་མ་ཚུ་གི་གླུ་གར་གཞས་ཀྱི་སྒོ་མོ་ཟེར་བའི་གཡུས་འདི་གི་འབོད་སྒྲ་སྙིང་ཤོས་འདི་འཐེད་དོ་ཡོདཔ་ཨིན། ཞབས་ཁྲ་འདི་དུས་སྟོན་དང་ལོ་མཆོད་ཚུ་ནང་འཐེན་སྲོལ་འདུག། དམིགས་སྲོལ་གླུ་གར་གཞས་ཀྱི་སྒོ་མོ་ཟེར་བའི་ཞབས་ཁྲ་འདི་ ཞབས་ཁྲ་ག་ར་གི་ཧེ་མ་འཐེན་སྲོལ་ཡོདཔ་ཨིནམ་ད་ དེ་འབད་འཐེན་དགོ་མི་འདི་ཡང་རྒྱུ་མཚན་དང་ཁག་ཆེ་བའི་བརྗོད་བྱ་ཚུ་བཤད་པ་རྐྱབ་སྟེ་ཡོད་ནི་འདི་གི་ཨིན་མས། ཞབས་ཁྲ་འདི་གི་ག་ཅི་བརྡ་སྤྲོད་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ཞབས་ཁྲ་འདི་འཐེན་ནི་འགོ་བཙུགས་ཞིནམ་ལས་ ཉིནམ་གཅིག་དང་ཞག་གཅིན་འཕྲོ་མཐུད་དེ་འཐེན་དགོཔ་འབད་སླབ་ཨིན་མས། ཞབས་ཁྲ་འདི་ལུང་ཕྱོགས་སོ་སོ་ནང་ལས་ཕར་ཡོངས་གྲགས་ཅན་གཅིག་མེན་རུང༌ སྔར་ག་ཨིནམ་འབད་ལེགས་ཤོམ་རྒྱུན་སྐྱོང་འབད་དེ་གཡུས་འདི་གི་ཕམ་རྒན་ཤོས་ཚུ་གིས་འཐེན་ཏེ་འདུག།

Transcript search
No results found for this search
0 of 0
  • Dechen Peldon, Jangchub Peldon, Sonam Dema: གླུ་གར་ལ་གཞས་སྒོ་མ་ཕྱེ་ལ་ནི་གཞས་སྒོ་ཕྱེ་ལ། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་རྒྱུ་ཡོད། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་རྒྱུ་ཡོད། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་ཟེར་ན་ལ། །ཉི་མ་ཤར་གྱི་ཕྱོགས་ལུ་ལ་ནི་ཕྱེ་རྒྱུ་ཡོད། །ཉི་མ་ཤར་གྱི་ཕྱོགས་ལུ་ལ་ནི་ཕྱེ་རྒྱུ་ཡོད། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: ཤར་ན་རྡོ་རྗེ་སེམས་དཔའ་ལ་ནི་གཞས་དཔོན་མཛད་ལ། །བདག་ལ་གཞོན་གཞོན་ངེད་ཚོ་ལ་ནི་གཞས་གཡོག་བྱས། །བདག་ལ་གཞོན་གཞོན་ངེད་ཚོ་གཞས་གཡོག་བྱས། །ཞབས་བྲོ་ཉིན་གང་རྒྱབ་ན་ལ་ནི་ཉིན་གང་ཡོད་ལ། །ཞབས་བྲོ་མཚན་གང་རྒྱབ་ན་ལ་ནི་མཚན་གང་ཡོད། །ཞབས་བྲོ་མཚན་གང་རྒྱབ་ན་ལ་ནི་མཚན་གང་ཡོད། །ཉིན་མཚན་རྟག་ཏུ་མེད་པ་ལ་ནི་མ་རྒྱབ་ན་ལ། །གླུ་གར་གཞས་དཔོན་ཁལ་ལྔ་ལ་ནི་དོན་གོ་ཆུང་། །གླུ་གར་གཞས་དཔོན་ཁལ་ལྔ་ལ་ནི་དོན་གོ་ཆུང་། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: གླུ་གར་ལ་གཞས་སྒོ་མ་ཕྱེ་ལ་ནི་གཞས་སྒོ་ཕྱེ་ལ། །གླུ་གར་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་རྒྱུ་ཡོད། །གླུ་གར་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་རྒྱུ་ཡོད། །གླུ་གར་ལ་ནི་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་ཟེར་ན། །ཉི་མ་ལྷོ་ཡི་ཕྱོགས་ལ་ལ་ནི་ཕྱེ་རྒྱུ་ཡོད། །ཉི་མ་ལྷོ་ཡི་ཕྱོགས་ལ་ལ་ནི་ཕྱེ་རྒྱུ་ཡོད། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: ལྷོ་ན་རིན་ཆེན་འབྱུང་གནས་ལ་ནི་གཞས་དཔོན་མཛད། །བདག་ལ་གཞོན་གཞོན་ངེད་ཚོ་ལ་ནི་གཞས་གཡོག་བྱས། །བདག་ལ་གཞོན་གཞོན་ངེད་ཚོ་ལ་ནི་གཞས་གཡོག་བྱས། །ཞབས་བྲོ་ཉིན་གང་རྒྱབ་ན་ལ་ནི་ཉིན་གང་ཡོད་ལ། །ཞབས་བྲོ་མཚན་གང་རྒྱབ་ན་ལ་ནི་མཚན་གང་ཡོད། །ཞབས་བྲོ་མཚན་གང་རྒྱབ་ན་ལ་ནི་མཚན་གང་ཡོད། །ཉིན་མཚན་རྟག་ཏུ་མེད་པ་ལ་ནི་མ་རྒྱབ་ན། །གླུ་གར་ལ་གཞས་དཔོན་ཁལ་ལྔ་ལ་ནི་དོན་གོ་ཆུང་། །གླུ་གར་གཞས་དཔོན་ཁལ་ལྔ་ལ་ནི་དོན་གོ་ཆུང་། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: གླུ་གར་ལ་གཞས་སྒོ་མ་ཕྱེ་ལ་ནི་གཞས་སྒོ་ཕྱེ་ལ། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་རྒྱུ་ཡོད། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་རྒྱུ་ཡོད། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་ཟེར་ན་ལ། །ཉི་མ་ནུབ་ཀྱི་ཕྱོགས་ལུ་ལ་ནི་ཕྱེ་རྒྱུ་ཡོད། །ཉི་མ་ནུབ་ཀྱི་ཕྱོགས་ལུ་ལ་ནི་ཕྱེ་རྒྱུ་ཡོད། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: ནུབ་ན་སྣང་བ་མཐའ་ཡས་ལ་ནི་གཞས་དཔོན་མཛད་ལ། །བདག་ལ་གཞོན་གཞོན་ངེད་ཚོ་ལ་ནི་གཞས་གཡོག་བྱས། །བདག་ལ་གཞོན་གཞོན་ངེད་ཚོ་ལ་ནི་གཞས་གཡོག་བྱས། །ཞབས་བྲོ་ཉིན་གང་རྒྱབ་ན་ལ་ནི་ཉིན་གང་ཡོད་ལ། །ཞབས་བྲོ་མཚན་གང་རྒྱབ་ན་ལ་ནི་མཚན་གང་ཡོད། །ཞབས་བྲོ་མཚན་གང་རྒྱབ་ན་ལ་ནི་མཚན་གང་ཡོད། །ཉིན་མཚན་རྟག་ཏུ་མེད་པ་ལ་ནི་མ་རྒྱབ་ན་ལ། །གླུ་གར་ལ་གཞས་དཔོན་ལས་ལྔ་ལ་ནི་དོན་གོ་ཆུང་། །གླུ་གར་ལ་གཞས་དཔོན་ཁལ་ལྔ་ལ་ནི་དོན་གོ་ཆུང་། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: གླུ་གར་ལ་ནི་གཞས་སྒོ་མ་ཕྱེ་ལ་ནི་གཞས་སྒོ་ཕྱེ་ལ། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་རྒྱུ་ཡོད། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་རྒྱུ་ཡོད། །གླུ་གར་ལ་གཞས་ཀྱི་སྒོ་མོ་ལ་ནི་ཕྱེ་ཟེར་ན། །ཉི་མ་བྱང་གྱི་ཕྱོགས་ལ་ལ་ནི་ཕྱེ་རྒྱུ་ཡོད། །ཉི་མ་བྱང་གྱི་ཕྱོགས་ལ་ལ་ནི་ཕྱེ་རྒྱུ་ཡོད། །
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།
  • Dechen Peldon, Jangchub Peldon, Sonam Dema: བྱང་ན་དོན་ཡོད་གྲུབ་པ་ལ་ནི་གཞས་དཔོན་མཛད་ལ། །བདག་ལ་གཞོན་གཞོན་ངེད་ཚོ་ལ་ནི་གཞས་གཡོག་བྱས། །བདག་ལ་གཞོན་གཞོན་ངེད་ཚོ་ལ་ནི་གཞས་གཡོག་བྱས། །ཞབས་བྲོ་ཉིན་གང་རྒྱབ་ན་ལ་ནི་ཉིན་གང་ཡོད། །ཞབས་བྲོ་མཚན་གང་རྒྱབ་ན་ལ་ནི་མཚན་གང་ཡོད། །ཞབས་བྲོ་མཚན་གང་རྒྱབ་ན་ལ་ནི་མཚན་གང་ཡོད། །ཉིན་མཚན་རྟག་ཏུ་མེད་པ་ལ་ནི་མ་རྒྱབ་ན། །གླུ་གར་གཞས་དཔོན་ཁལ་ལྔ་ལ་ནི་དོན་གོ་ཆུང་། །གླུ་གར་གཞས་དཔོན་ཁལ་ལྔ་ལ་ནི་དོན་གོ་ཆུང་། །ལགས་སོ།། །།
    བདེ་ཆེན་དཔལ་སྒྲོན། བྱང་ཆུབ་དཔལ་སྒྲོན། བསོད་ནམས་སྒྲོལ་མ།